choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཧི་མ་ལ་ཡར་བརྒལ་པའི་ཡུལ་སྐོར་མཉམ་ལས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༨ཉིན། རྒྱ་ནག་གི་གཞུང་འབྲེལ་གསར་གནས་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཞིར་བྱས་ཏེ། བལ་ཡུལ་དང་རྒྱ་གར། དེ་བཞིན་འབྲུག་ཡུལ་བཅས་རྒྱལ་ཁབ་ལ་མཉམ་ལས་བྱས་ཏེ། མཉམ་གཅིག་ཏུ་ཧི་མ་ལ་ཡར་བརྒལ་པའི་ཡུལ་སྐོར་བྱེད་ས་ཞིག་བསྐྲུན་རྒྱུ་ཡིན། ཟེར།

ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ཟེར་བའི་དྲ་གནས་སུ་གནས་ཚུལ་ཐོན་གསལ། ཉེ་ལམ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐོར་ཞིག་འཛུགས་བསྐྲུན་བྱ་རྒྱུ་ཡིན་ཞིང༌། བར་སྐོར་གླིང་གི་ལོ་རྒྱུས་ཁྲོམ་སྲང་ཁུལ་དང༌། བོད་ཀྱི་རིག་གནས་གསར་བཏོད་ཀྱི་ཐོན་ལས་ར་བ། ལྷ་སའི་སྐྱིད་ཆུའི་སྐྱེད་ཚལ་གླིང་ག་སོགས་ཡུལ་སྐོར་ལས་གཞི་གཙོ་གནད་དུ་བཟུང་ནས་བསྐྲུན་རྒྱུ་ཡིན། ༼ལོ་ལྔ་ཚན་བཅུ་གཉིས་༽པའི་མཇུག་ཏུ་5Aརིམ་པ་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་༣དང༌། 4Aརིམ་པ་ཅན་གྱི་མཛེས་ལྗོངས་ཁུལ༡༠། 3Aརིམ་པ་ཅན་གྱི་མཛེས་ལྗོངས་ཁུལ༢༠བཅས་བསྐྲུན་པར་བརྩོན་ལེན་བྱ་རྒྱུ་ཡིན། ཟེར།

གོང་གསལ་གྱི་དྲ་གནས་དེར་མུ་མཐུད་དུ། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་འགྲིམ་འགྲུལ་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཞིང༌། འགྲམ་དང་གྲོ་མོའི་འགག་སྒོ་གཉིས་ལ་བརྟེན་ནས་༼ལྷ་ས_____ཀ་ཐི་མན་ཊུ༽་བར་གྱི་རྒྱལ་སྤྱིའི་མཁའ་ལམ་ཇེ་རྒྱས་སུ་གཏོང་བ་གཞིར་བྱས་ཏེ། རྒྱ་གར་དང་འབྲུག་ཡུལ་བར་གྱི་རྒྱལ་སྤྱིའི་མཁའ་ལམ་བཏོད་རྒྱུ་ཡིན་པ་དང༌། རྒྱལ་སྤྱིའི་མཁའ་ལམ་༣བཏོད་རྒྱུ་བརྩོན་ལེན་བྱ་རྒྱུ་མ་ཟད། གཟའ་འཁོར་རེར་རྒྱལ་སྤྱིའི་མཁའ་འགྲུལ་གཏོང་ཐེངས་བཅུ་ལ་སླེབས་ཐུབ་པ་བྱས་ཏེ། བགྲོད་ཡུལ་རྒྱལ་ཁོངས་སུ་ཐོན་རྗེས་ད་གཟོད་དཔང་ཡིག་ལ་མིང་རྟགས་བཀོད་ཆོག་པའི་སྲིད་ཇུས་སྐུད་འདེད་ཧུར་ཐག་བྱ་རྒྱུ་ཡིན། ཟེར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།