གསར་འགྱུར་གསར་པ།:

དགོངས་ཚུལ།

ཁམས་སྡེ་དགེར་རྒྱ་མིར་ངོ་རྒོལ་གྱིས་བོད་མི་༣༠ལ་སྨས་སྐྱོན།

༈ ཁམས་སྡེ་དགེ་དཔལ་ཡུལ་དུ་བོད་མི་ཚོས་དགྲ་གཞུང་ལ་ངོ་རྒོལ་བྱས་ནས་བོད་མི་བོད་མི་༣༠ལ་སྨས་སྐྱོན་ཕོགས་པའི་གནས་ཚུལ།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༨ཚེས་༢༤ཉིན། ༈ དེའང་ཟླ་བ་འདིའི་ཚེས་༡༧ ཉིན་དགྲ་གཞུང་གིས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཟེར་བའི་ཁམས་སྡེ་དགེའི་འབྲོག་སྡེ། ཁྲོམ་ཐར་ཕྱོགས་ཀྱི་བརྒྱ་ཤོད་སྡེ་བའི་ནང་སྔོན་མ་ནས་དགྲ་གཞུང་གིས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་ཀྱིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། མི་གཅིག་བསད་པ་དང༌། མི་ལྔ་དྲུག་ཙམ་ཤི་གསོན་ངེས་མེད། མི་གྲངས་སུམ་ཅུ་ཙམ་བསད་རྨས་གཏོང་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཐོན་འདུག

དེའང་འབྲེལ་ཡོད་མི་སྣས་གནས་ཚུལ་བཤད་དོན་ལྟར་ན། དཔལ་ཡུལ་རྫོང་གི་ཁྲོམ་ཐར་ཆུས་ལ་དགྲ་གཞུང་གིས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ནས་ལོ་བཅོ་ལྔ་ཉི་ཤུ་ཡན་མན་སོང་ཡོད་ལ། དེ་དང་བསྟུན་ནས་འཆའ་གཞི་ལྡན་པའི་ངང་རྒྱ་མི་གང་མང་ཞིག་ཀྱང་སླེབས་ཀྱིན་ཡོད་འདུག

དེ་ཚོའི་ཐད་ལ་རྒྱུན་དུ་ནས་ཡུལ་མི་ཚོས་གཏེར་ཁ་སྔོག་འདོན་གྱི་བྱ་བ་དེར་བརྒྱུད། ཡུལ་གྱི་ས་བཅུད་ཉམ་པ་དང༌། སེམས་ཅན་ལ་རྩྭ་གཟའི་གོད་ཆག་ཐེབས་པ་སོགས་ཕྱོགས་གང་ནས་དོགས་ཟོན་དང༌། མི་འདོད་པའི་རྣམ་འགྱུར་འདོན་བཞིན་ཡོད་འདུག ཉིན་ཤས་སྔོན་ཡུལ་དེའི་སྡེ་དཔོན་བཀྲ་ཤིས་བཟང་པོ་དང་མི་མང་ཁག་ཅིག་གྲོས་མཐུན་གྱིས་དཔལ་ཡུལ་རྫོང་ལ་སོང་ནས་གཏེར་ཁ་སྔོག་འདོན་གྱིས་རང་བྱུང་ཁམས་ལ་གནོད་སྐྱོན་དང༌། མི་མང་ལ་དཀའ་ངལ་སྐོར་གྱི་སྙན་ཞུ་ཕུལ་ཏེ་མཚམས་འཇོག་ཡོང་བ་ཞུས་ཀྱང༌། རྫོང་གི་ཉེན་རྟོག་པས་ཁོང་ཚོ་ལ་ནག་ཉེས་བཙུགས་ནས་འཇུབཟུང་བྱས་ཡོད་པ་རེད་འདུག དེའི་བརྙས་བཅོས་དེ་མ་ཆོག་ནས་ཡུལ་གྱི་མི་མང་བཞི་བཅུ་ལྷག་འདུས་ཏེ། འཇུ་བཟུང་བྱས་པའི་མི་དག་འཕྲལ་མ་གློད་དགོས་ཡོད། གཏེར་ཁ་སྔོག་འདོན་གྱི་ལས་མཚམས་མ་བཞག་ན། ང་ཚོ་ལ་ས་རིན་དང༌། ཁ་གསབ་ཀྱི་རིན་པ་སྤྲད་དགོས་ཡོད།

དེ་ལྟར་གང་ཞིག་ལག་ལེན་མ་བསྟར་ན་ང་ཚོས་རང་གར་འཇོག་ཐབས་མེད་ཅེས་ཉིན་གསུམ་ཙམ་རིང་ཉེན་རྟོག་པའི་སྒོར་བསྡད་ཡོད་པ་རེད། ཡིན་ནའང་ཞོགས་པ་ཞིག་ལ། ཉེན་རྟོག་པས་ཁོང་ཚོའི་ཁྲོད་དུ་དུག་རླངས་ཅན་གྱི་སྦྲིད་སྨན་བདུག་སྟེ། ཚང་མ་འཇུ་བཟུང་བྱ་རྒྱུའི་བྱུས་གཤོམ་ཡོད། སྐབས་དེར་དུག་རླངས་ཀྱིས་སྦྲིད་ཟིན་པའི་བོད་མི་ཁག་ཅིག་རླངས་འཁོར་ནང་འཇོག་བཞིན་པའི་ངང༌། བོད་མི་ཁག་ཅིག་དུག་རླངས་ཀྱིས་གནོད་སྐྱོན་མ་བྱུང་བ། ཁོང་ཚོའི་བྱུས་ངན་གཤོམ་པ་ཤེས་རྟོགས་བྱུང་བ་དང༌། ཧང་སངས་ནས་སྐད་རྒྱག་ཡོད། སྐབས་དེར་དགྲ་གཞུང་གིས་དམིགས་གཏད་བྱ་སའི་སྡེ་དཔོན་གྱི་རྐང་པའི་ཐོག་མེ་མདའ་བརྒྱབ་པ་དང༌། ཁོང་གི་སྤུན་གྲོགས་གཞན་པ་དག་དེའི་ཕྱོགས་སུ་རྒྱུག་ཡོད་པ་རེད་འདུག

དེ་དང་དུས་མཚུངས་མེ་མདའ་མི་ཚོགས་ཁྲོད་བརྒྱབ་ནས་མི་གཅིག་དེ་རང་བསད་པ་དང༌། མི་གྲངས་སུམ་ཅུ་ཙམ་གྱི་རྐང་ལག་ལ་མེ་མདའ་རྒྱབ་པ། དེ་ལས་ཀྱང་མི་གྲངས་ལྔ་དྲུག་ཙམ་ད་ཆར་ཤི་གསོན་ཆ་འཚལ་བ་ལུས་ཡོད་པའི་གནས་ཚུལ་ཛ་དྲག་ཐོན་ཡོད་འདུག རྐྱེན་ཆག་དེའི་ཁྲོད། དགྲ་གཞུང་གིས་བརྒྱུད་བསྐུལ་གཏོང་མཁན་ཡིན་ཟེར་ནས་གྲྭ་བ་ཁག་ཅིག་ལ། ཉེས་འཛུགས་ཀྱིས་བཟུང་ཟིན་ཡོད་འདུག་ལ། དེ་འདྲའི་ཛ་དྲག་གི་གནས་སྟངས་ཁྲོད་བོད་མི་མང་ཚོགས་ཅི་བྱ་གཏོལ་མེད་ངང་ལུས་ཡོད་པའི་གནས་ཚུལ་སྐྱོ་བོ་ཞིག་ཀྱང་ཐོན་འདུག་ཅེས་འཆམ་ར་དྲི་མེད་ལགས་ནས་ཟིན་བྲིས་སུ་བཀོད་ཡོད་པ་ནས་སྤོ་བཏུས་ཞུས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ད་དུང་སྐད་འབོད་ཤུགས་ཆེར་བྱེད་བཞིན་འདུག
3 ༢༠༢༠༡༠༡༡༢༧
་ཆུ་ཚོད་བཅུ་གཅིག་སྟེང་ད་དུང་སྐད་འབོད་ཤུགས་ཆེར་བྱེད་བཞིན་འདུག བོད་ཡིག་དགོས་ཞེས་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་སོགས་ཀྱི་སྒོ་ཁར་སློབ་མ་སྟོང་ཕྲག་ལྷག་གིས་པེ་ཅིང་ཆུ་ཚོད་བཅུ་གཅིག་སྟེང་ད་དུང་སྐད་འབོད་ཤུགས་ཆེར་བྱེད་བཞིན་འདུག
སློབ་མ་ཡོངས་རྫོགས་ཡར་ལང་སྐད་འབོད།
2 ༢༠༢༠༡༠༡༡༠༢
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་དང་པོ་སློབ་མ་ཡོངས་རྫོགས་ཡར་ལང་སྐད་འབོད། ད་ནང་སྔ་མོ་པེ་ཅིང་ཆུ་ཚོད་ལྔ་པ་ནས་བཟུང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མ་ཡོངས་རྫོགས་སློབ་གྲྭའི་ལས་རྩལ་རྭ་བར་འདུ་འཛོམས་ཀྱིས་ཆུ་ཚོད་བཞི་ལྷག་ལ་ངག་བཅད་དེ། ད་ལྟ་ལག་ལེན་བྱེད་འགོ་བརྩམས་པའི་ཡིག་ཆའིདགོངས་དོན་ལ་ངོ་རྒོལ་ཤུགས་ཆེན་བྱེད་པ་མཚོན་པར་བྱས། ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ནས་ལག་ཏུ་བསྒྲགས་ཡིག་སོགས་ཕྱར་ནས། བོད་ཡིག་སློབ་པར་རང་དབང་དགོས། བོད་སྐད་བཤད་པར་རང་དབང་དགོས། སྐད་གཉིས་སློབ་གསོ་མེད་མི་རུང་། ཞེས་ངོ་རྒོལ་སྐད་འབོད་བྱེད་བཞིན་ཆབ་ཆ་གྲོང་གི་སྲང་ལམ་ཆེ་ས་ཁག་ཏུ་སྐོར་སྐྱོད་བྱས་མཐར་ཕྱིར་ལས་རྩལ་རྭ་བ་ན་ངོ་རྒོལ་བྱེད་བཞིན་པའི་སྐབས་རེད། ཞེས་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་ནས།
ནོར་བཅོས་ཡོད་པའི་རེ་སྐུལ།
1 ༢༦༢༠༡༠༠༡༤༡
མི་གྲངས་སུམ་ཅུ་ཙམ་བསད་རྨས་ཞེས་པ། མི་གྲངས་སུམ་ཅུ་ཙམ་རྨས་སྐྱོན་ལ་ནོར་བཅོས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།