choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཀྱི་གཞོན་སྐྱེས་རྩོམ་པ་པོར་ངོས་འཛིན་ལེགས་པར་ཐོབ་སོང་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༢༢ཉིན། ཟླ་འདིའི་ཚེས་༢༠ཉིན་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་གྲངས་ཉུང་མི་རིགས་ཀྱི་མི་རིགས་བྱེ་བྲག་པའི་ཆེད་དོན་བགྲོ་གླེང་སྐབས། ཚོགས་བཅར་བ་རྣམས་ཀྱིས་བོད་པའི་ན་གཞོན་རྩོམ་པ་པོ་ཚོར་བསྔགས་བརྗོད་དང་ངོས་འཛིན་ལེགས་པར་ཐོབ་སོང་ཟེར།

དེ་ཡང་ཟླ་འདིའི་ཚེས་༢༠ཉིན་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་གྲངས་ཉུང་མི་རིགས་ཀྱི་མི་རིགས་བྱེ་བྲག་པའི་ཆེད་དོན་གཞོན་ནུའི་རྩོམ་རིགས་བགྲོ་གླེང་སྐབས་དང་པོ་ཟེར་བ་དེ་སྐོང་ཚོགས་བྱས་ཡོད་པ་དང༌། སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་བོད་པའི་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་བསྔགས་བརྗོད་དང་ངོས་འཛིན་ལེགས་པར་ཐོབ་སོང་ཟེར།

ཆེད་དོན་བགྲོ་གླེང་དེའི་ཐོག་གྲངས་ཉུང་མི་རིགས་བོད་དང༌། སོག་པོ། ཡུ་གུ་བཅས་ཀྱི་རྩོམ་པ་པོ་ཁག་ཅིག་འབོད་འགུག་བྱས་ཡོད་འདུག་ལ། ཆེད་དོན་བགྲོ་གླེང་དེ་གོ་སྒྲིག་བྱེད་མཁན་ནི་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་རེད་ཅེས་ཟླ་འདིའི་ཚེས་༢༡ཉིན་ཀྲུང་གོའི་བོད་ཀྱི་དྲ་བ་ཟེར་བའི་ནང་གནས་ཚུལ་བཀོད་འདུག

ཆེད་དོན་བགྲོ་གླེང་དེའི་ཐོག བོད་དང༌། སོག་པོ། ཡུ་གུ་བཅས་ཀྱི་གཞོན་སྐྱེས་རྩོམ་པ་པོ་ཚོ་ལྷན་འཛོམས་ཀྱིས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང༌། བགྲོ་གླེང་ལེགས་པར་བྱུང་ཡོད་ཟེར། འོན་ཀྱང་རྒྱ་ནག་དང་དམིགས་བསལ་བོད་ཁུལ་དུ་རྩོམ་འབྲི་དང༌། སྨྲ་བརྗོད་རང་དབང་ལ་ཚད་བཀག་ཡོད་ཅིང༌། འདི་ལོ་བོད་པའི་ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ཐེ་བའི་བོད་མི་གསུམ་རྩོམ་འཇུག་བྱས་ཡོད་པས་མ་ཚད། མདོ་ན་ཕྱི་ལོ་༢༠༠༨ནས་བཟུང་སྟེ། ཉུང་མཐར་ཡང་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པ་བཅས་ཁྱོན་མི་གྲངས་༥༠ལྷག་ཙམ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ་སྨྱུག་མིང་ཐེའུ་རང་ལགས། ཁོང་ནི་ཤར་དུང་དུས་དེབ་ཀྱི་རྩོམ་སྒྲིག་པ་དང༌། ཁོང་གིས་ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ཞི་རྒོལ་སྐོར་༼ཁྲག་ཡིག་༽ཅེས་པའི་དེབ་ཅིག་བཏོན་པའི་རྐྱེན་གྱིས། ཕྱི་ལོ་༢༠༠༩ལོའི་ཟླ་༧པའི་ཚེས་༢༦ཉིན་རྒྱ་ནག་གི་ཉེན་རྟོག་མི་སྣ་༡༦ཙམ་ཡོང་ནས་ཁོང་ཉིད་འཛིན་བཟུང་བྱས་པས་མ་ཚད། ཁོང་གི་དཔེ་དེབ་དང་གློག་ཀླད་ཀྱང་བཙན་འཕྲོག་བྱས།

དེ་ལྟར་བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ། གསར་འགོད་པ། ཟིན་བྲིས་པ་བཅས་ཀྱིས་བོད་ནང་གི་གནས་སྟངས་དང༌། ལྷག་པར་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་དང༌། བསད་རྨས་བཏང་བའི་བོད་མི་དེ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས་རྩོམ་ཡིག་ཙམ་ཞིག་སྤེལ་བར་ད་ལྟ་བར་དུ། ཁྱོན་མི་གྲངས་༥༠ལྷག་ཙམ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་རེད། ཡོངས་གྲགས་སུ་ཕྱི་ལོ་༢༠༠༨ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཁྱོན་བོད་མི་༢༢༤ཙམ་དམར་བསད་བཏང་ཡོད་པ་དང༌། ༡༢༩༤ཙམ་རྨས་སྐྱོན་བཏང་བ། མི་གྲངས་༢༩༠ཙམ་ལ་ཁྲིམས་ཐག་བཅད་པ། མི་གྲངས་༥༦༠༠ཙམ་འཛིན་བཟུང་བཙོན་འཇུག་བྱས་པ། མི་གྲངས་༡༠༠ཙམ་ག་སོང་ཆ་མེད་དུ་གྱུར་ཡོད་པ་རེད། མ་ཚད་བོད་ཡིག་གི་དྲ་རྒྱ་དང་ཟིན་བྲིས་ཁག་མང་པོ་ཞིག་ཀྱང་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་སྒོ་བརྒྱབ་ཡོད་པ་རེད།

ཕྱི་ལོ་༢༠༠༩ལོར་རྒྱ་ནག་གཞུང་གི་བསྒྲགས་གཏམ་གསར་པ་ཞིག་སྟེ། སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་གཞི་མེད་པའི་སྤྱི་ཚོགས་འཆམ་མཐུན་སྐོར་སྐད་ཆ་བཤད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ད་ལྟ་བར་དུ་བོད་ནང་དུ་སྤྱི་ཚོགས་འཆམ་མཐུན་གང་ཞིག་སྐྲུན་ཡོད་དམ། ཧུའུ་ཅིང་ཐའོ་ཡིས་སྤྱི་ཚོགས་འཆམ་མཐུན་གྱི་ཐབས་ལམ་ནི། དམག་དང་དྲག་པོའི་ལམ་ནས་བཙན་ཤེད་ཀྱིས་སྤྱི་ཚོགས་འཆམ་མཐན་སྐྲུན་རྒྱུ་དེ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།