གསར་འགྱུར་གསར་པ།:

དགོངས་ཚུལ།

དཀར་མཛེས་སུ་བོད་མི་འགའ་ལ་བཙོན་འཇུག་ཁྲིམས་ཆད་བཏང་གནས།

27december20081ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༡ཉིན་སྤེལ། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་༢༠༠༨།༡༢།༢༨ལ་འདི་གར་ཁུངས་ལྡན་གནས་ཚུལ་གནང་འབྱོར་བྱུང་ལྟར་ན། ༡༽དཀར་མཛེས་ཁུལ། བྲག་འགོ་རྫོང་ཁོངས་ཏྲེ་ཧོར་ལྕོག་རི་དིལ་ཡུལ་གྲོང་ཚོ་ཕ་བློ་དགའི་བུ། རང་ལོ་༢༨ཅན་བསོད་ནམས་ཡར་འཕེལ་ལ་ཉེ་ཆར་ཟླ་ཚེས་ཁ་གསལ་ཤེས་རྟོགས་མི་འདུགདཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ལོ་༡༢བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་ཁོངས་ཁྲན་ཆིང་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་འདུག ད་ལོ་ཕྱི་ཟླ་༤ཚེས་༢༩།༣༠གཡས་གཡོན་ལ་ཁྲིམས་ཐག་བཅད་ཟིན་པའི་ལྕོག་རི་ངང་སྒོང་བཙུན་དགོན་གྱི་བཙུན་མ་༧དང༌། ཏྲེ་ཧོར་གྲོང་སྡེ་ནས་ཡིན་པ་མི་སྐྱ་སྐལ་བཟང་རྡོ་རྗེ་སོགས་དཀར་མཛེས་ཁུལ་གྱི་ཁྲིམས་ཐག་བཅད་ཟིན་པའི་བོད་མི་ཁག་ཅིག་བཙོན་ཁང་དེར་བཅུག་ཡོད་འདུག བསོད་ནམས་ཡར་འཕེལ་ནི་ད་ལོ་ཕྱི་ཟླ་༤ཚེས་༢ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་པ་དང༌། ཁོང་ལ་ཕྱི་ཟླ་༣ཚེས་༢༤།༢༥སོགས་སུ་ལྕོག་རི་ས་གནས་ཀྱི་ཞི་རྒོལ་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་སྐོར་གྱི་ཉེས་འཛུགས་བྱས་ཡོད་འདུག

༢༽ གཞན་ཡང་གསར་ལམ་ནས་ཕྱི་ཟླ་༡༢ཚེས་༢༡ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལོ་ཕྱི་ཟླ་༣ཚེས་༡༨ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གནང་མཁན་གྲས། ༡༽དཀར་མཛེས་རྟ་རྒྱུག་སྟེང་ཚང་པདྨ་བདེ་ཆེན་དང༌། ༢༽འོ་བཟང་བཀྲ་ཤིས་དཔལ་ལྡན། ༣༽མགོ་དགའ།མགོན་པོ་རྒྱལ་མཚན། ༤༽གཙང་ཁ་ཚང་བཟང་པོ་བཅས་བོད་མི་༤ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་༣རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཐོག་མར་ཁོང་རྣམས་ཟླ་གསུམ་ཙམ་རིང་དཀར་མཛེས་སུ་བཀག་ཉར་དང༌། དེ་རྗེས་ཉག་རོང་དུ་ཁྲིད་པ། ཡང་དཀར་མཛེས་སུ་ཟླ་གཅིག་བཀག་ཉར་བྱས་ཡོད་འདུག ཁྲིམས་ཐག་བཅད་ཟིན་མཚམས་རྒྱ་ནག་ཕྱོགས་སུ་ཁྲིད་ཡོད་འདུག སྨོན་ལམ་མཐར་ཕྱིན་པས་༢༠༠༨།༡༢།༢༨ལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
བྱེས་འབྱོར་སྤུན་ཟླ་མང་པོ། རང་གི་འཚོ་མདུན་ཆེད་དུ། ཀུན་དགའ་དོན་འགྲུབ་ཕྱོགས་ལ། གཤོག་རྩལ་ཉོས་ནས་འཕུར་སོང༌། ང་དང་འདིར་བཞུགས་གཞིས་ལུས། བྱང་ཆུབ་སེམས་མཆོག་སྐྱོར་ནས། མི་ལོ་ལྔ་བཅུ་འཁོར་སོང༌། ད་ནི་དཀོན་མཆོག་མཁྱེན་ནོ། ། ད་ནི་སྙད་རྐོ་ཉེན་རྟོག།་ གཞིས་ལུས་མདུན་དུ་སླེབས
2 ༡༢༢༠༠༩༡༨༢༤
ལི་ལྗོངས་ཀྱི་གངས་ཕྲུག
བྱེས་འབྱོར་སྤུན་ཟླ་མང་པོ། རང་གི་འཚོ་མདུན་ཆེད་དུ། ཀུན་དགའ་དོན་འགྲུབ་ཕྱོགས་ལ། གཤོག་རྩལ་ཉོས་ནས་འཕུར་སོང༌། ང་དང་འདིར་བཞུགས་གཞིས་ལུས། བྱང་ཆུབ་སེམས་མཆོག་སྐྱོར་ནས། མི་ལོ་ལྔ་བཅུ་འཁོར་སོང༌། ད་ནི་དཀོན་མཆོག་མཁྱེན་ནོ། ། ད་ནི་སྙད་རྐོ་ཉེན་རྟོག།་ གཞིས་ལུས་མདུན་དུ་སླེབས་སོང༌། །ལི་ལྗོངས་ཕོ་ཉའི་སྐྱོ་གླུ། ཕུན་ཚོགས་དོན་གྲུབ།
བྱེས་འབྱོར་སྤུན་ཟླ་མང་པོ། རང་གི་འཚོ་མདུན་ཆེད་དུ། ཀུན་དགའ་དོན་འགྲུབ་ཕྱོགས་ལ། གཤོག་རྩལ་ཉོས་ནས་འཕུར་སོང༌། ང་དང་འདིར་བཞུགས་གཞིས་ལུས། བྱང་ཆུབ་སེམས་མཆོག་སྐྱོར་ནས། མི་ལོ་ལྔ་བཅུ་འཁོར་སོང༌། ད་ནི་དཀོན་མཆོག་མཁྱེན་ནོ། ། ད་ནི་སྙད་རྐོ་ཉེན་རྟོག།་ གཞིས་ལུས་མདུན་དུ་སླེབས
1 ༡༢༢༠༠༩༡༨༢༢
བྱེས་འབྱོར་སྤུན་ཟླ་མང་པོ། རང་གི་འཚོ་མདུན་ཆེད་དུ། ཀུན་དགའ་དོན་འགྲུབ་ཕྱོགས་ལ། གཤོག་རྩལ་ཉོས་ནས་འཕུར་སོང༌། ང་དང་འདིར་བཞུགས་གཞིས་ལུས། བྱང་ཆུབ་སེམས་མཆོག་སྐྱོར་ནས། མི་ལོ་ལྔ་བཅུ་འཁོར་སོང༌། ད་ནི་དཀོན་མཆོག་མཁྱེན་ནོ། ། ད་ནི་སྙད་རྐོ་ཉེན་རྟོག།་ གཞིས་ལུས་མདུན་དུ་སླེབས་སོང༌། །ལི་ལྗོངས་ཕོ་ཉའི་སྐྱོ་གླུ། ཕུན་ཚོགས་དོན་གྲུབ།



བརྗོད་གཞི་གཞན་ཁག་ལ་གཟིགས།