choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རྒྱ་མིས་ཧོར་དགེ་འདུན་བཟང་པོའི་རྩིབས་རུས་བཅག་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༧ཉིན། ཤམ་བྷ་ལའི་ཕོ་ཉར་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་ཆར་ཁྲིན་ཏུང་རུ་རྒྱ་དམག་གིས་བོད་ནང་གི་རྩོམ་པ་པོ་སྒོ་ཡོན་དང་ཧོར་དགེ་འདུན་བཟང་པོ་སོགས་འཇུ་བཟུང་དང་གཅར་རྡུང་འོག ཧོར་དགེ་འདུན་བཟང་པོའི་རྩིབས་རུས་བཅག་ཡོད་པའི་གནས་ཚུལ་ཐོན་འདུག

སྐབས་དེར་ཉེས་རྡུང་དྲག་པོ་འོག་ཧོར་དགེ་འདུན་བཟང་པོའི་རྩིབས་རུས་བཅག་ཡོད་པས་མ་ཚད། ལག་གཡོན་མའི་ཐོག་ལྕགས་དབྱུག་ཤུགས་ཆེ་མང་པོ་བཞུས་པས་རྐྱེན་གྱིས་ད་ཆར་ཚོར་བ་མེད་པར་གྱུར་ཡོད་འདུག་ལ། སྒོ་ཡོན་ལའང་མགོ་དང་ཁ་ལ་རྨས་སྐྱོན་ཚབས་ཆེན་འཕོགས་ཡོད་པའི་རྐྱེན་གྱིས་ད་ལྟ་ཁྲིན་ཏུང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཁོང་གཉིས་འཛིན་བཟུང་དང་རྡུང་རྡེག་བཏང་དགོས་པའི་རྒྱུ་མཚན་ནི། ཕྱི་ལོ་༢༠༠༨ལོར་བྲག་འགོར་ཞི་རྒོལ་ཆེན་མོའི་སྐབས་སུ་འདིན་བཟུང་བྱས་པའི་བཙུན་མ་ཨོ་རྒྱན་ལྷ་མོ་བཙོལ་གྲོལ་ཐོབ་ཏེ་ཕྱིར་ཕ་ཡུལ་དུ་ལོག་ཡོང་སྐབས། ཁོང་གཉིས་དང་ཐུག་འཕྲད་བྱས་ཡོད་པའི་རྐྱེན་གྱིས་ཡིན་ཚུལ་ཚོད་དཔག་བྱེད་བཞིན་ཡོད་འདུག

བཙུན་མ་ཨོ་རྒྱན་ལྷ་མོ་ནི་ད་ལྟ་ཁྲེན་ཏུང་དུ་བཙུན་མ་ཚེ་རིང་མཚོ་ཉིན་བཅུའི་རྗེས་སུ་གློད་གྲོལ་འཐོབ་རྒྱུ་ཡིན་པས། དེ་སྒུག་ནས་བཞུགས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།