choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བསྙད་བཏགས་དང་མནར་གཅོད་འོག་གི་དབང་པོ་སྐྱོན་ཅན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

16january20091ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༥ཉིན་སྤེལ། ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝུའི་ཆོན་གྱིས་ཕྱི་ཟླ་༡ཚེས་༨ཉིན་ལྷ་ལྡན་དབུས་ཀྱི་གདན་ས་ཆེན་པོ་བཞིའི་ཡ་གྱལ་འབྲས་སྤུངས་དགོན་དུ་རྒྱ་ནག་གཞུང་གི་ཆེད་འཛུགས་བྱས་པའི་ལས་དོན་ཚོགས་ཆུང་དང་དགོན་པའི་མང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་ཐུག་འཕྲད་ཀྱིས་འབྲས་སྤུངས་དགོན་པའི་ཆོས་ལུགས་ཀྱི་སྒྲིག་སྲོལ་དང་བྱེད་སྒོ་ཁག་རྒྱུན་གཏན་ལྟར་སླར་གསོ་བྱུང་བ་ནི་ལས་དོན་ཚོགས་ཆུང་དང་མང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ཐུན་མོང་འབད་རྩོལ་གྱིས་འབྲས་བུ་ཉག་ཅིག་ཡིན་ལུགས་དང༌། ད་དུང་ཡང་འབྲས་སྤུངས་དགོན་པའི་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུའི་རྣམ་འགྱུར་ཡང་གསལ་བཏོན་བྱས་འདུག

ཡིན་ནའང་དེ་ལས་ལྡོག་སྟེ་འབྲས་སྤུངས་དགོན་དུ་ཕྱི་ཟླ་༣ཚེས་༡༠ནས་བཟུང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་རྒྱུན་གཏན་ལྟར་བྱུང་མེད་པ་མ་ཟད། དབུས་གཙང་ཆོས་ཀྱི་ལྟེ་གནས་འབྲས་སྤུངས་དགོན་པ་ཡང་རྒྱུན་རིང་སྒོ་བརྒྱབ་སྟེ་མིང་བཏགས་ཡུལ་མི་འདྲ་ཙམ་མ་གཏོགས་སླར་ཡང་རིག་གནས་གསར་བརྗེ་ཕྱིར་དྲན་བྱས་པ་དང་གཉིས་སུ་མེད་པ་ལྟ་བུར་གྱུར་ཡོད་འདུག 

ད་དུང་ང་ཚོས་རང་མགོ་ནམ་མཁར་བཏེགས་ཏེ་ཐབས་རྡུགས་ཀྱི་གནས་ཚུལ་གསལ་བཏོན་བྱེད་རྒྱུ་ཞིག་ལ། རྒྱ་གཞུང་ནས་བརྗོད་ཚིག་བརྟན་ལྷིང་ཞེས་པ་ནམ་འཕྱར་ཙམ་ལས། དོན་དངོས་ཐོག་བོད་ཆོལ་ཁ་གསུམ་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་རྒྱུན་སྲོལ་བཞིན་མདོ་སྟོད་སྨད་ཁུལ་ནས་ཡོང་བའི་སློབ་གཉེར་བ་བཙན་ཤུགས་ཀྱིས་དགོན་པ་ནས་ཕྱིར་སློག་བཏང་བ་དང༌། ཐ་ན་དཔེ་ཁྲིད་དགེ་རྒན་ཨ་མདོ་དཀོན་མཆོག་ཉི་མ་ལགས་རང་དགོན་དུ་སྡོད་དུ་མི་བཅུག་པར་ཕ་ཡུལ་དུ་ཕྱིར་སློག་བཏང་བ། ལྷ་ས་བ་དགེ་འདུན་བློ་བཟང་དབང་ཕྱུག་ལགས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཞར་བ་བཟོས་པ་མ་ཟད་ད་ལྟ་ཡང་མུན་ནག་གི་བཙོན་དོང་ནང་ཉེས་མེད་ཀྱི་ཁྲིམས་ཆད་འཁུར་བཞིན་ཡོད་འདུག དེ་བཞིན་བཀག་ཉར་བྱས་ཁོངས་ཕ་ཡུལ་སྟོད་ལུང་ནས་ཡིན་པ་དགེ་བསྐོས་ཟུར་པ་ངག་དབང་དོན་དམ་ཉེས་མེད་ཀྱི་ཉེས་རྡུང་ཚད་མེད་ཕོག་སྟེ་ད་ལྟ་རང་ཕོར་རང་གི་འདེགས་ཐུབ་མིན་གྱི་གནས་སྟངས་འོག་གནས་ཡོད་མུས། 

དེ་བཞིན་ད་ཆ་གདན་ས་ཆེན་པོ་བཞིའི་ཡ་གྱལ་འབྲས་སྤུངས་དགོན་དུ་རྒྱ་གཞུང་གིས་ཁ་འཁྱེར་བརྟན་ལྷིང་གི་དར་ཆའི་འོག་ནས་འཛིན་བཟུང་བྱས་པ་དགེ་འདུན་གྲངས་༤༢ཡོད་ཁོངས་ནས་དུས་ཡུན་མི་ལོ་༢ནས་༡༥བར་ལོ་དུས་བཀག་བཙོན་འཇུག་གི་བཀའ་རྒྱ་བཏང་བའི་ཁོངས་ནས་ལྷ་ས་བ་འབྲས་གྲྭ་ངག་དབང་ཆོས་ཉིད་ལགས་དུས་བཀག་བཙོན་འཇུག་ལོ་༡༥ཁྲིམས་ཐག་བཅད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།