choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འཛིན་སྒར་དགོན་གྱི་གྲྭ་པ་གཉིས་ལ་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༢༢ཉིན། འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོ་ཕྱི་ཟླ་༡༠པའི་ཚེས་༢༥ཉིན་ཆབ་མདོ་ས་ཁུལ་སྡེ་དགེ་འཇོ་མདའ་རྫོང་འཛི་སྒར་དགོན་པའི་གྲྭ་ཀརྨ་དཔལ་བཟང་རང་ལོ་༢༦ ཅན་དང་མི་ཕམ་དགེ་ལེགས་རང་ལོ་༢༢ ཅན་གཉིས་ལ་མི་ལོ་༩དང་ཕྱེད་ཀ་རེར་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་རིམ་པར་བྱས་པ་གཅིག་མཚུངས་དང༌། དམིགས་བསལ་ ༢༠༠༩ ལོར་འཇོ་མདའ་རྫོང་ཁོངས་ནས་བོད་མི་རྣམས་ཀྱིས་ས་ཞིང་མ་བཏབ་ཅིང་སྒོ་བཤས་སྤང་བ་སོགས་དང༌། དམིགས་བསལ་འཛི་སྒར་དགོན་གཙོས་པའི་དགོན་སྡེ་ཁག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལ་དང་ལེན་མ་གནང་བ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་སྐབས་རྒྱ་གཞུང་གིས་རླངས་འཁོར་ཆེ་ཆུང་འདྲ་མིན་མང་པོ་སྤྲད་ཀྱང་བོད་མི་རྣམས་ཀྱིས་བླངས་མེད་པ་རེད།

ཡང་འདི་ལོའི་གསུམ་བཅུའི་དུས་དྲན་དགོང་མོ་འཇོ་མདའ་རྫོང་འཛི་སྒར་ཤང་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྒྱ་གཞུང་གིས་སྤྲད་འཆར་ཡོད་པའི་རླངས་འཁོར་མེ་སྲེག་གི་གནས་ཚུལ་ཐོན་ཡོད་འདུག་པ་དང༌། དེ་རྗེས་རྒྱ་ཡིས་ཉེན་རྟོག་པས་འཛི་སྒར་དགོན་པའི་གྲྭ་པ་ཁག་ཅིག་འཛིན་བཟུང་བྱས་རྗེས་ཁོང་གཉིས་ཉེས་ཅན་གྱི་གཏེ་བོ་ཡིན་པར་ངོས་འཛིན་གྱིས་དུས་ཚོད་རིང་པོར་བཀག་ཉར་གྱིས་འདྲི་བརྩད་བྱས་པ་མ་ཟད། འཛི་སྒར་དགོན་པར་ཁྲིད་ཡོང་ནས་གྲྭ་མང་ལ་ཁོང་ཚོ་གཉིས་ལྟ་བུ་བྱ་རྒྱུ་མེད་ཚུལ་སོགས་བཤད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་གནང་མཁན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༤༢༠༡༠༡༠༤༡
དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། འཛི་སྒར་དགོན་གྱི་གནས་ཚུལ་དྲ་བརྒྱའི་ཐོག་བཀོད་གནང་བ་ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།