སྤྲ་མོག་ནས་མེ་ཏོག་རྫོང་བར་དུ་གཞུང་ལམ་འཛུགས་སྐྲུན།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༡ཉིན། བོད་ལྗོངས་ཉིན་རེ་ཚགས་པར་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཉ་ནིང་ཕྱི་ཟླ་༤ནས་འགོ་འཛུགས་ཏེ་སྤོ་བོ་སྤྲ་མོག་ནས་མེ་ཏོག་རྫོང་དབར་གཞུང་ལམ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག་པ་དང༌། ད་ལྟའི་ཆར་ལམ་གྱི་སྤྱི་ཡོངས་ཀྱི་རིང་ཚད་ལས་བརྒྱ་ཆ་༧༣་༩ལེགས་གྲུབ་བྱུང་ཚུལ་བཤད་འདུག

གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་ལམ་གྱི་སྤྱིའི་རིང་ཚད་ལ་ཁྱོན་སྤྱི་ལེ་༡༡༧་༢ཡོད་འདུག་ལ། ད་ལྟའི་ཆར་སྤྱི་ཁྲེ་༢༤༤༩ཙམ་ལེགས་གྲུབ་བྱུང་ཡོད་འདུག གཞུང་ལམ་དེ་འཛུགས་སྐྲུན་བྱེད་པར་ཕྱི་ལོ་༢༠༠༨ལོ་ནས་ལས་དོན་གྲ་སྒྲིག་བྱས་ཚུན་ནས་ཁྱོན་མ་དངུལ་སྒོར་ཁྲི་༤༠༩༣༠་༧བཏང་ཡོད་པ་དེ། ལས་གྲྭ་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་གི་བརྒྱ་ཆ་༤༣་༠༩ཟིན་ཡོད་པ་རེད་ཟེར། རིང་ཚད་སྤྱི་ལེ་༡༡༧་༢ཡོད་པའི་གཞུང་ལམ་འཆར་འགོད་ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༩་༥གཏོང་རྒྱུ་ཡིན་འདུག

སྤྱིར་དེ་སྔོན་ལོ་ངོ་ཁ་ཤས་ཙམ་གྱི་ཡར་སྔོན་དུ་མེ་ཏོག་རྫོང་དུ་འགྲོ་བར་རླངས་འཁོར་གྱི་གཞུང་ལམ་གཏན་མེད་ནས་མེད་ཁར། ལ་དང་གཡང་གཟར་ཆེ་བའི་རྐྱེན་གྱིས་ཅ་དངོས་རྣམས་མིས་འཁུར་པོ་ཁོ་ན་འཁུར་དགོས་ཀྱི་ཡོད་པ་དང༌། ཅ་དངོས་ཀྱི་རྡལ་གླ་ནི་རྒྱ་མ་༡ལ་རྒྱ་སྒོར་༡༠སྤྲད་དགོས་ཀྱི་ཡོད་པའི་གནས་ཚུལ་ཡང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།