དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མེ་སྐྱོན་གྱིས་མི་༢༢འདས་གྲོངས་སུ་ཕྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༦ཉིན། ཉེ་ཆར་ཁམས་རྟའུ་རྫོང་དུ་གློ་བུར་དུ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པའི་སྐོར། རེས་གཟའ་ཉི་མ་ཉིན། ས་གནས་དེ་གའི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། མེ་སྐྱོན་བྱུང་བའི་སྐབས་སུ་དམག་མི་དང་ས་གནས་མང་ཚོགས་ཀྱིས་མྱུར་ཏུ་གསོད་ཐབས་བྱས་ཡོད་ཀྱང་། ལྷགས་རླུང་གིས་མེ་ལྕེ་གང་སར་མཆེད་དེ་མི་༢༢་ཚིག་སོང་པ་དང༌། མི་༤ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་ཅེས་བརྗོད་ཡོད།

རྒྱ་གཞུང་གིས་དེའི་སྐོར་འགྲེལ་བརྗོད་བྱེད་དོན། གློ་བུར་དུ་བྱུང་བའི་མེ་སྐྱོན་ཁྲོད་དུ་མི་༢༢འདས་གྲོངས་སུ་ཕྱིན་པ་དང་དེའི་ནང་ཉེན་སྐྱོབ་དམག་མི་༡༥ཡོད་ཚུལ་དང༌། ཡང་ས་གནས་ལས་བྱེད་པས་ཤིན་ཧྭ་གསར་འགྱུར་ཁང་ལ་འདས་གྲོངས་སུ་ཕྱིན་པའི་མི་༢༢ནང་དུ་ཉེན་སྐྱོབ་དམག་མི་༡༥དང༌། རྩྭ་ཐང་དོ་དམ་ལས་མི་༢། དེ་མིན་གྱི་མི་༥ནི་ས་གནས་ཡུལ་མི་རེད་ཅེས་བརྗོད་ཡོད་པ་ལྟར།

ཤིན་ཧྭ་གསར་ཁང་གིས་རྨས་སྐྱོན་ཕོག་པའི་མི༤ཡོད་པའི་ནང་ནས་མི་༣དེ་མ་ཐག་དར་མདོའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང་། ཉེན་སྐྱོབ་དམག་མི་༡༥་དང་ས་གནས་ཡུལ་མི་༥། ནགས་ལས་ཁང་གི་མི་༢བཅས་འདས་གྲོངས་སུ་ཕྱིན་ཡོད་ལུགས་བརྗོད་འདུག

རྒྱ་གཞུང་གི་ཚོད་རྩིས་ལྟར་ན། ཁམས་རྟའུ་རྫོང་ནི་བོད་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ཡོད་ལ། ཤིང་ནགས་ཀྱིས་ས་ཁུལ་ཡོངས་སུ་གཡོག་ཡོད་པ་དང་།  ས་གནས་དེར་མི་འབོར་ཁྲི་༤ .༥ལྷག་གནས་སྡོད་བྱས་ཡོད་པ་དང་དེའི་ནང་བརྒྱ་ཆ་༨༩བོད་མི་ཡིན་ཚུལ་བཀོད་འདུག

ཡང་རྒྱ་གཞུང་གིས་ཉིན་གུང་ཙམ་ལ་མེ་སྐྱོན་གློ་བུར་དུ་བྱུང་བ་དང་ཕྱི་དྲོའི་དུས་ཚོད་༣ཡས་མས་སུ་མེ་སྐྱོན་འགོག་ཐུབ་ཙམ་བྱུང་ཡོད་ཀྱང༌། ལྷགས་རླུང་གཡུག་པའི་རྐྱེན་གྱིས་མེ་རོ་སླར་ཡང་འབར་ཏེ་རྩྭ་ཐང་མུའུ་༥༠༠ཙམ་ཡོངས་སུ་ཚིག་པ་དང་། དེ་བཞིན་མུའུ་༢༠༠ཙམ་ལ་ད་དུང་མེ་གསོད་ཐུབ་མི་འདུག་ཅེས་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།