choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྩོམ་པ་པོ་གྲོལ་དང་སྒོ་ཡོན་བཅས་ལ་གཅར་རྡུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༩ཉིན། བོད་ནས་འདི་གའི་གསར་ཁང་དུ་ཁུང་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་སྒོ་ཡོན་དང་། ཧོར་ཐུབ་བསྟན་ཉི་མ། ཁོང་གཉིས་ཀྱི་སློབ་གྲོགས་གསེར་རྟ་ཤེས་རབ་གསུམ་རྒྱ་གཞུང་གིས་འབྲེལ་བརྗོད་གང་ཡང་མེད་པར་ཁྲི་ཏུང་གྲོང་ཁྱེར་དུ་གློ་བུར་འཛིན་བཟུང་གིས་འདྲི་གཅོད་དང་རྡུང་རྡེབ་ཚད་མེད་བཏང་བའི་རྐྱེན་གྱིས་ད་ལྟ་སྨན་ཁང་དུ་ལུས་ཡོད་འདུག

དེ་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། ཁ་སང་དེ་རིང་བོད་ནང་གི་ཤེས་ཡོན་པ་གང་མང་ཞིག་ལ། དགྱ་ནག་སྲིད་གཞུང་གིས་མངོན་ལྐོག་གཉིས་ནས་སོ་ལྟ་དང་ཚོད་འཛིན། འདྲི་གཅོད་དང་གཅར་རྡུང༌། བཙོན་འཇུག་དང་ལྐོག་གསོད་སོགས་བྱས་དང་བྱེད་བཞིན་ཡོད་ལ། སྤྱི་ཟླ་༦ཚེས་༥ཉིན་གྱི་དགོང་མོའི་དུས་ཚོད་༡༢ཡས་མས་སུ་ཡང༌། གངས་གཞོན་སྨྱུག་ཚོགས་ཀྱི་ཚོགས་མི་དང༌། «བོད་»ལོ་དེབ་དང«སྤུར་རྒྱལ་གྱི་རྣམ་ཤེས»ལོ་དེབ་གཉིས་ཀྱི་རྩོམ་སྒྲིག་པ། ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཆེན་སྒོ་ཡོན་དང་གྲོལ་ལམ་ཧོར་ཐུབ་བསྟན་དགེ་འདུན། ཁོང་གཉིས་ཀྱི་སློབ་གྲོགས་གསེར་རྟ་ཤེས་རབ་གསུམ་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མི་འདུས་སྡོད་བྱེད་སའི་ཁྲོམ་གྱི་བྱང་གི་སྲང་ལམ་ཞིག་ཏུ་དགོང་ཟས་ཤིག་ཟ་རུ་འགྲོ་སྐབས། ཉེན་རྟོག་པའི་རླངས་འཁོར་གཅིག་དང་རླངས་འཁོར་གཞན་འགའ་ཡི་ནང་ནས་གློ་བུར་དུ་དམག་ཆས་སྤྲས་མེད་པའི་དམག་མི་བཅོ་ལྔ་ཡས་མས་ཤིག་ས་རུ་བབས་ཏེ། ཁོང་ཚོའི་ལུས་སྟེང་དུ་སྦྲིད་རྫས་ཤིག་གཏོར་རྗེས་ལྕགས་དབྱུག་སོགས་ཀྱིས་མགོ་རྐང་ལ་ཁྱད་མེད་པར་གཞུས་ནས་གསོད་ལ་ཁད་ཅིག་བྱས་ཏེ་རླངས་འཁོར་ནང་བཅུག་ནས་ཁྲིམས་ལས་ཁང་ཞིག་ཏུ་ཁྱེར་ཞིང༌། དེ་ནས་རྐང་ལག་དང་སྐེ་པ་སོགས་རང་འགུལ་གྱིས་སྡོམ་པར་བྱེད་པ་སོགས་ཁྲིམས་ལས་ཀྱི་ཡོ་བྱེད་སྣ་ཚོགས་ཚང་བའི་ལྕགས་ཀྱི་སྐུབ་སྟེགས་རྒྱ་མ་སྟོང་ཡས་མས་ཡོད་པ་ཞིག་ཏུ་འདུག་ཏུ་བཅུག་ནས། ལུས་སྟེང་དང་ཁུག་མ། ཁ་པར་དང་པར་ཆས་སོགས་ཕྱི་སློག་ནང་སློག་བྱེད་པ་དང༌། མི་ཚེ་འདིར་ལས་ཀ་ཅི་བྱས་གང་བྱས་དང་ཆབ་སྲིད་ཀྱི་ལས་ཀ་ཅི་བྱས་གང་བྱས་སོགས་འདྲི་གཅོད་སྣ་ཚོགས་ཤིག་བྱེད་ཞོར། ལག་ཆ་སྣ་ཚོགས་ཀྱིས་གཅར་རྡུང་བྱེད་པ་དང་མེ་མདའ་སོགས་ཐོད་པར་བཙུགས་ཏེ་དྲང་བཤད་མི་བྱེད་ན་ད་ལྟ་ཉིད་དུ་འདི་ནས་གསོད་ངེས་ཡིན་རབས་ཀྱི་འཇིགས་སྐུལ་སོགས་བྱེད་ཅིང༌། ཁོང་ཚོས་རང་ཉིད་འཇུ་བཟུང་བྱེད་དོན་སོགས་ཕར་དྲིས་ན་གསལ་བཤད་ལན་ཅི་ཡང་མེད་པར་སྔར་ལས་ཀྱང་ཐུ་བའི་གཅར་རྡུང་བྱེད་པ་དང༌། ཁོང་གསུམ་ལས་སྒོ་ཡོན་དང་ཧོར་ཐུབ་བསྟན་དགེ་འདུན་གཉིས་ལ་དམིགས་བསལ་གྱིས་འདྲི་གཅོད་དང་གཅར་རྡུང་བྱེད་པ་ལས། ཁོང་གཉིས་དང་ལྷན་དུ་འཇུ་བཟུང་རེག་པའི་གསེར་རྟ་ཤེས་རབ་ལ་དེ་ཙམ་མི་སྐྱོན་པ་སོགས། མདོར་ན་ཁོང་ཚོའི་སྟེང་དུ་མི་ཆོས་ལས་འདས་པའི་འདྲི་གཅོད་དང་ཁྱད་གསོད། གཅར་རྡུང་དང་འཇིགས་སྐུལ་སོགས་འདོད་འདོད་ཅིག་བྱས་ཀྱང༌། ཁོང་ཚོའི་ཁ་ནས་གནད་དོན་ཡོད་པའི་སྐད་ཆ་དང་ཁུག་མ་སོགས་ནས་གནད་དོན་ཡོད་པའི་དངོས་བོ་གང་ཡང་མ་ལོན་སྟབས། མཐར་འདྲ་པར་གང་སྒྲོན་ནས་འདྲ་པར་གང་མང་ཞིག་དང་ཐོབ་ཐང་དཔང་ཡིག་གི་ཨང་གྲངས་སོགས་དྲ་ལམ་ཞིག་ཏུ་ཉར་ཚགས་བྱས་ཏེ་སྔ་དྲོའི་དུས་ཚོད་༨ཡས་མས་སུ་ཁོང་ཚོ་ཕྱི་རུ་བཏང་འདུག་མོད། རྗེས་ཕྱོགས་ཀྱང་ནམ་འཛིན་དང་ནམ་རྡུང་མི་ཤེས་པའི་ཚད་དུ་བསྐྱལ་འདུག་ལ། ཁོང་ཚོ་ད་ལྟ་ཁྲན་ཏུའུ་གྲོང་ཁྱེར་གྱི་ས་གནས་ཤིག་ན་སྨན་བཅོས་བྱས་ནས་བསྡད་ཡོད་འདུག་གོ་ཞེས་གསུངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
གཞིས་ནས་འབྱོར་བའི་གསར་འགྱུར་གལ་ཆེན་ཡོད་ཚད་རྒྱལ་སྤྱིའི་སྲིད་དོན་མཐུན་ཚོགས་སོ་སོར་གང་མྱུར་སྒོས་སྤྲད་ནས། དགྱ་ནག་གཞུང་ཕྱོགས་ལ་འབོད་སྐུལ་གཏོང་བར་འབད་པ་བྱས་ན་བཟང་རྒྱུ་རེད་སྙམ། དཔེར་ན། མིག་སྔར་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པའི་ཞོགས་དུང་གཙོས་པའི་ཤེས་ཡོན་གང་མང་ཞིག་ཡོད་པ་ལྟ་བུ། ད་ལོ་ནི་བོད་ནང་ཛ་དྲག་ཆེས་ཆེ་བའི་དུས་ཤིག་རེད། རྒྱུ་མཚན་ནི་བོད་རང་གི་ཤེས་ཡོན་པའི་ནང་དུ་རྒྱ་ནག་ལ་གནོན་ཤུགས་དྲག་པོ་སྤྲོད་བཞིན་ཡོད་པའི་དུས་སྐབས་ཤིག་རེད།
དངོས་གནས་ཡིད་སྐྱོ་བ་ཞིག་རེད།
རྩོམ་པ་པོ་འབའ་བ་འཕྲིན་ལས་ལགས། སྐུ་ཉིད་དང་སྒོ་ཡོན་དབར་ཐུགས་ཐག་གང་འཚམས་ཉེ་བོ་ཡོད་པར་ཉིད་ནས་སེམས་ཚོར་དྲག་པོས་དགོངས་ཚུལ་གནང་བ་ལས་མཐོང་ཐུབ་ཀྱིན་འདུག གལ་ཏེ་སྐུ་ཉིད་ལ་ཁོང་གི་སྐོར་ལོ་རྒྱས་པ་ཞིག་དང་ཁོང་གི་འདྲ་པར་འགའ་ཞིག་ཟིན་བྲིས་སུ་འགོད་ཐུབ་པའམ། ཡང་ན་ཤམ་བྷ་ལ་ཕོ་ཉའི་གསར་ཁང་གཏོང་ཐུབ་དགེ་མཚན་ཆེ་བ་ཡོད་པར་མཐོང་བས་དེ་དོན་དགོངས་འཇགས་ཞུ།
2 ༡༠༢༠༡༠༠༩༣༤
རྩོམ་པ་པོ་གྲོལ་དང་སྒོ་ཡོན་གཉིས་ལ་གདུང་སེམས་ཞུ། བོད་མི་རིགས་ཀྱིས་སྐྱེས་བུ་ཁྱེད་ཚོ་ནམ་ཡང་མི་བརྗེད་པར་ཤོག
1 ༠༩༢༠༡༠༡༥༣༠
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
ང་ཡི་གྲོགས་པོ་སྒོ་ཡོན་ལགས་སུ་ངས་གཟབ་དགོས་ཟེར་མྱོང་་་ངོ་མ་ཆག་སྒོ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།