choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྩོམ་པ་པོ་འོད་ཟེར་ལགས་ལ་ཉེན་བརྡ་ཚབ་ཆེན་ཞིག་འབྱོར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡ཉིན། བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཁོང་རང་ཉིད་ཀྱི་ཟིན་བྲིས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན།  དེ་རིང་ཞོགས་པ་ཆུ་ཚོད་༡༡ཐོག ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ནས་ཁ་པར་བརྒྱུད་ཁོ་མོར་ཉེན་བརྡ་ཚབ་ཆེན་ཞིག་བཏང་འདུག

ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ནས་ཡིན་ཟེར་བའི་ཁ་པར་དེའི་ནང༌། ཁོ་མོ་མྱུར་དུ་ཉེན་རྟོག་ལས་ཁུངས་ལ་འགྲོ་དགོས་པའི་བཀོད་ཁྱབ་བཏང་འདུག་པ་དང༌། ཁོ་མོས་རྒྱུ་མཚན་གང་ཡིན་སྐད་ཆ་དྲིས་སྐབས། ཁ་པར་གཏོང་མཁན་མི་དེས་རྒྱུ་མཚན་མེད་པར་ཁྱེད་རང་སྐད་གཏོང་མི་སྲིད། ཁྱེད་རང་ཉིད་ཀྱིས་ལས་ཀ་ག་རེ་བྱས་ཡོད་མེད་དེ་ཁྱེད་རང་ཉིད་ཀྱིས་གསལ་པོ་ཤེས་ཀྱི་རེད་ཅེས་བཤད་འདུག

དེ་རྗེས་ཁོ་མོས་༼ངས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད་༽ གལ་སྲིད་ཁྱེད་ཚོ་ཡོང་ནས་བལྟས་ན་འགྲིག་གི་རེད། འོན་ཀྱང་ལས་ཀ་ཁྲིམས་དང་མཐུན་པ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བཤད་འདུག  རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱུན་དུ་དེབ་དང་དྲ་རྒྱ་བརྒྱུད་བོད་དོན་འགྲེལ་བརྗོད་བྱེད་པར་ཁོ་མོ་ཐེངས་མང༌རྒྱ་ནག་གཞུང་གིས་འཛིན་བཟུང་དང་ཉེན་བརྡ་བཏང་ཡོད་ལ། ལྷག་པར་ཕྱི་ལོ་༢༠༠༨ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་སྐབས། ཁོང་དང་ཁོང་གི་གཟའ་ཟླ་ཝང་ལིན་ཞུང་རྣམ་གཉིས་ཀྱིས་གསར་འགོད་པར་འགྲེལ་བརྗོད་བྱས་པའི་རྐྱེན་གྱིས་གཉིས་ཀ་བཟང་བརྩོན་དུ་བཀག་ཉར་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༠ལོར་ཁོ་མོར་རྒྱལ་སྤྱིའི་ཕུལ་བྱུང་བུད་མེད་གསར་འགོད་པའི་གཟེངས་རྟགས་ཐོབ་ཡོད་པ་རེད། ཁོ་མོར་ཉེན་བརྡའི་ཁ་པར་འབྱོར་མཚམས་སུ་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་ཁྲུའེ་ཁྲེར་ནང་དྲ་སྒོར་འཛུལ་མི་ཐུབ་པ་ཆགས་ཡོད་འདུག རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
ངས་ནི་དུས་ཀུན་ཏུ་ཁྱེད་ཀྱི་ཕྱོགས་ལ་བསམ་གཞིགས་བྱས་ནས་བསྡད་ཡོད། གཅེན་མོ་གཟབ་གཟབ་གནང་རོག ཁྱེད་ནི་ལ་རྒྱའི་གངས་རྒོད་དཔའ་མོ་ཨ་སྟག་གླུ་མོ་རང་ཡིན། ངས་ཁྱེད་ལ་སྨོན་ལམ་དང་ཁྱེད་ཀྱི་སེམས་ཤུགས་ཀྱི་རྒྱབ་ཏུ་ཡོད།
3 ༡༢༢༠༡༠༡༤༠༠
ཁོ་མོ་གིས་གནས་ཚུལ་འགྲ་ཤེས་མཁན་འགྲ་ཡོད་ན་ང་ལ་གསུང་རོག རང་ནི་སེམས་ཁུལ་ཤིན་ཏུ་ཆེ་བས་བཀའ་དྲིན་ཆེ།
2 ༠༥༢༠༡༠༡༧༣༧
གསར་འཕྲིན་གསར་པ་ཞིག་ཐོས་པ་སྟེ་། ཁོ་མོ་ད་ལྟ་ཉེན་ཁ་ལས་ཐར་འདུག་ གདོང་དམར་ཚང་མ་སེམས་པ་མ་སྦུག
1 ༠༢༢༠༡༠༡༧༢༨
དཀོན་མཆོག་གི་སྤྱན་རས་གཅེན་མོ་ཁོང་གི་ཕྱོགས་སུ་གཟིགས་པར་ཤོག ལས་མི་དག་པའི་བོད་པ་ཚང་གི་ང་འདྲ་བ་འདི་ཚོས་ཁྱེད་དང་འདྲ་བའི་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་བྱ་བཞག་སྒྲུབ་མི་རྣམས་ལ་སེམས་ཀྱི་སྨོན་པ་འདེབས་རྒྱུ་ཙམ་ལས་དོན་ངོ་མར་ཐུགས་ཕན་གསོས་པའི་བྱ་བ་ཞིག་སྒྲུབ་ཐུབ་ཀྱི་མི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།