དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཛ་དྲག་གནས་སྟངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༣ཉིན། རྩོམ་པ་པོ་སེར་སྨད་བློ་དགའ་ལགས་ཀྱིས་ཟིན་བྲིས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༤པའི ཚེས་༢༧ཉིན་གྱི་ཞོགས་པ་སྔ་མོར་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་གཉིས་སྔོན་བརྡ་གང་ཡང་མེད་པ་གློ་བུར་རིན་པོ་ཆེར་ཐུག་འཕྲད་དང་། སྐབས་དེར་བརྙན་པར་ལེན་པ། སྒྲ་འཇུག་བྱས་པ། དོན་དངོས་དང་ཁོང་ཚོས་བཤད་པའི་སྐད་དབར་མི་མཐུན་པ་བཅས་ཀྱི་གནས་ཚུལ་ཡ་མཚན་དེས་བོད་མི་རྣམས་ལ་དོགས་སློང་དང་སེམས་འཚབ་ཆེན་པོ་བཟོས་ཡོད་འདུག

དེ་ཡང་བློ་དགའ་ལགས་ཀྱིས་སྤྱི་ལོ་༢༠༡༠ ཟླ་བ་༤ པའི་ཚེས་༢༧ ཉིན། ཞོགས་པ་སྔ་མོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོན་དཀར་གཉིས་ལི་ཐང་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁྲིམས་འཛིན་ཚན་པའི་འགོ་ཁྲིད་གཉིས་ཀྱིས་སྔོན་བརྡ་གང་ཡང་མེད་པར་གློ་བུར་དུ་སྤྲུལ་སྐུ་ཐུག་འཕྲད་བྱེད་ཆོག་ཟེར་ནས། ཁྲིན་ཏུའུ་གྲོང་ཁྱེར་དང་ཉེ་ཕྱོགས་སུ་ཡོད་པའི་བཙོན་ཁང་ཞིག་ཏུ་རིན་པོ་ཆེ་དང་ཐུག་འཕྲད་བྱས་བཅུག ཐུག་འཕྲད་མ་བྱས་པའི་སྔོན་དུ་རིན་པོ་ཆེའི་སྨན་པ་ཡིན་ཟེར་བའི་རྒྱ་རིགས་ཤིག་དང༌། བཙོན་ཁང་དེའི་འགོ་ཁྲིད་སོགས་ཀྱིས་མཉམ་དུ་ཚོགས་འདུའི་རྣམ་པ་ལྟ་བུའི་ཐོག་ནས་སྨན་པས་བཤད་རྒྱུར། རིན་པོ་ཆེར་ཐུག་འཕྲད་སྐབས་ཆེས་དགའ་དྲག་པ་དང་ཆེས་སྡུག་དྲག་པའི་སྐད་ཆ་སོགས་གང་བྱུང་བཤད་མི་རུང༌། བླ་མ་ལ་རུས་ལྷག་གི་སྙུང་གཞི་དང༌། སྙིང་རླུང༌། ཁྲག་ཤུགས་ཧ་ཅང་མཐོ་བ་དང་མགོ་བོའི་ནང་ཁྲག་རྒྱུག་མི་ཐུབ་པའི་དབང་གིས་སྐབས་གཅིག་ས་ལ་རིལ་མྱོངས་བས། སྐད་ཆ་གཟབ་གཟབ་མ་བཤད་ཚེ་མཐའ་ན་སྲོག་ལའང་ཉེན་ཁ་ཡོད། ཅེས་སློབ་གསོ་རྒྱག་ཁུལ་བྱས། སྲིང་མོ་གཉིས་ཀྱིས་རིན་པོ་ཆེ་དངོས་སུ་མཇལ་ཚེ་སྨན་པས་བཤད་པ་དང་གཏན་ནས་མི་འདྲ་བར། སྐུ་ཤ་རྒྱག་པ་དང་སྐུ་གཟུགས་བདེ་ཐང་གི་རྣམ་པ་ལས་སྙུང་གཞི་ཡོད་པའི་འཆར་སྣང་རྩ་བ་ནས་མེད་ཅིང༌། རིན་པོ་ཆེ་ནས་ཀྱང་སྙུང་གཞི་ཡོད་ཚུལ་གང་ཡང་གསུངས་མེད། སྐབས་དེར་པར་དང་བརྙན་པར་ལེན་མཁན། སྒྲ་འཇུག་བྱེད་མཁན་སོགས་ཡོད་ཅིང༌། མ་ཟད་རིན་པོ་ཆེ་རང་ནས་བསྐུར་བ་རེད་ཟེར་བའི་པར་ཞིག་དེང་སང་མང་ཚོགས་ཁྲོད་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་སོགས་ཀྱིས་རྐྱེན་པས་ཡུལ་མི་ཚོས་རིན་པོ་ཆེའི་སྐུ་སྲོག་ལ་ཉེན་ཁ་མཐོང་སྟེ། དོགས་པ་དང་དངངས་ཚབས་ཆེན་པོ་བྱེད་བཞིན་པ་དང༌། མཇལ་འཕྲད་སྐབས་སུ་རིན་པོ་ཆེ་ནས། སྲིང་མོ་ཁྱོད་གཉིས་ལ་སྐད་ཆ་གང་བྱུང་བཤད་མི་ཆོག་ཟེར་ནས་ཁ་ཁྲིམས་མང་པོ་བཞག་ཡོད་མེད་ལ་མ་ལྟོས་པར་ཁྲིམས་དང་མཐུན་ན། གནས་ཚུལ་ཅི་ཡོད་རུང་ཤོད་ཀྱང་བྱོས། བཤད་མི་ཆོག་པ་གང་ཡང་མེད། ཅེས་གསུངས་ཤིང༌། སྲིང་མོ་གཉིས་ནས་ཀྱང་ལོ་སྔོན་མའི་སྤྱི་ཟླ་༡༢ པའི་ཚེས་ ༢ ཉིན་པེ་ཅིང་ཆེས་མཐོའི་ཁྲིམས་ཁང་དུ་ཁྱེད་ཀྱི་དོན་ལ་ཁྲིམས་བཏུགས་བྱེད་སར་ཕྱིན་པ་ཡིན། འོན་ཀྱང་ཁྱེད་ལ་ཁྲིམས་ཐག་བཅད་པའི་མཐའ་མའི་ཡི་གེ་མེད་པའི་རྐྱེན་གྱིས་གྲུབ་འབྲས་ཐོན་མ་སོང༌། ཟླ་བ་དེའི་ཚེས་༦ ཉིན་ནས་ལི་ཐང་རྫོང་དང་ཉག་ཆུ་རྫོང་གཉིས་ཀྱི་ཡུལ་མི་ཁྲི་གཅིག་ལྷག་གིས་མཐའ་མའི་ཐག་གཅོད་ཀྱི་ཡིག་ཆ་དགོས་པའི་དགོས་འདུན་ནན་ཞུ་བྱས་པ་ལྟར་དཔྱད་ཁྲའི་ཡི་གེ་དེ་ལག་སོན་བྱུང༌། ད་ཐེངས་རིན་པོ་ཆེ་རང་གིས་བྲིས་པའི་ཁྲིམས་ལ་སྐྱར་དུ་ཞུ་བཏུགས་ཡི་གེ་ཞིག་དགོས་ཀྱི་འདུག་ཅེས་ཞུས། རིན་པོ་ཆེ་ཡིས་ངས་ཡི་གེ་དེ་འདྲ་ཞིག་བྲིས་ན་མི་འགྲིག་པ་མེད་ཀྱང་ལྟ་རྟོག་པས་ཁྱེད་གཉིས་ཀྱི་ལག་ཏུ་འཇོག་སྲིད་ཀྱི་མ་རེད། དེ་ལས་ངས་འབར་གས་དོན་རྐྱེན་བཟོ་མྱོང་མེད་པ་དང་མ་ཉེས་ཁག་གཡོག་ཡིན་པའི་ཡིག་ཆ་ཆ་ཚང་བ་ཞིག སྤྱི་ལོ་༢༠༡༠ ལོའི་ཟླ་བ་༥ པའི་ཚེས་༥ ཉིན་རྒྱ་ནག་གི་ལས་ཁུངས་མི་འདྲ་བ་ཉི་ཤུ་རྩ་དྲུག་གི་ནང་དུ་སྐུར་ངེས་ཡིན་པས་དེས་ཕན་ཐོགས་ངེས་རེད། དེ་ལ་ཕན་ཐོགས་མེད་ན། ད་དུང་པེ་ཅིང་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་བཏུགས་རྒྱག་ཏུ་སོང༌། ཞུ་གཏུགས་སྐབས་རྒྱའི་ཁྲིམས་རྩོད་པ་མཁས་པ་དང་བོད་སྐད་སོགས་སྤུས་ཀ་དག་པའི་བོད་པ་ཁྲིམས་རྩོད་པ་དགོས་གལ་ཆེ། ཞེས་བཀའ་བསྩལ།

དེའི་རྗེས་རིན་པོ་ཆེའི་ནང་མི་དང་ཡུལ་གྱི་མི་སེར། ཁྲིམས་རྩོད་པ་ཚང་མས་གྲ་སྒྲིག་ཨང་གསར་གྱིས་སླར་ཡང་འདི་ལོའི་སྤྱི་ཟླ་༥ པའི་ཟླ་འཇུག་ཏུ། བསོད་ནམས་སྒྲོལ་མ་དང༌། ཝོ་རྡོ། རིལ་རིལ། ཨ་མུག དོན་སྦེ། བཅས་བུད་མེད་ལྔ་སྲི་ཁྲོན་ཞིང་ཆེན་དུ་ཞུ་བཏུགས་བྱེད་དུ་སོང་སྟེ། ཁ་སྔོན་བཙོན་ཁང་གི་འགོ་ཁྲིད་དང་སྨན་པ་མཉམ་དུ་ཡོད་སར་རིན་པོ་ཆེར་སྙུང་གཞི་ལྕི་མོ་ཡོད་ཚུལ་ཁས་ལེན་བྱས་པ་ལྟར། རྩ་ཁྲིམས་ནང་དུ་བཙོན་པ་ནད་གཞི་ཅན་ཕྱིར་ཕྱོགས་སུ་སྨན་བཅོས་བྱེད་ཆོག་པའི་ལམ་ལུགས་ཡོད་པས། བླ་མ་བཙོན་ཁང་གི་ཕྱི་ཕྱོགས་སུ་སྨན་བཅོས་བྱེད་སར་གཏོང་དགོས། ཡང་ན་གྱོད་དོན་ཐག་གཅོད་ལ་དབྱེ་ཞིབ་མགྱོགས་པོར་འགོ་འཛུགས་བྱེད་དགོས། དེ་མིན་རིན་པོ་ཆེའི་སྐུ་སྲོག་གི་ལས་འགན་ཡོངས་རྫོགས་ཁྱོད་ཚོས་ཁྱེར་དགོས་ཀྱི་ཡོད། ཅེས་ཞུ་བཏུགས་བརྒྱག་ཏུ་སོང༌། ཞིང་ཆེན་གྱི་འགོ་བྱེད་མི་སྣས་བླ་མ་ལ་སྙུང་གཞི་ཡོད་མེད་བརྟག་དཔྱད་ནན་པོ་བྱེད་ཀྱི་ཡིན། གལ་སྲིད་སྙུང་གཞི་ཡོད་ཚེ། རྩ་ཁྲིམས་ལྟར་གོ་སྐབས་སྤྲོད་ཆོག་ཅེས་ལན་འདེབས་བྱས།

ད་ལྟའི་ཆར་རིན་པོ་ཆེའི་ནང་མི་དང་མི་མང་གི་བསམ་འདུན་དངོས་ནི། ད་ལན་ཁྲིམས་ཀྱི་ཆ་རྐྱེན་དང་ཞུ་བཏུགས་ཀྱི་ཡི་གེ། ཁྲིམས་རྩོད་པ་དང་ཞུ་བཏུགས་མི་མང་གི་ཐག་གཅོད་སོགས་གོང་རིམ་ནས་བཏོན་པའི་དགོས་ངེས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པར་ཚང་ཡོད། ལྷག་པར་དུ་བླ་མའི་གནས་སྟངས་ཐད་ནས་ཀྱང་ཚད་ལས་བརྒལ་བའི་ཆེས་ཛ་དྲག་ཏུ་གྱུར་ཡོད་པས། མི་རེ་གཉིས་ཤིག་མཇལ་འཕྲད་ཙམ་གྱིས་འདོད་པ་མི་ཁེངས་པར་གལ་སྲིད་གོང་ཞུས་ལྟར་མ་མཐར་ཡང་བླ་མ་དང་མི་མང་མཇལ་འཕྲད། ཡང་ན་སྨན་བཅོས་དང་གྱོད་བཤད་རྒྱུ་སོགས་ལས་གོ་སྐབས་གཅིག་མ་བྱུང་ཚེ།  དོགས་ཟོན་དང༌། སེམས་ཚབས། ཧ་ཅང་ཉེན་ཁ་ཆེ་བའི་འགག་མཚམས་འདིར། ཞུ་གཏུགས་དང་སྐད་འབོད་སོགས་ཀྱི་ལས་འགུལ་མཚམས་འཇོག་བྱེད་རྩེས་མེད་པར་མི་རེ་ངོ་རེ་ཐག་གཅོད་དང༌། ལས་གཞི་དེར་སློབ་གྲྭ་དང་གྲྭ་པ། འབྲོག་པ་དང་ཞིང་པ། བཟོ་བ་དང་ལས་བྱེད། རྒན་ཁོག་དང་ཕྲུ་གུ། ཚོང་པ་དང་མཁས་པ་སོགས་མང་ཚོགས་བརྒྱ་ཆ་དགུ་བཅུ་ལྷག་ཚུད་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི། སྤྱི་ལོ་༢༠༠༢ ལོའི་ཕྱི་ཟླ༡༢ པའི་ཚེས་༢ ཉིན་འབར་གས་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་འོག་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཁྲིམས་ཐག་གཅོད་བྱས་པ་དང༌། ༢༠༠༥ ལོར་སྲོག་ཁྲིམས་དེ་ཚེ་བཙོན་དུ་བསྒྱུར་ཡོད་པ་རེད། དེ་ནས་བཟུང་ཡུལ་མི་མི་སེར་ནང་རིན་པོ་ཆེར་སྐྱོན་དང་ནག་ཉེས་ཡོད་པར་དཀྲོག་གཏམ་དང་གློག་བརྙན་རྫུན་མ་ཞིག་བཀྲམས་ནས་མི་མང་ལ་རིན་པོ་ཆེར་ནག་ཉེས་ཡོད་པའི་ར་འཕྲོད་ཡོང་ཐབས་བྱས་ཀྱང་དོན་མེད་དུ་གྱུར། རིན་པོ་ཆེར་ཐུག་འཕྲད་སྔ་ཕྱི་ཁ་ཤས་བྱུང་ཡང༌། སྐབས་ཚང་མར་རིན་པོ་ཆེ་ནས་ང་ལ་ནག་ཉེས་སྤུ་ཙམ་ཡང་མེད་ཅེས་སྤོབས་པ་ཆེན་པོས་གསུངས་ཡོད། ལོ་སྔོན་མའི་སྤྱི་ཟླ་༡༢ པའི་ནང་རྒྱ་ནག་གཞུང་ལ་ཞུ་གཏུག་སྐབས་མང་ཚོགས་ཀྱི་དགོས་འདུན་གཙོ་བོ་ནི་བླ་མའི་སྐོར་གྱི་ཁྲིམས་བཤེར་གཙང་དག་བྱེད་དགོས་པ་དང༌། རིན་པོ་ཆེར་དཀར་ནག་གི་ཐག་ཆོད་ཞིག་མ་བྱུང་ན། ཁ་ཕྱིར་སློག་ནས་འགྲོ་ཡི་མིན། ཟེར་ནས་སྲིད་གཞུང་གོང་རིམ་ལ་ཞུ་གཏུག་ནན་པོ་བྱས་ཡོད། ཀྲུང་དབྱངས་ནས་སྐབས་དེར་རིན་པོ་ཆེ་ཁྲིམས་ཐག་བཅད་པའི་ནག་ཉེའི་ཡི་གེ་ངེས་པར་དུ་དགོས་ཀྱི་རེད་ཟེར་ནས་ཆ་རྐྱེན་སྒྲུབ་ཏུ་བཅུག་ཀྱང༌། ཕྱིར་འཐེན་སྐ་སྐོར་མེད་པར་ལི་ཐང་རྫོང་དང་ཉག་ཆུ་རྫོང་གཉིས་ཀྱི་མི་མང་ཁྲི་གཅིག་ལྷག་གིས་ཡི་གེ་དེ་དགོས་པའི་རེ་དོན་སྐྱར་ཞུ་དང་ངོ་རྒོལ་ཤུགས་ཆེན་བྱས་མཐར། སྲི་ཁྲོན་ཞིང་ཆེན་ནས་ཡི་གེ་དེ་སྤྲད་པ་དང་བླ་མ་དང་འབྲེལ་ཐག་ཉེ་བའི་རིགས་ལ་སྐབས་སྐབས་སུ་ཐུག་འཕྲད་བྱེད་བཅུག་གི་ཡིན་ཞེས་ཁས་ལེན་བྱས་ཡོད། སྐབས་དེར་སྲི་ཁྲོན་ཞིང་ཆེན་གྱི་འགོ་བྱེད་མི་སྣས་བཤད་དོན། ཧ་གོ་དགོས་པ་ཞིག་ལ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གི་ཐག་གཅོད་དེ་བླ་མས་ཤེས་མེད་པ་དང༌། མཐོ་རིམ་ཁྲིམས་ཁང་དུ་ཐག་གཅོད་ཀྱི་ཁྲིམས་ཡིག་ཡིག་ཆ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཡང་བླངས་མེད་པ་རེད། ཁས་བླངས་རུང་མ་བླངས་རུང་ཐག་གཅོད་བྱས་ཚར་བས་བཤད་རྒྱུ་ལྷག་ཡོད་པ་མ་རེད། ཅེས་བཤད་ཡོད་ལ། སྐད་ཆ་དེ་ནས་རིན་པོ་ཆེར་མ་ཉེས་ཁག་གཡོག་ཡིན་པའི་ར་སྤྲོད་དཔང་རྟགས་གསལ་པོ་ཆགས་ཡོད་པ་རེད།

གང་ལྟར་ས་གནས་མི་མང་ལ་དོགས་པ་སྐྱེས་གཞི་གཙོ་བོ་ནི། སྲིང་མོ་གཉིས་སྔོན་བརྡ་མེད་པར་གློ་བུར་ཁྲིད་པ་དང༌། ད་ཐེངས་ཀྱི་འཇལ་འཕྲད་དེ་ཆེས་ལྷོད་ལྷོད་ཀྱི་རྣམ་པ་ལྡན་པ། བརྙན་པར་ལེན་པ་དང་སྒྲ་འཇུག་བྱས་པ། མཇལ་འཕྲད་མ་བྱས་པའི་གོང་དུ་སྨན་པས་སློབ་གསོ་ལྟ་བུའི་བླ་མར་སྙུང་གཞི་ཚབས་ཆེན་ཡོད་པ་ཞོར་ནས་གོ་ཐབས་བྱས་པ། སྨན་པས་བཤད་པ་དང་བླ་མ་སྐུ་ངོ་མའི་སྐུ་གཟུགས་གི་རྣམ་པ་གཉིས་ཐོ་མི་ཐུག་པ། རིན་པོ་ཆེ་ནས་ཀྱང་ཤུགས་ཆེན་པོས་གནས་ཚུལ་ཅི་ཡོད་ཀྱང་ཤོད་གསུངས་པ། བླ་མ་ལ་སྲིང་མོ་གཉིས་སུ་པར་བསྐུར་བཅུག་པ། པར་དེ་ཡང་ཡིད་ཆེས་བྱེད་ཆོག་པའི་གསལ་པོ་མེད་པ། བླ་མས་ངས་ཡི་གེ་དེ་འདྲ་ཞིག་བྲིས་ཀྱང་ཁྱེད་གཉིས་ཀྱི་ལག་ཏུ་འཇོག་སྲིད་ཀྱི་མ་རེད་ཅེས་ཐད་ཀར་རྒྱུས་ཡོད་ཀྱིས་ཐག་གཅོད་གནང་བ། དེས་དབང་གིས་ལོ་སྔོན་མར་ཨ་ཕ་བུ་མོ་མོར་ཤོག་ལྷེ་ཉི་ཤུ་མ་ཟིན་ཙམ་གྱི་ཡི་གེ་ཞིག་མི་མང་ནང་གསལ་བཤད་བྱེད་དགོས། ཞེས་བླ་མས་བཀའ་མངགས་གནང་ཡང་ཉེན་རྟོག་པས་ཨ་ཕ་བུ་མོའི་ལག་ཏུ་ཡི་གེ་དེ་སྤྲད་མེད་པར་མི་མང་ལ་སླར་ཡང་དྲན་གསོ་བསླངས་པ་བཅས་ཡིན་པ་གསལ་པོ་ཆགས་སོང༌ཞེས་འགྲེལ་བརྗོད་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།