choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༣ཉིན། ཟླ་འདིའི་ཚེས་༣ཉིན་གྱི་ཞོགས་པ་ཧོང་ཀོང་དུ། ཞི་རྒོལ་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་དང་འཕྲད་དར་ཕྱར་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་ལམ་སང་ཕྱི་འཐེན་བྱེད་དགོས་པའི་ངོ་རྒོལ་བྱས་འདུག

ཞི་རྒོལ་བ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་ཕྱར་ནས། ༼ཀྲུང་གོ་རྒྱལ་སྤྱིའི་གསེར་ལས་ཐོན་ཁུངས་༽ཟེར་བ་དེ་བོད་ནས་ལམ་སང་ཕྱི་འཐེན་བྱེད་དགོས་སྐོར། ཧོང་ཀོང་གི་དབུས་ས་འོག་མེ་འཁོར་འབབ་ཚུགས་ནས་ཚོང་རྭའི་ཐང་ཆེན་བར་ངོ་རྒོལ་གོམ་བགྲོད་བྱས་ཡོད་འདུག

བདུན་ཕྲག་འདིའི་ནང་ཀྲུང་གོ་རྒྱལ་སྤྱིའི་གསེར་ལས་ཐོན་ཁུངས་ཟེར་བ་དེས་ཧོང་ཀོང་ནང་བཟོ་ཚོང་ཁང་ཞིག་དང་ཐོན་རྫས་ཚོང་འབྲེལ་གྱིས། ཧོང་ཀོང་གི་བཟོ་ཚོང་ཁང་དེས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་བྱས་པའི་ཐོན་རྫས་ཀྱི་མ་རྩ་ཨ་སྒོར་ས་ཡ་༣༠༩ཙམ་ཟིན་ཡོད་འདུག གཞན་ཡང་དེ་རིང་བཟོ་ཚོང་ཁང་དེ་བརྟེན་གཞི་བྱེད་སའི་ཁེ་ན་ཌའི་རྒྱལ་ས་ཊོ་རོན་ཊོ་དུའང་དེ་མཚུངས་སུ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

འདི་ལོ་ཕྱི་ཟླ་༧པའི་ནང་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཁུལ་དུ། ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ཆེན་པོ་ཞིག་འགོ་འཛུགས་བྱས་ཡོད་པ་རེད། སྐབས་དེར་ས་གནས་ཡུལ་མི་ཚོས་འཐུང་ཆུ་སོགས་ལ་དཀའ་ངལ་འཕྲད་བཞིན་པར་བརྟེན། གཏེར་ཁ་སྔོག་འཛིན་མཚམས་འཇོག་བྱེད་དགོས་སྐོར་རྒྱ་གཞུང་ལ་སྙན་ཞུ་ཕུལ་ཡང་། རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱས་པའི་རྐྱེན་གྱིས། གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་མི་ལས་བཟོ་བ་དང༌། ས་གནས་ཡུལ་མི་དབར་འཁྲུག་འཛིན་ཆེན་པོ་ཤོར་ནས། བོད་མི་༣ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་པ་རེད།

དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཧོང་ཀོང་དང་ཊོ་རོན་ཊོའི་ནང་ཡོད་པའི་བཟོ་ལས་ཁང་དེ་དག་ལ་བོད་པའི་དཀའ་ངལ་དང༌། ཁོར་ཡུག་གཏོང་སྐྱོན་ཐེབས་བཞིན་པའི་རྐྱེན་གྱིས་ཚོང་སྦྲེལ་མི་བྱེད་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།

བོད་མི་རྣམས་ཀྱིས་ལྕགས་དང་གསེར་གྱི་གཏེར་ཁ་སྔོག་འདོན་བཀག་འགོག་བྱས་པར་བརྟེན། རྒྱ་ནག་གཞུང་གིས་བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་ནང༌། ཞིང་པ་བསོད་ནམ་རིན་ཆེན་ལགས་དང༌། ཐུབ་བསྟན་ཡེ་ཤེས་ལགས་རྣམ་གཉིས་ཉེས་རྡུང་ཚབ་ཆེན་བཏང་ཡོད་པས་མ་ཚད། ཁོང་གཉིས་པོར་ལོ་༡༥བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད། རྗེས་སུ་བསོད་ནམ་རིན་ཆེན་ལགས་རྒྱ་ནག་གཞུང་གིས་ཉེས་རྡུང་ཚབ་ཆེན་བཏང་བས་རྐྱེན་གྱིས་གཟའ་གྲིབ་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།