དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཚོང་དཔོན་ཀརྨ་བསམ་འགྲུབ་ལ་ལོ་༡༥ཡི་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༥ཉིན། ཉེ་ཆར་ཤིན་ཅང་ཁུལ་ཡང་ཆིང་རྫོང་དུ་ཁམས་གོ་འཇོ་ནས་ཡིན་པའི་བོད་ཀྱི་ཚོང་དཔོན་ཆེན་མོ་ཀརྨ་བསམ་འགྲུབ་ལགས་ཀྱི་ཆབ་སྲིད་དབང་ཆ་ལོ་༥འཕྲོག་ནས་རྒྱ་སྒོར་༡༠༠༠༠ཆད་པ་གཅོད་རྒྱུ་ཡིན་པས་མ་ཚད། མི་ལོ་༡༥བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཤིན་ཅང་ཡང་ཆིན་རྫོང་དུ་ཡོད་པའི་ཁྲིམས་ཁང་ཞིག་གིས། ཟླ་འདིའི་ཚེས་༢༢ནས་༢༣བར་ཁྲིམས་ཞིབ་ཀྱིས་༼རྨ་འབྲི་རྫ་གསུམ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱབ་ཚོགས་པ་༽གསར་འཛུགས་གནང་མཁན། ཚོང་དཔོན་ཆེན་མོ་ཀརྨ་བསམ་འགྲུབ་ལགས་ལ། དུར་ས་སྔོག་འདོན་བྱས་པ་དང་གནའ་ཤུལ་གྱི་རིག་དངོས་རྐུ་འཁྱེར་བྱས་པ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་འོག ཆབ་སྲིད་དབང་ཆ་ལོ་༥འཕྲོག་ནས་རྒྱ་སྒོར་༡༠༠༠༠ཆད་པ་གཅོད་རྒྱུ་མ་ཚད། མི་ལོ་༡༥བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག

ཁྲིམས་ཞིབ་སྐབས་ཀརྨ་བསམ་འགྲུབ་ལགས་ཀྱི་གཟའ་ཟླ་སྒྲོལ་མ་མཚོ་མོ་ལགས་དང༌། ཁྲིམས་རྩོད་པ་སོགས་ཕྱིན་ཡོད་འདུག་ཀྱང་དམིགས་བསལ་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད། མ་ཚད་ཟླ་བ་མང་པོ་རིང་ཁོང་ལ་འདྲི་བརྩད་དང་རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་ཁོང་གི་གཟའ་ཟླས་ཀྱང་དང་ཐོག་ངོ་མི་ཤེས་པ་ལྟ་བུ་གྱུར་ཡོད་འདུག

འདྲི་བརྩད་སྐབས་ཉིན་མཚན་མང་པོ་གཉིད་ཁུག་དུ་མི་འཇུག་པ་དང༌། མགོ་བོ་གྱང་ལ་རྡེབ་པ། དུག་རྫས་འདྲ་མིན་ཟ་བཅུག་པའི་རྐྱེན་གྱིས་ཁོང་གི་རྣ་བ་ནས་ཁྲག་ཡང་ཐོན་བཞིན་ཡོད་འདུག སྐབས་དེར་ཁོང་གི་གཟའ་ཟླ་སྒྲོལ་མ་མཚོ་མོ་ལགས་ཀྱིས་ཁོང་ཉིད་དང་ཐུག་འཕྲད་ཀྱིས་སྐད་ཆ་ཚིག་ཁ་ཤས་བྱ་རྒྱུའི་རེ་སྐུལ་བྱས་ཀྱང༌། ཉེན་རྟོག་པས་ངོས་ལེན་བྱས་མེད་པ་རེད།

ཀརྨ་བསམ་འགྲུབ་ལགས་འདི་ལོ་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་རྒྱ་ནག་ཁྲེན་ཏུང་གྲོང་ཁྱེར་ནས་འཛིན་བཟུང་བྱས་པ་དང༌། སྤྱིར་དེ་སྔོན་ཀྲུང་དབྱངས་བརྙན་འཕྲིན་ཁང་སོགས་ནས། དཔལ་འབྱོར་དང༌། ཁོར་ཡུག་སྲུང་སྐྱོབ་སྐོར་བྱ་དགའ་མང་པོ་རག་མྱོངས་ཡོད་ཀྱང༌། ཐེངས་འདིར་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཁྲིམས་འགལ་གྱི་རྒྱུ་ཆ་མཁོ་སྒྲུབ་བྱས་པ་དང༌། གཞན་ཡང་ལོ་སྔོན་མར་ཁོང་གི་སྤུན་འཇིགས་མེད་རྣམ་རྒྱལ་ལགས་དང༌། རིན་ཆེན་བསམ་འགྲུབ་གཉིས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པར། ཀརྨ་བསམ་འགྲུབ་ལགས་ཁོང་གཉིས་སྐྱོབ་ཆེད་རྒྱ་ནག་ཏུ་ཞུ་གཏུགས་བྱས་པར་འགྲོ་སྐབས། དེ་སྔོན་ཕྱི་ལོ་༡༩༩༨ལོར་ཁོང་ལ་ཉེས་འཛུགས་དང་དག་སེལ་ཚར་བའི་གནའ་ཤུལ་རིག་གཞུང་བརྐུ་འཁྱེར་གྱི་གནད་དོན་དེ་སླར་ཡང་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག

ཀརྨ་བསམ་འགྲུབ་ལགས་ཀྱི་སྤུན་རིན་ཆེན་བསམ་འགྲུབ་ལགས་དང་འཇིགས་མེད་རྣམ་རྒྱལ་གཉིས་ནི་ན་ནིང་ཕྱི་ཟླ་༨པའི་ནང་འཛིན་བཟུང་བྱས་པ་དང༌། ཁོང་གཉིས་ཀྱིས་དེ་སྔོན་༼ཨ་ཆུང་སེང་གེ་རྣམ་རྫོང་དང་བླངས་ཁོར་ཡུག་སྲུང་སྐྱོབས་ཚོགས་པ་༽ཟེར་བ་ཞིག་གསར་འཛུགས་བྱས། འོན་ཀྱང་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ཕྱི་ཕྱོགས་ནས་ཁྲིམས་འགལ་གྱི་གནས་ཚུལ་མཁོ་སྒྲུབ་བྱས་པ་དང༌། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོང་སྐྱོན་གཏོང་གི་ཡོད་པ་སོགས་ཀྱིས་ཉེས་འཛུགས་སྣ་ཚོགས་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁ་དོན་མི་མཚུངས་པའི་གུང་ཁྲན་སྲིད་གཞུང་གིས་ཁ་རུ་དུས་བདེ་བོད་ལྗོངས་ཞེས་གླུ་དབྱངས་སྒྲོག་བཞིན་བོད་ཁམས་ཡོངས་རྫོགས་ཁྲག་ལྟར་བཀྲུགས། འབྱོར་འབྲིང་བོད་ལྗོངས་ཞེས་ཁ་རུ་མ་ཎི་ལྟར་བགྲངས་ཤིང་། བོད་རིགས་འབྱོར་ལྡན་ཅན་དང་། ཤེས་ཡོན་ཅན་དག་ལ་ལ་ཉེས་མེད་ཉེས་འཛུགས་ཀྱིས་མནར་གཅོད་ཚད་མེད་བཏང་། དངུལ་གྱི་ཆད་པ་བཅད། ད་དུང་ལོ་ངོ་བཅུ་ཕྲག་རྒལ་བར་བཙོན་འཇུག་གིས་ཉེས་ཆད་བཅད་པ་སོགས་བརྡུང་བཅོམ་འཕྲོག་བསད་ཀྱི་དམྱལ་ཁམས་བཅོ་བརྒྱད་གསོན་མི་ཡུལ་དུ་འཕོས་པ་དང་ཅི་མཚུངས་བྱས། ངོ་མ་གུང་ཁྲན་སྲིད་གཞུང་འདི་ཅི་འདྲའི་སྡིག་སེམས་ནག་པ་ལ་ཨང་།



བརྗོད་གཞི་གཞན་ཁག་ལ་གཟིགས།