གསར་འགྱུར་གསར་པ།:

དགོངས་ཚུལ།

ཙ་ཡུས་དགོན་པའི་དགེ་འདུན་པ་གཉིས་ལ་ཁྲིམས་བཅད།

13december20087ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༡ཉིན་སྤེལ། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་༢༠༠༨།༡༢།༢༨ལ་འདི་གར་ཁུངས་ལྡན་གནས་ཚུལ་གནང་འབྱོར་བྱུང་བ་ལྟར་ན། མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཙ་ཡུས་དགོན་དགེ་ལྡན་ཆོས་འཕེལ་གླིང་གི་དགེ་འདུན་པ་བློ་བཟང་རང་ལོ་༣༦ཅན་ལ་བཙོན་འཇུག་ཁྲིམས་ཆད་ལོ་༢༡དང༌། དཀོན་མཆོག་སྦྱིན་པ་རང་ལོ་༣༣།༣༤ཙམ་ལ་བཙོན་འཇུག་ཁྲིམས་ཆད་ལོ་༡༢བཅད་ཡོད་འདུག ཁོང་གཉིས་ཕྱི་ཟླ་༣ཚེས་༡༨ཉིན་ཞི་རྒོལ་གནང་མཁན་གྲས་ཡིན་པ་དང༌། ཕྱི་ཟླ་༣ཚེས་༢༣ཉིན་གྲྭ་༢༦འཛིན་བཟུང་བྱས་ཁོངས་སུ་ཡོད་འདུག ཁྲིམས་ཐག་གཅོད་མཁན་ནི་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཞེས་པ་ཡིན་འདུག་པ་དང༌། ཁྲིམས་ཐག་བཅད་དུས་༢༠༠༨།༡༡།༢༧ ཉིན་ཡིན་འདུག་པ་བཅས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གཞིས་བྱེས་ཚོ་འདི་ཚོ་དངོས་གནས་ལྷག་བསམ་བཟོད་མེད་ཀྱི་དཔའ་རྒོད་རེད། ང་ཚོའི་ད།
1 ༡༣༢༠༠༩༡༧༣༤
ལི་ལྗོངས་ཀྱི་གངས་ཕྲུག
གཞིས་བྱེས་ཚོ་འདི་ཚོ་དངོས་གནས་ལྷག་བསམ་བཟོད་མེད་ཀྱི་དཔའ་རྒོད་རེད། ང་ཚོའི་ད། P



བརྗོད་གཞི་གཞན་ཁག་ལ་གཟིགས།