choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞུ་གཏུག་ཐེངས་༡༢པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༧ཉིན། ཉེ་ཆར་ལི་ཐང་ཨོ་ཐོག་གི་བུད་མེད་ལྔ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་གཉིས་བཅས་བུད་མེད་བདུན། སྲི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་རུ་ཞིང་ཆེན་སྲིད་གཞུང་དུ་སྤྲུལ་སྐུའི་སྐོར་ཞུ་གཏུག་བྱེད་པ་ཕྱིན་ནས། ཁ་སང་ཚེས་༡༧ཉིན་ཕྱིར་རང་ཁྱིམ་དུ་སླེབས་ཡོད་པ་རེད།

བུད་མེད་བདུན་ནི་རིན་པོ་ཆེའི་སྲིང་མོ་ཆེ་བ་བསོད་ནམས་བདེ་སྐྱིད་ལོ་༥༧ཅན་དང༌། ཆུང་བ་སྒྲོན་དཀར་རང་ལོ་༤༧། ཨོ་ཐོག་གི་ཨ་ཕ་བུ་མོ་ཞེས་པ་ལོ་༦༣། བསོད་སྦོ་ཞེས་པ་ལོ་༣༧། བསོད་ཆོས་ཞེས་པ་ལོ་༤༧། རྒྱས་པོ་ཞེས་པ་ལོ་༣༥། བདེ་པོ་ཞེས་པ་ལོ་༤༠། བཅས་བདུན་པོ་དེ་ཡིན་འདུག་ལ་རིན་པོ་ཆེའི་སྲིང་མོ་གཉིས་ད་ཐེངས་ཀྱི་ཞུ་བཏུགས་བརྩིས་པའི་ཞུ་བཏུགས་ཐེངས་༡༢ པ་དེ་ཆགས་ཡོད་པ་རེད། ཁོང་ཚོའི་ཞུ་བྱ་གཙོ་བོ་དོན་ཚན་གསུམ་གྱི་དང་པོ། རིན་པོ་ཆེའི་སྐོར་གྱི་གྱོད་དོན་ཕྱི་གསལ་ནང་གསལ་གྱི་གང་མགྱོགས་དྲང་བདེན་གྱི་ཐག་གཅོད་སྐྱར་ཞིབ་འགོ་འཛུགས་བྱེད་དགོས།

གཉིས་པ། སྤྱི་ཟླ་༤པའི་ནང་རིན་པོ་ཆེའི་སྲིང་མོ་གཉིས་རིན་པོ་ཆེ་དང་མཇལ་འཕྲད་སྐབས་སུ། རིན་པོ་ཆེ་རང་ནས་འདི་ལོའི་སྤྱི་ཟླ་༥པའི་ཟླ་འགོར་རྒྱ་ནག་གི་འབྲེལ་ཡོད་སྡེ་ཚན་ཉེར་དྲུག་ལ་ཞུ་བཏུགས་ཀྱི་ཡིག་ཆ་ཞིབ་རྒྱས་ཤིག་ཕུལ་གྱི་ཡིན་གསུངས་པ་དེའི་གནས་སྟངས་ཇི་ཆགས།

གསུམ་པ། རྒྱ་ནག་གི་འབྲེལ་ཡོད་སྨན་པས་བཤད་པ་དང་ཁས་བླངས་པའི་རིན་པོ་ཆེའི་སྙུང་གཞི་ཚབས་ཆེན་ཞིག་ཡོད་པ་ཡིན་ཚེ། བཙོན་པའི་ཉེས་ཁྲིམས་ནང་གསལ་བའི་བཙོན་པ་ནད་ཅན་ཕྱིར་སྨན་བཅོས་བྱེད་སར་གཏོང་ཆོག་པའི་ཆ་རྐྱེན་ཡོད་པ་ལྟར་གོ་སྐབས་སྤྲོད་དགོས་ཀྱི་ཡོད། ཅེས་པའི་དོན་ཚན་གསུམ་ཞུས་ཤིང༌། དེའི་སྐོར་ཞིང་ཆེན་སྲིང་གཞུང་གིས་ལན་འདེབས་བྱས་དོན།

དོན་ཚན་དང་པོར་གནད་དོན་འདི་ནི་ཐག་གཅོད་བྱས་ཏེ། ལ་རྒྱབ་ལུང་བརྒལ་ནས་ཕྱིན་ཚར་བས་དེའི་སྐོར་སྐྱར་སློག་བྱེད་རྒྱུ་གང་ཡང་ལྷག་མེད། ཅེས་ངར་པོའི་ཐོག་ནས་བཤད་འདུག དོན་ཚན་གཉིས་པར། དེའི་འདྲའི་ཡིག་ཆ་ཞིག་ང་ཚོས་ཧ་གོ་མ་བྱུང༌། ཟེར་བ་དང༌། ཡང་ཞུ་བཏུགས་བྱེད་མཁན་ཚོས་ཡིག་ཆ་དེ་ཁྱེད་རང་ཚོས་སྦས་དགོས་དོན་གང་ཡིན། ཡིག་ཆ་དེ་འབྲེལ་ཡོད་སྡེ་ཁག་ཉེར་དྲུག་ལ་ཕུལ་ཡོད་པ་དངོས་ཡོད་ཡིན་ཞེས་ཞུས། ལན་ལ་ང་ཚོས་རྩད་གཅོད་ཞིབ་ནན་བྱས་པ་ཡིན། འབྱོར་མི་འདུག་ཅེས་ལན་འདེབས་བྱས།

དོན་ཚན་གསུམ་པར་ང་ཚོས་ཁྲིན་ཏུའུའི་སྨན་པས་བཤད་པ་དེ་བདེན་མིན་ཞིབ་འཇུག་བྱེད་ཀྱི་ཡིན། གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ཚེ་སྐབས་དེ་དུས་ཁྱོད་ཚོས་ཞུ་དོན་ལ་ལྟ་རྟོག་བྱེད་ཆོག་གི་རེད། ཞིབ་འཇུག་དེ་ནི་ཟླ་བ་གཉིས་ཀྱི་ནང་ཚུད་ངེས་པར་བྱེད་ཀྱི་ཡིན། སྐབས་དེ་དུས་ཁྱོད་ཚོའི་མི་ཞིག་དགོས་ཀྱི་རེད། སུ་འོང་གི་ཡིན། ཞེས་བཤད། ཞུ་བཏུགས་བྱེད་དུ་འགྲོ་མཁན་གྱི་ཁྲོད་ནས་རིན་པོ་ཆེའི་སྲིང་མོ་གཉིས་ཀྱིས་ངེད་གཉིས་ཡོང་གི་ཡིན་ཞེས་ཁས་ལེན་བྱེད་འདུག་ཅིང༌། ད་དུང་ལས་ཁུངས་དེའི་ཡིག་ཆ་དང་ཁ་པར་ཨང་གྲངས་ཀྱང་སྤྲད་འདུག
ཅེས་སེར་སྨད་བློ་དགའ་ནས་ངོ་སྤྲོད་གནང་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།