choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བྱིས་སློབ་ཁང་གི་སྲིད་བྱུས་གསར་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ཟླ་༡༢ཚེས་༤ཉིན། བོད་རིགས་སློབ་མ་ཚོས་སྐད་ཡིག་བཙན་གནོན་ལ་རྒོལ་གཏམ་སྤེལ་བའི་སྙན་ཞུའི་ནང་དུ། རྒྱ་གཞུང་གིས་ད་ལྟ་མཐའ་འཁོབ་ཀྱི་སྐད་གཉིས་གྲ་སྒྲིག་སློབ་གསོ་ལ་འཆར་གཞི་གསར་པ་ཞིག་བཟོས་ཏེ་སློབ་ལོ་མ་སོན་པའི་སློབ་མ་ཚོར་ལོ་གཉིས་རིང་ལ་སློབ་རིན་སྤྲད་མི་དགོས་པའི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པའི་སྐོར་བཀོད་འདུག

བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་སློབ་གསོ་ཁང་སོ་སོ་ནས་ཕྱི་ལོ་༢༠༡༥ནས་བཟུང་སྐད་གཉིས་སློབ་གསོ་སྤེལ་སའི་ཞིང་འབྲོག་གི་བྱིས་པ་ཚོར་ཆེས་མ་མཐའ་ཡང་ལོ་གཉིས་ལ་སློབ་རིན་སྤྲད་མི་དགོས་པའི་གསར་བསྒྲགས་བྱས་ཡོད་པ་དང༌། དེའི་སྐོར་ཤིན་ཧྭ་གསར་འགྱུར་ཁང་གི་མགྲིན་ཚབ་པས་བཤད་པ་ལྟར་ན། སྲིད་བྱུས་དེ་གཏན་འབེབས་བྱས་པར་བརྟེན་ཉུང་མཐར་བོད་རིགས་བྱིས་པ་༦༠ལྷག་བྱིས་སློབ་ཁང་དུ་འཛུལ་ཞུགས་བྱེད་ཐུབ་པ་དང༌། མིག་སྔར་དང་བསྡུར་ན་བརྒྱ་ཆ་༢༤ .༥འཕར་སྣོན་བྱུང་རྒྱུ་ཡིན་ཚུལ་དང།

དེ་ནི་སྐད་གཉིས་སྨྲ་བའི་བྱིས་པ་ཚོས་སོ་སོའི་དམིགས་ཡུལ་དང་བསྟུན་ཏེ་སློབ་གྲྭའི་སློབ་གསོ་དངོས་ལ་ཞུགས་པར་གྲ་སྒྲིག་དང་ནུས་པ་གོང་མཐོར་གཏོང་བའི་ཆེད་དུ་ཡིན་ཁུལ་བརྗོད་ཡོད་ཀྱང།

རྒྱ་གཞུང་གིས་སློབ་གསོ་བཅོས་བསྒྱུར་གྱི་སྲིད་བྱུས་གསར་པ་ཁྱབ་བསྒྲགས་བྱས་པ་ནས་བཟུང་ཏེ་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་དུ་བཟོ་བའི་ལྐོག་ཇུས་དེར། བོད་མདོ་སྨད་ཕྱོགས་ཀྱི་ས་ཁུལ་གང་སར་ཞི་བའི་ངོ་རྒོལ་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། བོད་རིགས་སློབ་མ་ཚོས་བོད་ཞིང་འབྲོག་མི་མང་གིས་རྒྱའི་སྐད་ཡིག་སྦྱོང་བར་རེ་འདུན་བཅངས་ཡོད་པའི་བདེན་དཔང་སུ་ཡིས་བྱེད་ཀྱི་ཡིན་ཞེས་སྲིད་བྱུས་གསར་པ་འདི་ལ་འདོད་མོས་གཏན་ནས་མེད་པ་ར་སྤྲོད་བྱས་ཡོད་པ་རེད།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་སྲིད་བྱུས་དེས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རྒྱང་ཕུད་དུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་གསལ་པོར་མཚོན་ཡོད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།