དཀར་མཛེས་སུ་བུད་མེད་ན་གཞོན་ཞིག་གིས་བོད་རང་བཙན་གྱི་ཞི་རྒོལ།
མཐའ་མའི་བསྐྱར་བཅོས། (༡༧༢༠༠༩༡༩༤༩)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༡ཉིན་སྤེལ། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་གྱི་ཁམས་སྐད་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་གྱིས་ཨོ་སི་ཀྲོ་ལི་ཡ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་དཀར་མཛེས་རྫོང་གི་སྟག་ཆུ་མདའ་མི་མང་འདུ་འཛོམས་ཆེ་བའི་ཁྲོམ་གཞུང་དཀྱིལ་དུ་དཀར་མཛེས་ཁུང་རྡོ་གྲོང་ཚོ་ནས་ཡིན་པ་ཕ་ཚེ་དབང་མགོན་པོ་དང༌། མ་ལྷ་མོ་དབང་མཚོ་གཉིས་ཀྱི་བུ་མོ་བསྟན་མཆོག་ཅེས་པའི་བུད་མེད་ན་གཞོན་ཞིག་གིས་བོད་རང་བཙན་གྱི་སྐད་འབོད་དང༌། ཤོག་བྱང་ཐོག་བྲིས་པའི་ཡིག་ཆ་བརྒྱ་ཕྲག་མང་པོ་འགྲེམས་གཏོར་བྱས་ཏེ་དུས་ཚོད་སྐར་མ་ཁ་ཤས་ལས་མ་སོང་བར་རྒྱ་དམག་རླངས་འཁོར་གཅིག་དང༌། སྤྱི་བདེ་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་གཅར་བརྡུང་བྱེད་བཞིན་འཛིན་བཟུང་གིས་བཙན་ཁྲིད་བྱས་སྐབས་ཀྱང་བྱབྱྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོགབྱབྱཅེས་པའི་འབོད་ཚིག་སྒྲོག་བཞིན་ཡོད་འདུག་པ་དང༌། དེ་རྗེས་ཆུ་ཚོད་ ༡།༠༠ ཙམ་མ་འགོར་གོང་དཀར་མཛེས་རྫོང་ཐོག་ཏུ་རྒྱ་དམག་འབོར་ཆེན་བཀྲམས་ནས་སྔར་བས་དམ་བསྒྲགས་ཆེ་རུ་བཏང་ཡོད་འདུག་པ་བཅས། སྨོན་ལམ་མཐར་ཕྱིན་པས་ ༢༠༠༨།༡༢།༣༠ ལ།