གསར་དུ་བསྐོས་པའི་བོད་ལྗོངས་ཀྱི་གཙོ་འཛིན་གཞོན་པ།
མཐའ་མའི་བསྐྱར་བཅོས། (༠༡༢༠༡༠༡༣༣༡)
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༩ཉིན། ཟླ་འདིའི་ཚེས་༢༨ཉིན་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ཟེར་བར་གནས་ཚུལ་ཐོན་གསལ་ལྟར་ན། བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གཞོན་པར་བསྐོ་བཞག་བྱེད་རྒྱུའི་གྲོས་འཆམ་གཏན་འབེབ་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༦ཉིན་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་ཟེར་བའི་ཐོག བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས། ཏང་ཤོག་གི་འགན་འཛིན་གཞོན་པ། དེ་བཞིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་སོགས་ཀྱི་གོ་གནས་གཅིག་ལྕོག་ཏུ་ཁུར་མཁན་བློ་བཟང་རྒྱལ་མཚན་བོད་རང་སྐྱོང་རང་ལྗོངས་ཟེར་བའི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུར་གྲོས་ཐག་བཅད་ཡོད་འདུག
རང་ལོ་༥༢ལ་སོན་པའི་བློ་བཟང་རྒྱལ་མཚན་ནི་བྲག་གཡབ་ཏུ་སྐྱེས་ཤིང༌། ༡༩༧༨ལོར་གུང་ཁྲན་ཏང་ཡོན་ནང་འཛུལ་ཞུགས་བྱས་འདུག་ལ། ཕྱི་ལོ་༡༩༧༦ལོར་དངོས་སུ་ལས་ཞུགས་དང༌། དེ་བཞིན་ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་གྲྭའི་ནང་སློབ་སྦྱོངས་བྱས་མྱོང་ཡོད་འདུག
བློ་བཟང་རྒྱལ་མཚན་ནི་ཕྱི་ལོ་༢༠༠༨ལོའི་བོད་མིའི་ཞི་རྒོལ་ལ་ཡ་ང་སྡུག་རྩུབ་ལྡན་པའི་དྲག་གནོན་བྱེད་པར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱའི་སྲིད་དབང་སྒེར་གཅོད་པའི་གྲས་ཤིག་རེད་འདུག