choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་རིགས་འདི་ནམ་ཡང་བློས་གཏོང་མི་སྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༡ཉིན། རང་ཉིད་བོད་མི་རིགས་ཀྱི་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་དུས། ངས་དུས་ནམ་ཡང་བོད་མི་རིགས་འདི་སེམས་ཁོང་ནས་འདོར་མི་སྲིད་ཅེས། པཎ་ཆེན་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱིས་ཉེ་ཆར་སྐྱེ་དགུ་མདོར་ཕེབས་སྐབས་སུ་དེར་འདུས་མི་མང་རྣམས་ལ་གསུངས།

ཁམས་ལི་ཐང་ཉག་ཆུ་ཁའི་ཚང་པ་སྤྲུལ་སྐུ་ཡོན་ཏན་ཕུན་ཚོགས་དང༌། ས་སྐྱ་སྤྲུལ་སྐུ་ཟླ་བ་ཚེ་རིང༌། འབའ་ཤེར་བློ་བཟང་ཟླ་བ་སོགས་སྐྱེ་དགུ་མདོ་གནོད་ཐེབས་ཁུལ་དུ་ཕེབས་ནས། སྐྱེ་དགུ་མདོའི་ཁྲ་མགུ་དགོན་པར་ཉམ་གསོ་ཆེད་རྒྱ་སྒོ་ཁྲི་༢ཙམ་ཞལ་འདེབས་སུ་ཕུལ་ཡོད་འདུག་པ་དང༌། དེ་བཞིན་གནོད་ཐེབས་ཁུལ་གྱི་ས་གནས་ཉམ་ཐག་ཁག་ཅིག་ལ་རྒྱ་སྒོར་ཁྲི་༣ཙམ་ཞལ་འདེབས་གནང་ཡོད་འདུག་པས་མ་ཚད། དེར་ཡོད་དྭ་ཕྲུག་ཁང་དེར་ཁྱོན་སྒོར་མོ་ཁྲི་༧ཙམ་ཞལ་འདེབས་གནང་ཡོད་འདུག ལྷག་པར་ས་སྐྱ་སྤྲུལ་སྐུ་ཟླ་བ་ཚེ་རིང་སོགས་ནས་དྭ་ཕྲུག་ཁང་དེར་ལོ་ལྟར་རྒྱ་སྒོར་ཁྲི་༡ནས་༥བར་ཞལ་འདེབས་གནང་ཐུབ་རྒྱུའི་རེ་བ་ཡོད་ལུགས་ཀྱང་གསུངས་འདུག

དེ་དང་དུས་མཚུངས་སུ་པཎ་ཆེན་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱང་ཁུལ་དེར་ཕེབས་ཡོད་པ་དང་སྟབས་ཁེལ་ཡོད་འདུག་ལ།  པཎ་ཆེན་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱིས། ཐེངས་འདིར་ངོས་མཐོ་རིམ་དཔོན་རིགས་ནང་བཞིན་གནམ་གྲུ་དང༌། མེ་འཁོར་སོགས་ནས་སླེབས་མེད་པ། སྐྱེ་དགུ་མདོའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱིས། མི་སེར་དཀྱུས་མ་དང་གཅིག་མཚུངས་སུ་ས་ཐག་རིང་པོ་ནས་མོ་ཊ་ཐེ་ཆགས་ཅིག་གི་ནང་དུ་ཡོང་བ་ཡིན་ཞེས་གསུངས་ཡོད་འདུག

མ་ཚད་སྲས་མོ་མཆོག་སྐྱེ་དགུ་མདོའི་དྭ་ཕྲུག་ཁང་དུ་ཕེབས་ནས་ངོས་ཀྱང་དྭ་ཕྲུག་ཅིག་ཡིན། གོད་ཆགས་འདི་འདྲ་ཞིག་ཐེབས་པར་ངོས་ཀྱང་སེམས་སྡུག་ཆེན་པོ་བྱུང༌། ང་ཚོ་ཚང་མ་གཅིག་མཚུངས་སུ་དྭ་ཕྲུག་ཡིན་ཡང༌། མ་འོངས་མུ་མཐུད་ནས་བློ་སྟོབས་བསྐྱེད་དེ། ཤེས་བྱའི་རིག་གནས་ལ་འབད་པ་བྱེད་དགོས་ཅེས་བཀའ་སློབ་གནང་ཡོད་འདུག

སྐབས་དེར་ས་གནས་མི་མང་དང་ཕྱོགས་གང་སར་ནས་ཕེབས་པའི་དགེ་འདུན་པའི་གཙོས། མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་དབུས་སུ། བཞུགས་ཁྲི་མཐོ་པོ་ཞིག་བརྒྱབ་ནས་སྲས་མོ་མཆོག་བཞུགས་སུ་གསོལ་ཡོད་འདུག་ལ། མི་མང་ཚོས་སྲས་མོ་རིག་འཛིན་དབང་མོ་ལགས་ནི་པཎ་ཆེན་སྐུ་ཕྲེང་༡༠པའི་ཤ་ཁྲག་ལས་གྲུབ་པའི་སྲས་མོ་ཞིག་ཡིན་པས། ང་ཚོ་དུས་ནམ་ཡང་དད་པ་དང་དམ་ཚིག་གཡོ་བ་མེད་ཅེས་ཞུས་འདུག མ་ཚད་མི་མང་ཚོས་ཕྱག་དབང་ཞུ་བ་དང་དར་དཀར་འབུལ་བ་སོགས་དགའ་དད་སྤྲོ་གསུམ་གྱི་སེམས་ཚོར་ཧ་ཅང་ཆེན་པོ་བྱུང་ཡོད་འདུག་ལ། ཁམས་ལི་ཐང་གི་ཚང་པ་སྤྲུལ་སྐུ་ཡོན་ཏན་ཕུན་ཚོགས་དང༌། ས་སྐྱ་སྤྲུལ་སྐུ་ཟླ་བ་ཚེ་རིང༌། འབའ་ཤེར་བློ་བསྟན་སོགས་སྲས་མོའི་དྲུང་དུ་བཅར་ནས། སྲས་མོ་མཆོག་གནས་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང༌། དེ་བཞིན་མ་འོངས་པར་བོད་མི་རིགས་འདི་སྲས་མོ་མཆོག་གི་ཐུགས་དགོངས་སུ་ནམ་ཡང་མ་འདོར་རོགས་ཞེས་ཞུས་དུས།

སྲས་མོ་མཆོག་སེམས་འགུལ་ཚད་མེད་ཐེབས་ཏེ། སྤྱན་ཆབ་བསིལ་ཞིང་ཐེངས་འདིར་སྐྱེ་དགུ་མདོ་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབ་ཆེན་ཐེབས་པར། ངོས་རང་སེམས་སྡུག་ཚད་མེད་བྱུང༌། ངོས་ཀྱི་པཱ་ལགས་ནི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཞེན་ཆེན་པོ་ཡོད་པའི་གནད་ཡོད་མི་སྣ་ཞིག་ཡིན་པ་དང༌། ངོས་ཀྱང་བོད་མི་རིགས་ཀྱི་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་དུས། བོད་མི་རིགས་འདི་ནམ་ཡང་ངའི་སེམས་ངོ་ནས་བློས་གཏོང་མི་སྲིད་ལ།  ཐེངས་འདིར་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་ས་ཐག་རིང་པོ་ནས་འདིར་ཡོང་བ་ཡིན་ཞེས་གསུངས་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
སྲས་མོ་ལགས། ཁྱེད་ནི་གངས་ལྗོངས་ཀྱི་དཔའ་བོའི་སྲས་མོ་ཞིག་ཡིན་ལ་ཁྱེད་ནི་ད་ལྟའི་གངས་ལྗོངས་ཀྱི་འགྲོ་བའི་རྒྱན་གཅིག་ཡང་ཡིན། ཁྱེད་ཀྱི་མཛད་རྗེས་དང་དུང་ཞེན་ལ་བསྔགས་བརྗོད་ཀྱི་མེ་ཏོག་མི་མཐོར་བ་སུ་ཞིག་མཆིས། སྲས་མོ་ལགས། ཡོད་ཚད་ནི་ཡོད་ཚད་ཁྱེད་ལ་རེ་བ་བཅོལ་ཡོད་ན་ཁྱེད་ཀྱི་དཔའ་མཛངས་སྙིང་སྟོབས་ཞུམ་མེད་ཀྱིས་བོད་མི་རིགས་ཀྱི་ལ་རྒྱལ་ལ་གཡེལ་བ་མེད་པར་དུས་ནས་དུས་སུ་བརྩེ་བའི་གཟིགས་པ་མཁྱེན་མཁྱེན།། །།
ཆོས་ཕྱོགས་ནས་བཤད་ན་ཁ་བ་གངས་ལྗོངས་ཀྱི་མགོན་སྐྱབས་གཉིས་པ་དང་། སྲིད་ཕྱོགས་ནས་བཤད་ན་དཀར་ཞིང་གཙང་བའི་ཁ་བའིའདབ་མ་རུ་
བསྐལ་པའི་བར་བསུབ་མི་ནུས་པའི་ལོ་རྒྱུས་ཀྱི་རྙན་རིས་ཤུལ་བཞག་མཛད་པའི་གངས་ལྗོངས་ཀྱི་དཔའ་བོའི་སྲས་མོ་ལགས། ཁྱེད་ནི་ཡབ་དམ་པའི་རྗེས་འཇུག་ངོ་མ་ཞིག་སྟེ། རང་གི་རིགས་ལ་ཞེན་པ་དཀར་པོས་རབ་ཏུ་བཅིངས་ཤིང་། རང་མི་རིགས་གི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་ཕོད་པཁྱེད་ལ་མི་གུས་པ་སུ་ཞིག་མཆིས། སླད་ཀྱང་བོད་ཁམས་ཡོངས་ལ་རྟག་ཏུ་སྤྱན་རས་མི་གཡོ་བ་སྙིང་ནས་རེ་བ་གྲངས་མེད་ཞུ།། །།
རིགས་བཟང་གི་སྲས་མོ་མཆོག་ཡབ་དམ་པའི་རྗེས་འཇུག་མཚན་ཉིད་པ་ཞིག་གནང་རོགས།
2 ༠༦༢༠༡༠༠༠༠༨
རིགས་བཟང་གི་སྲས་མོ་ཁྱེད་སྐུ་ཚེ་ཡུན་དུ་བཞུགས་པའི་སྨོན་ལམ་ཞུ།
ངའི་བླ་མའི་སྲས་མོ་འདིའི་གསུང་ཚིག་གཅིག་གིས་ཁོ་བོའི་མཆི་མ་ཐར་སེ་བཞུར་སོང་། མ་འོངས་པར་སྲས་མོ་འདིས་རང་གི་ཡབ་བདེ་བར་གཤེགས་པ་མཆོག་གང་ཉིད་བཞིན་བོད་མི་རིགས་འདི་ལ་མཛད་རྗེས་བཟང་པོ་ཞིག་འཇོག་ཐུབ་པའི་སྨོན་འདུན་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།