དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་རིག་གནས་བཤམས་སྟོན་གླིང་ག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༨ཉིན། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བའི་རྒྱ་ནག་གི་གཞུང་འབྲེལ་དྲ་གནས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༧ཉིན་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་རིག་གནས་བཤམས་སྟོན་གླིང་ག་ཟེར་བའི་རྨང་འདིང་མཛད་སྒོ་བསྡུས་ཏེ་འཛུགས་སྐྲུན་དངོས་སུ་བྱེད་འགོ་བརྩམས་ཡོད་འདུག

གོང་གསལ་གྱི་དྲ་གནས་དེར་སྤེལ་བའི་གནས་ཚུལ་ལ་གཞིགས་ན། གླིང་ག་དེ་ལོ་ལྔའི་འཛུགས་སྐྲུན་བརྒྱུད་བོད་ལྗོངས་ཟེར་བའི་མངོན་མིན་ཤུལ་བཤག་རིག་གནས་བཤམས་སྟོན་དང༌། བོད་ཀྱི་སྒྱུ་རྩལ་ལ་ཉམས་སུ་མྱོང་བ། ཁྱད་མཚར་ཐོན་ལས་སྐྱེད་སྲིང་སོགས་ཕྱོགས་གཅིག་ཏུ་འདུས་པའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུ་རྫས་བརྗོད་བྱར་བྱས་པའི་གླིང་ག་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་རེད། ཟེར།

གཞན་ཡང་གླིང་ག་དེའི་རྒྱ་ཁྱོན་ལ་མུའུ་༡༠༠༠ཡོད་ཅིང༌། མ་དངུལ་སྒོར་དུང་ཕྱུར་༤.༨བཏང་འདུག་ལ། ༢༠༡༤ལོའི་ལོ་མཇུག་ཏུ་ལེགས་འགྲུབ་ཡོང་རྒྱུ་རེད་འདུག

ཡུལ་སྐོར་བ་དང་ལྷ་སའི་ཡུལ་མི་རྣམས་ཀྱིས་གླིང་ག་དེའི་རིག་གནས་ཉམས་སུ་མྱོང་ཁུལ་དེ་གར་བོད་ཀྱི་ས་གདན་དང༌། བོད་སྤོས། བོད་ཤོག བོད་ཀྱི་རྒྱན་ཆའི་བཟོ་རྩལ་སོགས་དམངས་ཁྲོད་བཟོ་ལས་ཐོན་རྫས་བཟོ་ཐབས་ཀྱི་གོ་རིམ་ཡོངས་མཐོང་ཐུབ་པ་དང༌། གླིང་ག་དེ་ནི་ལྷ་སའི་བོད་ཀྱི་རིག་གནས་བཤམས་སྟོན་དང་ཉམས་སུ་མྱོང་བ་གཉིས་མཉམ་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལས་གཞི་ཐོག་མ་རུ་འགྱུར་རྒྱུ་རེད། ཟེར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།