choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཆུ་རུད་ཀྱིས་གཏོར་བཤིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༩ཉིན། ཟླ་འདིའི་ཚེས་༨ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་གློ་བུར་དུ་ཆུ་རུད་རྒྱུག་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབ་ཆེན་ཐེབས་ནས། ད་ལྟའི་ཆར་མི་གྲངས་༡༢༧ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

རང་བྱུང་གི་གནོད་འཚེ་དེའི་རྐྱེན་གྱིས་འབྲུག་ཆུ་རྫོང་གི་གྲོང་སྡེའི་སྲང་ལམ་དུ་འདམ་རྫབ་ཀྱི་ཁེངས་ཤིང༌། མི་གྲངས་༣༠༠རྐྱེན་འདས་དང་མི་གྲངས་༧༦ཙམ་ལ་རྨས་སྐྱོན་ཚབ་ཆེན་ཕོག་པ། སྡོད་ཁང་༡༢༠ཙམ་ཞིབ་རལ་ཕྱིན་ཡོད་པས་མ་ཚད། ད་དུང་མི་གྲངས་༢༠༠༠ཙམ་ག་སོང་ཆ་མེད་དུ་གྱུར་ཡོད་འདུག ཁག་ཅིག་གིས་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་དེ་ལས་མང་བ་ཡིན་པའི་ཚོད་དཔག་ཡང་བྱེད་བཞིན་ཡོད་འདུག

ཐེངས་འདིའི་གནོད་འཚེ་དེས་འབྲུག་ཆུ་རྫོང་ཁུལ་དུ་གློག་དང༌། ལམ་ཁ། ཁ་པར་སོགས་ཀྱི་འབྲེལ་མཐུད་ཡོངས་སུ་ཆད་ཡོད་འདུག་པ་དང༌། སྤྱིར་འབྲུག་ཆུ་རྫོང་ཁུལ་དུ་གནས་སྡོད་བྱེད་མཁན་ཁྱོན་མི་གྲངས་ཁྲི་༤ནས་༥བར་ཡོད་པའི་ནང་།  ཉུང་མཐར་ཡང་མི་གྲངས་ཁྲི་ལྷག་ཙམ་གྱི་འཚོ་བར་གནོད་འཚེ་ཐེབས་པ་དང་། གྲོང་སྡེ་གཅིག་ཡོངས་སུ་ས་རུད་འོག་སྣུབ་ཡོད་པའི་གནས་ཚུལ་བྱུང་འདུག

དེར་བརྟེན་ཁ་སང་རྒྱ་ནག་གི་སྲིན་བློན་ཝུན་ཅ་པའོ་དང༌། གཞན་ཡང་ཀན་ལྷོ་རང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣ་གནོད་འཚེ་འབྱུང་ཁུལ་དུ་འབྱོར་ཏེ། ཁོང་ཚོས་གནོད་འཚེ་ཕོག་ཡུལ་དུ་རྒུད་སྐྱོབ་མི་སྣས། མྱུར་དུ་གཞུང་ལམ་དང་གློག་འདོན་སྒྲིག་ཆས་ཞིག་གསོ་བྱེད་ནས། མི་སེར་ཚོའི་ཟས་གོས་དབོར་འདྲེན་དང༌། རྨས་མ་མྱུར་སྐྱོབ་དགོས་ལུགས་བཤད་འདུག

ཡང་ཁ་སང་ཕྱི་ཚེས་༨ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཡོད་པའི་རྒྱ་གྲམ་དམར་པོ་མཐུན་ཚོགས་ཀྱིས། གནོད་ཐེབས་ལ་གུན་གསབ་རྒྱ་སྒོར་༣༢༠༠༠༠ཙམ་ཞལ་འདེབས་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།