choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་ཉེས་མེད་ཉེས་འགེལ་གྱི་ཁྲིམས་ཆད་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༢༢ཉིན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༥པའི་ནང་དུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། སྐྱེས་ཡུལ་ཁམས་སྡེ་དགེ་དཔལ་ཡུལ་རྫོང་ནས་ཡིན་པའི་བོད་རིགས་ན་གཞོན་བསོད་ནམས་ཚེ་རིང་ལགས་དང་ཁོང་དང་འབྲེལ་བ་ཡོད་པའི་བོད་མི་བདུན་བཅས་འཛིན་བཟུང་ཁྲིམས་ཆད་བཏང་ཡོད་འདུག

༢༠༠༨ལོར་ཞི་རྒོལ་བྱུང་བའི་རྗེས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ནས་བསོད་ནམས་ཚེ་རིང་ལགས་འཛིན་བཟུང་བརྡ་ཁྱབ་ཤུགས་ཆེར་སྤེལ་ཏེ་རྩིས་སྤྲོད་བྱེད་མཁན་ཡོད་ན་དངུལ་གྱི་བྱ་དགའ་ཆེན་པོ་སྤྲོད་རྒྱུའི་ཁྱབ་བསྒྲགས་སྤེལ་ཡོད་པ་དང། སྟབས་མ་ལེགས་པ་ཞིག་ལ། ཕྱི་ལོ་ ༢༠༠༩ ཟླ་ ༡༠ པའི་ནང་དུ་ཁོང་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་ལྷ་སའི་ཞི་རྒོལ་གྱི་གཏེ་བོ་ཡིན་པའི་ཉེས་མིང་བཀལ་ཏེ་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

དེ་མིན་ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་ཚེ་དབང་འགྱུར་མེད་ལ་དུས་བཀག་བཙོན་འཇུག་ལོ་ ༥ ། ཁོའི་ཕ་ཡུལ་གཅིག་པ་བཀྲིས་ཆོས་སྒྲོན་ལ་དུས་བཀག་བཙོན་འཇུག་ལོ་ ༧། སྨར་ཁམས་ནས་ཡིན་པའི་སྒྲོལ་དབྱངས་ལ་དུས་བཀག་བཙོན་འཇུག་ལོ་ ༤། ཀོང་པོ་ནས་ཡིན་པའི་སྐལ་དབྱངས་ལ་དུས་བཀག་བཙོན་འཇུག་ལོ་ ༧། ལྷ་ས་ནས་ཡིན་པའི་ཨ་ནེ་ཡེ་ཤེས་མཚོ་མོ་དང་བཀྲ་དབྱངས་གཉིས་ལ་དུས་བཀག་བཙོན་འཇུག་ལོ་ ༥དང།

ཡང་ལྷ་ས་ནས་ཡིན་པའི་པ་སངས་ཚེ་རིང་ལ་དུས་བཀག་བཙོན་འཇུག་ལོ་ ༡ བཅས་མི་བདུན་ལ་རྒྱལ་ཁབ་ཀྱི་ཉེས་ཅན་མི་སྣ་འགེབས་སྲུང་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་བཏང་བ་ཡོད་འདུག ཕྱི་ལོ་༢༠༠༨ཟླ་༣པའི་ཚེས་༡༠ནས་བཟུང་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གི་སྒེར་གཅོད་ལམ་ལུགས་ལ་ངོ་རྒོལ་དང། བོད་མིའི་རེ་འདོད་དེ་༧གོང་ས་མཆོག་མྱུར་ཏུ་བོད་ལ་ཕེབས་རྒྱུ་དང། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའི་བདག་དབང་སོགས་དགོས་པའི་ཞི་རྒོལ་ལས་འགུལ་སྤེལ་བར།

རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་བྱས་ཏེ་བོད་མྀ་༢༢༧ལྷག་འདས་གྲོངས་སུ་ཕྱིན་པ་དང་༦༨༡༠ལྷག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད།  བོད་མི་༥༡༠ལྷག་ལ་ཁྲིམས་ཆད་བཏང་ཡོད་པའི་སྐོར། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་བཅས་ཀྱིས་པར་བསྐྲུན་བྱས་པའི་༢༠༠༨ལོའི་ཞི་རྒོལ་ལས་འགུལ་གྱི་ཕྱོགས་བསྡོམས་སྙན་ཐོའི་ནང་དུ། བོད་མི་མང་པོ་འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་ནི་རྒྱ་གཞུང་གི་དྲག་པོའི་དམག་དཔུང་གིས་མི་ཚོགས་ཀྱི་དཀྱིལ་དུ་དྲག་ཆས་གང་འདོད་ཀྱིས་བཀོལ་ཏེ་ཉེས་བ་ཅི་ཡང་མེད་པའི་མི་མང་དམར་གསོད་བྱས་པ་མ་ཟད། འཛིན་བཟུང་བཀག་ཉར་བྱས་ཏེ་དམྱལ་བ་མི་ཡུལ་སླེབས་པ་ལྟ་བུའི་མནར་གཅོད་དང་རྡུང་རྡེག་ཡ་ང་བ་བྱས་པའི་རྐྱེན་གྱིས། རང་སྲོག་རང་གིས་བཅད་པའི་གནས་ཚུལ་ཡང་གང་མང་བྱུང་ཡོད་པ་རེད་ཅེས་བཀོད་འདུག

ཡང་ཞི་རྒོལ་དོན་རྐྱེན་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་ཡོངས་ཁྱབ་ཀྱིས་ཁྱོན་བོད་མི་༧ལ་སྲོག་ཁྲིམས་བཅད་ཡོད་པ་དང། དེའི་ནང་ནས་རང་ལོ་༢༥ཡིན་པའི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་༢༠༠༩ལོའི་ཟླ་༡༠པའི་ཚེས་༢༠ཉིན་སྲོག་ཐོག་བཏང་ཡོད་པ་དང། གཞན་ལྔ་ནི་བསྟན་འཛིན་ཕུན་ཚོགས་ལོ་༢༧དང་གངས་ཚོགས་རང་ལོ་༢༢། ཕུན་སྐྱིད་ལོ་༢༡། པདྨ་ཡེ་ཤེས་རང་ལོ་༢༧། ལོ་༢༣ཡིན་པའི་བསོད་ནམས་ཚེ་རིང་བཅས་ལ་གནས་སྐབས་སྲོག་ཁྲིམས་གཅོད་རྒྱུ་ཕྱིར་འགྱངས་བྱས་པ་དང་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་རྒྱུ་བཅས་ཡིན་འདུག་ལ། ཁོང་ཚོར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་དྲང་བདེན་གྱིས་ཁྲིམས་ཆད་ལག་བསྟར་བྱས་མེད་པའི་གནས་ཚུལ་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།