choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


༢༠༠༨ལོའི་ཞི་རྒོལ་སྐབས་བཀྲོངས་པའི་སྐུ་ཕུང་གི་པར་གསར་རྙེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༧ཉིན། ཕྱི་ལོ་༢༠༠༨ལོར་བོད་མདོ་དབུས་ཁམས་གསུམ་ནས་རྒྱ་དམར་ལ་ཞི་རྒོལ་བྱས་པ་ལྟར། མདོ་ཁམས་ཏྲེ་ཧོར་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲིམ་སྐོར་བྱས་སྐབས། ལོ་ན་༡༨ལས་སོན་མེད་པའི་རྒྱལ་གཅེས་དཔའ་བོ་ཀུན་དགའ་ལགས་ཀྱི་སྐུ་སྲོག་རྒྱ་ལག་ཏུ་ཤོར་བའི་འདྲ་པར་ཞིག་ཉེ་ཆར་རྙེད་སོན་བྱུང་ཡོད་པ་རེད།

རྒྱལ་གཅེས་གཞིས་ནིང་ལོར་བོད་མདོ་དབུས་ཁམས་གསུམ་གྱིས་འབོད་སྒྲ་གཅིག་གི་འོག་ནས་རང་དབང་གི་མངོན་འདོད་དང་རྒྱ་དམར་གྱི་སྲིད་ཇུས་ལ་འགོག་རྒོལ་བྱས་སྐབས་རྒྱ་དམར་གྱིས་མནར་གཅོད་ཚད་ལས་བརྒལ་བའི་བཅར་རྡུང་དང་མི་སྤྱོད་ལས་འདས་པའི་སྦྱོར་ངན་འོག་རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་སྟོང་ཕྲག་མང་པོའི་སྐུ་སྲོག་འཕྲོག་པ་དང་བཙོན་འཇུག་བྱས་པ་དང༌།

གར་སོང་ཆ་མེད་དུ་གྱུར་པ་སོགས་ཀྱི་ལོ་རྒྱུས་བྱུང་དང་འབྱུང་བཞིན་པའི་སྐབས་རང་རེའི་སྤྱི་སྒེར་སུ་ཡིན་རུང་དུས་ཐོག་ཏུ་གནད་སྨིན་གྱི་གསལ་བསྒྲགས་དང་ཁོར་ཡུག་གི་འགྱུར་འགྲོས་དང་བསྟུན་གོ་སྐབས་དམ་འཛིན་བྱ་རྒྱུ་ནི་རང་རེ་ཤུལ་ལུས་ཚོས་འགན་འཁྲི་ལ་བབས་པའི་འོས་འགན་ཉག་གཅིག་ཡིན། མདོ་ཁམས་ཏྲེ་ཧོར་ཁུལ་གྱི་སེར་སྐྱ་མང་པོས་ཏྲེ་ཧོར་ཁྲོམ་གཞུང་དུ་ཞི་རྒོལ་བྱས་སྐབས་རྒྱ་དམར་གྱིས་སྐུ་སྲོག་བཀྲོངས་པའི་རྒྱལ་གཅེས་དཔའ་བོ་ཀུན་དགའ་ལགས་ཁོང་ནི་ཏྲེ་བོ་ལྕོག་རི་གྲ་ལ་ལྟག་མ་ཚང་དུ་སྐྱེས་ཤིང་མེ་ཏོག་གི་ཚལ་ཁ་ནས་འཚར་ལོངས་བྱུང་ཞིང༌། དགུང་ལོ་༡༨ ཐོག་མེ་མདའི་སོ་ཁ་ནས་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བྱས་ཏེ་ལས་དབང་ཡོད་ཚད་གངས་ཅན་པའི་ཆེད་དུ་ཕུལ་ནས་དེ་རིང་བར་མི་ལོ་གསུམ་འཁོར་ལ་ཉེ་བའི་དུས་འདིར་ངེད་མདོ་དབུས་ཁམས་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་ཆེད་་་་་་་་་་་གསར་རྙེད་བྱུང་བའི་ཀུན་དགའ་ལགས་ཀྱི་ཕུང་པོའི་པར་རིས་འདིར་གཟིགས་ཏེ་རང་རེ་བྱེས་འབྱོར་བ་ཚོས་བོད་བསྟན་སྲིད་ཆེད་ཤ་ཁྲག་རུས་གསུམ་གྱིས་མཆོད་སྦྱིན་དུ་ཕུལ་མ་ཐུབ་ཀྱང་ཁོ་ཚོའི་དྲང་བདེན་གྱི་ལམ་ཁ་ནས་འཚོལ་བའི་གཟི་བརྗིད་འོད་སྣང་ལ་གཡོ་ཟུར་མེད་པ་ཤར་བསྐྱོད་བྱེད་རོགས་ཞེས་ཞེ་བསམ་པའི་སྟེང་ནས་རེ་བ་འདི་བསྐུལ་བའོ།

གོང་གསལ་རྣམས་གནས་ཚུལ་མཁོ་སྤྲོད་པས་གནང་བ་ལྟར་ཡིན་ཞིང་གཞན་ཡང་ ༢༠༠༨ ཟླ་ ༣ ཚེས་ ༢༥ ཉིན་ཁོ་བོས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་དུ་བཏང་གནས།

ཚེས་ ༢༤ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཁོངས་ལྕོག་རི་ས་གནས་སུ་ཡོད་པའི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ ༢༠༠ ཙམ་གྱིས་སྣེ་ཁྲིད་དེ་བཙུན་དགོན་ནས་ཀི་ལོ་མི་ཊར་ ༤།༥ ཙམ་ཡོད་པའི་ཏྲེ་ཧོར་ཆུས་དང་ཤང་གི་ལྟེ་གནས་སུ་ཡོང་སྟེ་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན་ཞེས་པའི་སྐད་འབོད་ཀྱིས་རྔམ་སྟོན་བྱས་པ་དང་རིམ་བཞིན་དེར་ཡོད་མི་མང་མཉམ་འཛོམས་ཀྱིས་སྐད་འབོད་བྱས།  ཉེ་ཁུལ་གྱི་ལྕོག་རི་དགོན་པའི་གྲྭ་མང་ ༢༠༠ ལྷག་ཙམ་དང༌། མཁའ་གསར་ཤང་གི་མཁའ་གསར་བཙུན་དགོན་གྱི་བཙུན་མ་ ༡༥༠ ཙམ་བཅས་ཁྱོན་སེར་སྐྱ་མང་ཚོགས་ཁྱོན་ཆེ་འདུ་འཛོམས་ཀྱིས་ཆུས་ས་གནས་ཡོད་སར་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་ཞི་བའི་ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས། མཐར་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་ལྕོག་རི་དགོན་གྱི་གྲྭ་རང་ལོ་ ༢༡ ཅན་ཀུན་དགར་མེ་མདའ་བརྒྱབ་ནས་རྐྱེན་འདས་སུ་བཏང་བ་དང༌། ཁོང་གི་ཕུང་པོ་རྒྱ་དམག་གིས་ཁུར་རྩིས་བྱས་ཀྱང་གྲྭ་མང་ནས་འཕྲོག་སྟེ་གསང་ཉར་བྱས། རང་ལོ་ ༣༠ སོན་པའི་ཚེ་དབང་དོན་གྲུབ་ཟེར་བའི་མི་སྐྱ་ཞིག་གི་མཁལ་མར་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་བཅོས་ཐབས་དཀའ་བའི་གནས་སུ་གྱར།

ཡང་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་ཁོ་བོས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་དུ་བཏང་གནས།

ཚེས་ ༢༥ ཉིན་ཁམས་བྲག་འགོ་རྫོང་གི་ཉེན་རྟོག་པ་དང་དམག་མིས་ཕྱི་ཚེས་ ༢༤ ཉིན་བསད་པའི་ལྕོག་རི་དགོན་གྱི་གྲྭ་ཀུན་དགའི་ཕུང་པོ་ལྕོག་རི་དགོན་ནས་བཙན་འཕྲོག་གིས་བྲག་འགོ་དགོན་པའི་འགྲམ་དུ་མེ་བསྲེགས་བཏང༌། སྐབས་དེར་བྲག་འགོ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་སྨོན་གསུངས་གྲུབ་རྗེས་དགོན་དེའི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་ ༣༠༠ ལྷག་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཆོས་གོས་དང་སྣམ་སྦྱར་སྐུ་ལ་གསོལ་ཏེ་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཙམ་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་འགོ་བརྩམས་ཏེ་བྲག་འགོ་རྫོང་ཕྱོགས་སུ་རིམ་བཞིན་གོམ་བགྲོད་གནང༌། རིམ་བཞིན་མི་མང་ཡང་གང་འཚམས་འདུ་འཛོམས་བྱུང༌། སྐབས་དེར་དམག་མི་དང་ཉེན་རྟོག་པ་ཉུང་ཤས་ཤིག་གིས་ཟམ་ཆེན་ཐོག་ནས་འགོག་ཐབས་བྱས་འདུག་ཀྱང་བཀག་མ་ཐུབ་པར་ཀི་ལོ་མི་ཊར་གཅིག་ལྷག་ཕྱིན་ཟིན་རྗེས་རྒྱ་དམག་འབོར་ཆེན་སླེབས་ནས་མེ་མདའ་ནམ་མཁར་བརྒྱབས་པ་དང༌། གྲྭ་མང་རྣམས་འཛིན་བཟུང་བྱེད་རྩིས་བྱེད་སྐབས་གཅིག་གིས་གཅིག་ལ་འཐམས་ནས་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱ་རྒྱུའི་དམ་བཅའ་བརྟན་བཟུང་བྱས། དེ་རྗེས་རྒྱ་དམག་གིས་མི་མང་ཁྲོད་མེ་མདའ་རྒྱག་འགོ་ཚུགས་སྐབས་ཚང་མ་ལམ་ཁར་ཉལ་ནས་བསྡད་པས་བསྡེབ་གསོད་བྱ་ཐབས་མ་བྱུང༌། མཐར་གྲྭ་མང་རྣམས་ཉིན་གུང་ཡོལ་ཙམ་ནས་དགོན་པར་ཕྱིར་ལོག་བྱས། སྐད་འབོད་ཀྱི་བརྗོད་ཚིག་ནི། "ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་གཏང་དགོས། བོད་རང་དབང་རང་བཙན་གཙང་མ་ཡིན། བོད་དུ་དྲག་གནོན་དང་དམ་བསྒྲགས་མཚམས་འཇོག་དགོས་"ཅེས་སོགས་ཡིན།།

ཐོག་མའི་གསར་འགྱུར་ནང་ཀུན་དགའ་ལགས་ཀྱི་ལོ་ ༢༡ ཡིན་གནས་དང་ད་ལན་གྱི་གནས་ཚུལ་ནང་ལོ་ ༡༨ ཡིན་གནས་གསལ་འདུག་པས་ཕྱི་མ་འདི་བརྟན་ཆ་ཆེ་བར་སྙམ། ཐོག་མའི་གསར་འགྱུར་ནི་དབྱེ་ཞིབ་བྱ་ལོངས་མེད་པར་ཉིན་རེ་ཉིན་རེ་བཞིན་བཀོད་པ་ཞིག་དང༌། ད་ལན་གྱི་གནས་ཚུལ་ནི་ལོ་གཉིས་ཀྱི་རྗེས་བཀོད་པ་ཡིན་པས་སོ།།
གནས་ཚུལ་མཁོ་སྤྲོད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།