choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡ཉིན། ཟླ་འདིའི་ཚེས་༣༠ཉིན་རྒྱ་ནག་གི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཅ་ཆིན་ལིང་གིས། བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི། ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཏང་དང་རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གིས་ཧི་མ་ལའི་རི་བརྒྱུད་ཀྱི་ས་ཁུལ་དེ་དག་དབང་བསྒྱུར་བྱས་པ་ནས་བཟུང༌། བོད་ཀྱི་རིག་གནས་ནི་ཧ་ཅང་གི་ཛ་དྲག་ཅན་ཞིག་ཏུ་འགྱུར་བཞིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང༌། ཟླ་འདིའི་ཚེས་༢༩ནས་༣༠བར་ཉིན་༢རིང་པེ་ཅིང་མི་མང་ཚོགས་ཁང་ཆེན་མོ་རུ། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཟེར་བའི་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་དེ་འཚོགས་ཅིང༌། སྐབས་དེར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཅ་ཆིན་ལིང་གིས། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་མཐུན་ཚོགས་འདི་བཙུགས་ནས་ལོ་ངོ་༦གི་རིང་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་བ་དང༌། བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཟེར།

ཡང་ཁོང་གིས་བོད་ལྗོངས་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་དུས། བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི་བོད་ལྗོངས་ཀྱི་ཡུན་རིང་ལོ་རྒྱུས་རྒྱུན་འཛིན་དང༌། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བ་བཅས་ཀྱི་འབྲེལ་བ་ཆེན་པོ་ཡོད་པས། ཏང་དང་རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་རྒྱུར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཅེས་བཤད་འདུག

འོན་ཀྱང་༧གོང་ས་མཆོག་གིས་རྒྱ་ནག་གིས་བོད་ནང་དུ་འཛིན་པའི་སྲིད་ཇུས་ནི་དྲག་ཤུགས་དང་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་ཞིག་ཡིན་པ་དང༌། གང་ལྟར་རྒྱ་ནག་གཞུང་གི་ངོས་འཛིན་བྱས་རུང་མ་བྱས་རུང་བོད་ནང་དུ་དཀའ་རྙོག་ཅིག་ཡོད་པ་ནི་དངོས་ཡོད་རེད། ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་ཞི་རྒོལ་སྐབས་ཁྱོན་བོད་མི་༢༠༠ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་གནང༌།

མ་ཚད་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ནས། ཁྱོན་བོད་མི་ས་ཡ་༡་༢ཙམ་དམར་བསད་བཏང་ཡོད་པས་མ་ཚད། རིག་གནས་གསར་བརྗེ་ཆེན་པོ་སྐབས་བོད་པའི་ཆོས་དང་རིག་གཞུང་གི་བསྟི་གནས་ལོ་ངོ་སྟོང་ཕྲག་རིང་ལོ་རྒྱུས་ལྡན་པའི་རྩ་ཆེན་གྱི་དགོན་སྡེ་ཁག་༦༠༠༠ཙམ་རྩ་གཏོར་བཏང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༠༨༢༠༡༠༡༦༣༦
འབག་ཙོག་གི་ཁོར་ཡུག་འདིར་སྡོད་ཡུན་རིང་དྲགས་པའི་ང་ཚོས་རང་ཉིད་ཀྱི་ཕ་སྐད་གཙང་མ་ཞིག་ཀྱང་ཤོད་ཐུབ་ཀྱི་མེད་ཨང་།
ཧམ་ཆེན་རྒྱ་ནག་པའི་གཏམ་བཤད་ལ་ཉམ་ཆུང་བོད་མི་ཚོ་མགོ་བོ་མི་འཁོར་བ་དཔྱད་གཏམ་ངེས་པར་དུ་སྤེལ་དགོས། དཔྱད་བརྗོད་པ་རྣམས་ཀྱིས་དཔྱད་ཡུལ་མ་ནོར་བ་རང་སྐེ་ལ་ཐུག་དུས་མ་གཡོལ་ཞིག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཅ་ཆིན་ལིང་གི་གཏམ་བཤད་དེ་ནི་འཛམ་གླིང་རྒྱལ་སྤྱིའི་ཁྲོད་དུ་གནས་སྐབས་ཚོང་གཉེར་གྱི་དགོས་མཁོའི་ཆེད་ཌ་མ་རུའི་ངོ་གཅིག་གི་རང་མདངས་ཕྱི་ལ་སྟོན་པ་ཙམ་ལས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་རིག་གཞུང་ཡར་རྒྱས་གཏོང་རྒྱུ་ནི་རྒྱ་ནག་གི་དཔོན་རིགས་ཚོའི་གཉིད་ལམ་དུ་ཡང་འཁོར་མྱོང་མེད་པ་ནི་ཁོ་བོས་ཁ་མཚོན་བཅད་དེ་ཞུ་སྤོབས། །



བརྗོད་གཞི་གཞན་ཁག་ལ་གཟིགས།