ཡུལ་ཤུལ་གྱི་སློབ་མ་རྣམས་རྒྱ་ཁུལ་དུ་བགོ་འགྲེམས་བྱས་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༠ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་གནས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་སློབ་འབྲིང་སློབ་མ་སྟོང་ལྔ་དང་དོན་བཞི་སློབ་གྲྭ་བསྐྱར་འཛུགས་བྱེད་སྐབས་ས་ཁུལ་གཞན་དུ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་འདུག

ཉེ་ཆར་རྒྱ་ནག་དབུས་གཞུང་གི་སློབ་གསོ་ལྷན་ཁང་གིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་སློབ་འབྲིང་སློབ་མ་ས་ཁུལ་གཞན་པར་སློབ་སྦྱོང་བྱེད་དུ་གཏོང་བའི་བྲེལ་གཏུག་མཐུན་སྦྱོར་གྲོས་ཚོགས་ཟེར་བ་ཞིག་བསྡུས་འདུག་ལ། ཚོགས་ཐོག་ཏུ་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་སློབ་འབྲིང་སློབ་མ་སྟོང་ལྔ་དང་དོན་བཞི་སློབ་གྲྭ་བསྐྱར་འཛུགས་བྱེད་སྐབས་ཐེན་ཅིན་དང་ཧི་པེ། ཧྲན་ཞི། ལིའོ་ཉིན། ཧྲན་ཏུང༌། ཟི་ཁྲོན། ཉིན་ཞ་སོགས་ས་ཁུལ་དུ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་འདུག

གཞན་ཡང་ཚོགས་ཐོག་ནས་སློབ་མ་དང་ལེན་བྱས་པའི་ས་ཁུལ་དང་སློབ་གྲྭ་སོ་སོས་རྒྱ་ནག་དབུས་གཞུང་གི་གནས་སྤོར་སློབ་སྦྱོང་བྱེད་པའི་སྐོར་གྱི་སྲིད་ཇུས་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས་པ་དང༌། གནོད་ཐེབས་ས་ཁུལ་གྱི་སློབ་མ་རྣམས་བདེ་འཇགས་དང་བདེ་བླག་ངང་ས་ཁུལ་གཞན་པའི་སློབ་གྲྭ་ནས་སློབ་སྦྱོང་བྱེད་པར་ཁག་ཐེག་བྱེད་པ། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ་བཀོད་སྒྲིག་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ། སློབ་མ་དང་ལེན་བྱས་པའི་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་བྱ་བ་རྒྱུན་ལྡན་ངང་སྒྲུབ་པར་ཁག་ཐེག་བྱེད་དགོས་ཚུལ་ནན་གྱིས་བསྟན། ཞེས་གསར་གནས་དེར་བཀོད་ཡོད་འདུག

ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་བསྡོམས་པས་སྟོང་ལྔ་དང་དོན་བཞི་ཡོད་པ་དང༌། དེའི་ནང་ཐེན་ཅིན་གྲོང་ཁྱེར་ལ་སློབ་མ་ལྔ་བརྒྱ་དང་རེ་གསུམ། ཧི་པེ་ཞིང་ཆེན་ཟེར་བར་སློབ་མ་ཉིས་བརྒྱ་དང་གྱ་དྲུག  ཧྲན་ཞི་ཞིང་ཆེན་ཟེར་བར་སློབ་མ་སྟོང་གཅིག་དང་ཉེར་བདུན། ལིའོ་ཉིན་ཞིང་ཆེན་ཟེར་བར་སློབ་མ་དྲུག་བརྒྱ་དང་དོན་གསུམ། ཧྲན་ཏུང་ཞིང་ཆེན་ཟེར་བར་སློབ་མ་དྲུག་བརྒྱ་ལྷག  ཟི་ཁྲོན་ཞིང་ཆེན་ཟེར་བར་སློབ་མ་སྟོང་གཅིག་དང་དྲུག་བརྒྱ་ཉེར་ལྔ། ཉིན་ཞ་རུ་སློབ་མ་སུམ་བརྒྱ་བཅས་བཀོད་སྒྲིག་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (3)
ངོ་མ་ཡིད་སྐྱོ་བའི་གནས་ཞིག་རེད་ཡ།
ཨོ་ཤི་རེད་གོ ད་རེས་ཡང་ཧམ་སེམས་ཅན་དེ་ཚོས་གཡོ་རྒྱུའི་རྐང་ལག་བརྐྱང་ས་རྙེད་བྱུང་བ་རེད།
1 ༢༠༢༠༡༠༡༦༠༨
གངས་དཀར་སེམས།
རྒྱ་ནག་གཞུང་གི་མགོ་བདེ་དྲན་འཕྲུལ་གྱི་དཔོན་དག་ནི་འདི་བཞིན་གནག་སེམས་ལ་མཁས་པ་གཅིག་ཡོད། དེ་སྔོན་༡༩༨༧ལོ་ཙམ་ནས་ཀྱང་པཎ་ཆེན་སྐུ་ཕྲིང་བཅུ་པ་མཆོག་གིས་ཀྱང་བོད་ཕྲུག་རྒྱ་ཡུལ་བསྐྱེལ་ནས་སློབ་གསོ་སྤྲད་པར་བྱིས་པའི་དུས་ནས་རིགས་ཀྱི་ཁོར་ཡུག་དང་རིག་གཞུང་ལ་སྣང་མེད་ཀྱིས་རང་ངོ་བརླག་ཉེན་ཡོད་པར་གསུངས་མྱོང་ཞིང། ༡༩༨༩ལོའི་བོད་ལྗོངས་སློབ་ཆེན་གྱིས་ཀྱང་ཞི་བའི་ཁྲོམ་བསྐོར་ཆེན་མོའི་ལས་འགུལ་སྤེལ་སྐབས་རང་རིགས་ཀྱི་སྐད་ཡིག་དང་ལུགས་སྲོལ་བཟང་པོ་བོར་བཞིན་པའི་གནས་སྟངས་ཐད་འབོད་ཚིག་བསྒྲགས་ཡོད། ཡིན་ཡང་ད་ལྟའི་ཆར་གཞན་གྱི་གནས་སྟངས་མིན་པའི་ཁོ་ཚོས་བོད་ཡུལ་ལ་མི་སེར་སྤོས་པའི་སྲིད་ཇུས་ཁོ་ནས་ཀྱང་རང་རིགས་ཀྱི་ཆོས་དང་རིག་གཞུང་བཟང་པོ་གཏོར་འདོད་ཀྱི་དམིགས་ངན་གྱི་ཕྱོགས་མང་ཙམ་གྲུབ་ཚར་བ་ལྟར་ཡོད་པ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།