choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལི་ཐང་གྲྭ་པ་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༢ཉིན། ཁ་སེང་སྤྱི་ཟླ་༨ པའི་ཚེས་༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ གི་རྗེས་སུ་ལི་ཐང་མཐིལ་གྱི་གྲོང་ཁྱེར་ནང་ལི་ཐང་གྲྭ་པ་གཉིས་ཀྱིས་ཁྲུང་ཁྲུང་དཀར་མོའི་ཁྲོམ་ར་ནས་འགོ་འཛུགས་ཀྱིས་ཚལ་ཁྲོམ་རའི་བར་དུ། ལག་ཏུ་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཐོགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག

ཚང་མས་གོ་ཚོད་ལྟར་ན་སྐད་འབོད་ཀྱི་ཚིག་ལ་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་བ་ཐོས་པ་ཙམ་ལས། གཞན་སྐད་འབོད་ཀྱི་ཚིག་དང་ནང་དོན་མང་པོ་ཡོད་འདུག་ཀྱང༌། སྐབས་དེར་སྣུམ་འཁོར་སོགས་འཕྲུལ་ཆས་རིགས་ཀྱིས་ཟིང་ཆ་ཆེ་བའི་དབང་གིས་སྒྲ་གསལ་པོ་དང་ཆ་ཚང་བ་གོ་མེད་པ་རེད། གློ་བུར་དུ་སྤྱི་བདེ་ཉེན་རྟོག་པ་འཇུ་བཟུང་བྱེད་དུ་ཡོང་ཡོད་ཀྱང༌། སྐབས་དེར་ལམ་གཡས་གཡོན་གྱི་མི་མང་སྟོང་ཕྲག་བརྒལ་བས་ཉེན་རྟོག་པའི་མདུན་བཀག་སྟེ། སྦས་སྐོང་གིས་ཉེན་རྟོག་པའི་ལག་ཏུ་སྤྲད་མེད་ཀྱང༌། རྒྱུན་ལྡན་ལི་ཐང་རྫོང་གི་མི་མང་དཀྱུས་མའི་ཁྲོད་དུ་ཉུལ་ཞིབ་པ་མང་པོ་ཡོད་པ་དང་ཁྲོམ་ལམ་ཀུན་ཏུ་གསང་བའི་པར་ལེན་འཕྲུལ་ཆས་ཧ་ཅང་མང་པོ་བཙུགས་ཡོད་པས། རིང་པོར་མི་འགོར་བར་ལས་འགུལ་སྣེ་ཁྲིད་མཁན་གྱི་གྲྭ་པ་གཉིས་འཛིན་བཟུང་བྱེད་ངེས་རེད།

ད་ལྟའི་ཆར་སྤྱི་བདེ་ཉེན་རྟོག་པས་གྲྭ་པ་དེ་གཉིས་དབྱེ་ཞིབ་སྣ་ཚོགས་ཀྱི་སྒོ་ནས་རྗེས་འདེད་གཏོང་བཞིན་པ་ཡིན་དུས། ངོ་སྤྲོད་པར་ངོ་རྒོལ་བྱེད་པ་པོ་དོ་བདག་གི་པར་དང༌། ལག་ཏུ་ཁྱེར་བའི་བོད་ཀྱི་རྒྱལ་དར་གྱི་པར། ལོ་རྒྱུས། ལོ་ཚད་ཚུན་ཆད་ནས་ཧ་ཅང་གསལ་པོ་ཆགས་སོང་ཡང༌། གྲྭ་དེ་གཉིས་ཀྱི་བདེ་འཇགས་ལ་བལྟས་ནས་ད་ལྟ་མིང་ལོ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ངོ་སྤྲོད་བྱེད་ཀྱི་མེད། ཅེས་སེར་སྨད་བློ་དགའ་ལགས་ནས་ངོ་སྤྲོད་གནང་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༣༢༠༡༠༡༢༠༢
བྲག་འགོ་དཀོན་མཆོག་དར་རྒྱས།
གནས་ཚུལ་འདི་དངོས་བདེན་པ་ར་སྤྲོད་གནང་མཁམ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་གཞིས་ལུས་དཔའ་བོ་དཔའ་མོའི་བོད་མི་རིགས་ཀྱི་ལས་འགུལ་ནི་བསམ་ཡུལ་ལས་འདས་པའི་སྙིང་སྟོབས་དང་། བརྗོད་པར་དཀའ་བའི་ཕུགས་བསམ་འབའ་ཞིག་རེད། དེ་ལ་ངས་འདིར་གཏམ་བཤད་དྲང་ཚུགས་ཤིག་ཀྱང་བཤད་ཐབས་བྲལ་ཡང་། ཁོང་ཚོས་སྙིང་སྟོབས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད། བཙན་བྱོལ་བ་ད་རུང་གཉིད་ཁུག་ཡོད་རེད། ད་ནི་ཡང་གཞིས་ལུས་བོད་མོ་ཚོས་སྐད་འབོད་གནམ་ས་གཡོ་འདྲའི་ངར་སྒྲ་མ་ཐོས་བར་གཉིད་འདུག་རྒྱུ་དེ་རེད། ད་དུང་གཉིད་སྡོད་ལོ།



བརྗོད་གཞི་གཞན་ཁག་ལ་གཟིགས།