choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མིའི་འཚོ་བར་གྱོང་གུད་སྤྲད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༦ཉིན། རྒྱ་ནག་གི་བཟོ་ལས་པ་དང༌། ཚོང་པ། དགེ་རྒན། དམག་མི་སོགས་མི་གྲངས་སྟོང་ཕྲག་མང་པོ་བོད་ནང་དུ་གནས་སྤོ་བྱེད་བཞིན་པའི་རྐྱེན་གྱིས། བོད་མི་རྣམས་ཀྱི་འཚོ་བའི་སྲོག་རྩ་གཅོད་བཞིན་ཡོད་པ་རེད་ཅེས་༼ནེའུ་ཡོག་གསར་འཕྲིན་༽ཞེས་པའི་གནང་གནས་ཚུལ་སྤེལ་ཡོད་པ་རེད།

ལོ་ལྟར་རྒྱུན་ཆད་མེད་པ་རྒྱ་རིགས་སྟོང་ཕྲག་མང་པོ་བོད་ནང་དུ་གནས་སྤོ་བྱེད་བཞིན་ཡོད་པས་རྐྱེན་གྱིས། བོད་དེ་ལྷིང་འཇགས་མེད་པ་ཆགས་ཡོད་པས་མ་ཚད། བོད་མི་རྣམས་ཀྱི་འཚོ་བར་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌།  ཞི་བདེའི་སྡེ་མིག་ལྟ་བུ་ནང་པའི་ཆོས་ཀྱི་ཁྱབ་པའི་ལུང་པ་དེར་ཡང༌། མིག་སྔར་ཉེན་སྲུང་དང་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པ་རེད་ཅེས་ཨ་རིའི་༼ནེའུ་ཡོག་གསར་འཕྲིན་༽ཞེས་པས་གནས་ཚུལ་མཁོ་གཏོང་བྱས་འདུག

ཕྱི་ལོ་༢༠༠༩ལོར་རྒྱ་ནག་གཞུང་གི་བོད་ནང་དུ་ཁྱོན་མ་དངུལ་ཨ་སྒོར་ཐེར་འབུམ་༣བཏང་ཡོད་ཚུལ་བརྗོད་བཞིན་ཡོད་པ་དང་། ༢༠༠༩ལོར་བཏང་བའི་མ་དངུལ་དེ་ནི་ཕྱི་ལོ་༢༠༠༨ལས་བརྒྱ་ཆ་༣༡སྤར་ཡོད་པ་རེད་ཟེར། དེས་ཆ་སྙོམ་རྒྱ་ནག་གི་སྤྱི་ཡོངས་ཀྱི་ལོ་ལྟར་འཛུགས་སྐྲུན་འཕེལ་རྒྱས་ཀྱིས་ཚད་གཞི་ལས་བརྒྱ་ཆ་༡༢བརྒལ་ཡོད་ཚུལ་ཡང་བརྗོད་བཞིན་ཡོད་པ་རེད།

འོན་ཀྱང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་ཕྱིན་ཡོད་ཟེར་བ་དེ་ནི་དྲི་བ་ཞིག་ཡིན་ཏེ། འཕེལ་རྒྱས་དེ་སུའི་ཆེད་དུ་དང༌། སུས་ལོངས་སུ་སྤྱོད་བཞིན་པ་དེ་རེད།ཕྱི་ལོ་༡༩༩༠ཡི་ནང་མི་འབོར་གྲངས་བཤེར་གྱི་རྩ་འཛིན་ལ་བལྟས་པ་ཡིན་ན། ལྷ་སའི་བར་སྐོར་དུ་ཁྱོན་ཚོང་ཁང་དང༌། ཟ་ཁང་སོགས་༣༥༠༠ནས་༤༠༠༠བར་ཡོད་པ་དང༌། དེ་དག་ནང་བོད་མིར་ཚོང་ཁང་དང་ཟ་ཁང་གྲས་༤༠༠ནས་༤༥༠ཙམ་ལས་མེད་པ་དང༌། དེ་ལྟར་དཔལ་འབྱོར་གྱི་ཐོན་ཁུངས་ཡོད་པའི་ཟ་ཁང་དང་ཚོང་ཁང་སོགས་བརྒྱ་ཆ་༨༥བོད་རིགས་མིན་པའི་བདག་བཟུང་བྱས་ནས། དཔལ་འབྱོར་ཐད་བོད་མིར་རྣམས་ལ་གྱོང་གུད་ཆེན་པོ་སྤྲད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་དུ་བོད་མི་ས་ཡ་༢་༩ཡོད་པ་དང༌། དེས་སྤྱི་ཡོངས་ཀྱི་མི་འབོར་ལས་བརྒྱ་ཆ་༩༥ཟིན་ཚུལ་བརྗོད་ཀྱི་ཡོད་པ་རེད། འོན་ཀྱང་དེ་ནི་རྒྱ་ནག་ཧན་མི་རིགས་མང་པོ་གནས་སྤོ་བྱེད་བཞིན་པར་ངོས་ལེན་མི་བྱེད་པ་དང༌། མ་ཚད་དེ་ཚོས་གནས་སྡོད་ཀྱི་ཐོ་འགོད་ཡང་བྱེད་ཀྱིན་མེད་པ་རེད།

ཉེ་དུས་ཀྱི་ཡིག་ཆ་ཁག་ལ་བལྟས་པ་ཡིན་ན། གཅིག་མཚུངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཞན་ཁག་དང༌། དམིགས་བསལ་ལྷ་ས་རུ་ཕྱི་ལོ་༡༩༥༠ལོར་གནས་སྡོད་བྱེད་མཁན་ཁྱོན་མི་གྲངས་༣༠༠༠༠ལས་མེད་ཀྱང༌། ཕྱི་ལོ་༡༩༩༨ལོར་ཁྱོན་མི་གྲངས་༢༠༠༠༠༠ལས་བརྒལ་ཡོད་པ་རེད། དེར་བརྟེན་ད་ལྟ་ལྷ་ས་རུ་གནས་སྡོད་བྱེད་མཁན་མི་གྲངས་བརྒྱ་ཆ་༦༠ནས་༧༠བར་རྒྱ་མི་རིགས་ཡིན་པ་དང༌། མ་ཚད་ཁོང་ཚོས་གཞུང་གི་ལས་གནས་སུའང་ཡོངས་སུ་དབང་བསྒྱུར་བྱས་ཡོད་པ་རེད། ལྷ་སར་གཅིག་པུར་མཚོན་ན་གཞུང་གི་ལས་བྱེད་མི་སྣ་བརྒྱ་ཆ་༩༥ནི་རྒྱ་མི་རིགས་ཡིན། མི་འབོར་གྱི་བརྒྱ་ཆ་དེའི་ཐོག་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་ཁེ་ཕན་སུ་ལ་རག་གི་ཡོད་མེད་དང་། སུའི་ཆེད་དུ་ཡིན་མིན་རྟོགས་ཐུབ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།