རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་མེ་འཁོར་ལྕགས་ལམ་གསར་འཛུཌ།
མཐའ་མའི་བསྐྱར་བཅོས། (༢༣༢༠༠༨༠༡༠༩)
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༢༣ཉིན་སྤེལ། རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་མེ་འཁོར་ལྕགས་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཨ་རིའི་དངུལ་ལོག་ཌོ་ལར་ཐེར་འབུམ་༧༣༠ལྷག་འགྲོ་གྲོན་གཏོང་རྒྱུ་དང་མེ་འཁོར་ལྕགས་ལམ་དེ་རྣམས་ཕྱི་ལོ་༢༠༢༠ནང་ཚུད་ལ་ཆ་ཚང་འཛུགས་སྐྲུན་ལེགས་གྲུབ་ཟིན་རྒྱུའི་འཆར་གཞི་ཡོད་པའི་སྐོར་གཏམ་བཤད་སྤེལ་ཡོད་པ་རེད། དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་གི་བདུན་རེའི་གསར་འགྱུར་དུ་དཔྱད་གཏམ་སྤེལ་བའི་ནང་རྒྱ་ནག་གི་མེ་འཁོར་མགྲིམ་འགྲུལ་བློན་ཆེན་གཞོན་པ་ལུའུ་ཏུང་ཕུ་ཡི་ཟེར་བས་མེ་འཁོར་ལྕགས་ལམ་གསར་པ་འཛུགས་སྐྲུན་གྱི་ལས་གཞི་དེ་ལས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོང་རྒྱུ་དང༌། ད་ལྟའི་འགྲིམས་འགྲུལ་སྟབས་བདེ་མེད་པའི་དཀའ་ངལ་སེལ་རྒྱུ། ལྷག་པར་དུ་མི་མང་ས་ཡ་༦ལྷག་ལ་ལས་ཀའི་གོ་སྐབས་བསྐྲུན་ཐུབ་རྒྱུ་ཡིན་ཚུལ་བཤད་ཡོད་པའི་སྐོར་དཔྱད་གཏམ་དེས་ལུངས་འདྲེན་བྱས་ཡོད་ཀྱང་དཔྱད་གཏམ་དེའི་ནང་དུ་མེ་འཁོར་ལྕགས་ལམ་གསར་པ་དེའི་ཐོག་མ་རྩ་འཛུགས་འཇོག་བྱེད་མཁན་གསར་པ་ག་ཚོད་བྱུང་ཡོད་མེད་དང༌། ད་ལྟ་བར་རྒྱ་ནག་དབུས་གཞུང་ནས་འགྲོ་གྲོན་ཇི་ཙམ་ཆོག་མཆན་ཐོབ་ཡོད་མེད་སྐོར་གང་ཡང་བཤད་མེད་པ་རེད།
མེ་འཁོར་ལྕགས་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་དེའི་ནང་གཙོ་བོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་འགྲིམས་འགྲུལ་སྟབས་བདེ་རུ་གཏོང་རྒྱུ་དང༌། དེ་བཞིན་ནང་སོག་དང་ཧྲན་ཞི་ཞིང་ཆེན་སོགས་རྒྱ་ནག་གི་ས་ཁུལ་ཁག་ནང་རྡོ་སོལ་འོར་འདྲེན་བྱས་ཏེ་ནུས་ཤུགས་མཁོ་འདོན་གྱིེཆེད་ཕན་རླབས་ཆེན་པོ་སྐྲུན་ཐུབ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་དེང་སྐབས་རྒྱ་ནག་གི་དངོས་ཟོག་ཡོ་རོབ་དང་བྱང་ཨ་མི་རི་ཀའི་ནང་ཕྱིར་ཚོང་གི་བྱ་གཞག་ཉམས་རྒུད་ཕྱིན་དང་འགྲོ་བཞིན་པར་བརྟེན་རྒྱལ་ནང་གི་དངོས་ཟོག་མངའ་ཉོའི་བྱ་གཞག་གོང་འཕེལ་གཏོང་ཐབས་དང་ལས་མེད་མང་པོ་ཞིག་ལ་ལས་ཀའི་གོ་སྐབས་བསྐྲུན་ཏེ་ལས་བཟོ་བའི་ཟང་ཟིག་གི་དོན་རྐྱེན་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་ཐོགས་བསྐྲུན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|