choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འཇོ་མདའི་ཝ་རྭ་དགོན་གྱི་དགེ་འདུན་པ་དྲུག་འཇུ་བཟུང་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༠ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཉེ་དུས་ཁམས་འཇོ་མདའ་རྫོང་ཁོངས་ཀྱི་ཐོན་ཕུད་ཤང་དུ་ཡོད་པའི་ཝ་རྭ་དགོན་གྱི་དགེ་འདུན་པ་བཞི་ས་བྱི་ལོའི་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་བཞུགས་པ་དང་ལས་འགུལ་གྱི་སྣེ་ཁྲིད་འགོ་གཙོ་ཡིན་པའི་དྭོགས་གཞི་འོག་དོ་དམ་འཇུ་བཟུང་བྱས་ཡོད་འདུག

གཞན་ཡང་དགོན་པའི་ལས་འཁུར་དགེ་འདུན་པ་གཉིས་ཀྱང་དགོན་པའི་གྲ་མང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཡག་པོ་མ་བརྒྱབ་པ་མ་ཟད། ༢༠༠༨ལོའི་ཝ་རྭ་དགོན་གྱི་དགེ་འདུན་པ་ཚོ་ཡར་ལངས་བྱེད་དགོས་པའི་བསྐུལ་སློང་བྱེད་མཁན་གྱི་རྒྱབ་ཏུ་ཡོད་པའི་དྭོགས་གཞི་འོག་ས་གནས་རྫོང་གི་སྤྱི་བདེ་མི་སྣས་འཇུ་བཟུང་བྱས་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༠ཕྱི་ཟླ་༥ཚེས་༡༥དང་༡༦ཉིན་གཉིས་ཀྱི་ནང༌། ས་གནས་འཇོ་མདའ་རྫོང་ཐོན་ཕུད་ཤང་ནང་ཡོད་པའི་ཝ་རྭ་དགོན་གྱི་དགེ་འདུན་པ་མི་གྲངས་དྲུག་ཙམ་སྔ་རྗེས་སུ་ས་གནས་རྫོང་གི་སྤྱི་བདེ་ཉེན་རྟོག་ཚན་པ་བརྒྱ་སྐོར་ཞིག་དགོན་པར་ཡོང་སྟེ་འཇུ་བཟུང་གིས་བཙན་འཁྲིད་བྱས་ཡོད་འདུག་

ཕྱི་ཟླ་༥ཚེས་༡༥ཉིན་གྱི་མཐོ་རེངས་ཆུ་ཚོད་༣ཙམ་ལ་ས་གནས་རྫོང་གི་སྤྱི་བདེ་ཉེན་རྟོག་པ་བརྒྱ་སྐོར་ཞིག་ཝ་རྭ་དགོན་པའི་ཕྱོགས་བཞིར་བསྐོར་རྗེས་གསང་སྟབས་ཀྱི་སྒོ་ནས་ཉེན་རྟོག་མི་སྣ་ཁག་ཅིག་དགོན་པའི་ནང་དུ་འཛུལ་ཏེ་དགེ་འདུན་པ་འཕྲིན་ལས་རང་ལོ་༼༢༥༽དང། སྣང་སྲས་རང་ལོ་༼༢༧༽ཡིན་པ་ཁོང་གཉིས་གྲྭ་ཤག་ནས་འཇུ་བཟུང་བྱེད་སྐབས་ཤག་རོགས་བསོད་མགོན་༼༢༦༽ཡིན་པ་ཁོང་གིས་ལམ་སེང་སྐད་ཆེན་པོས་ཉེན་རྟོག་པས་གང་བྱུང་འཇུ་བཟུང་བྱེད་ཀྱི་འདུག་ཅེས་སྐད་བརྒྱབ་པར་བརྟེན་ཉེན་རྟོག་པས་གནམ་ལ་མེ་མདའ་གཉིས་ཙམ་བརྒྱབ་ནས་འཇིགས་སྣང་སྐུལ་བ་མ་ཟད། གྲྭ་འཕྲིན་ལས་དང་སྣང་སྲས་གཉིས་འཇུ་བཟུང་བྱས་བ་དང༌། དུས་མཚུངས་གྲྭ་བསོད་མགོན་ནས་སྐད་བརྒྱབ་པ་ཙམ་གྱིས་ཁོང་ཡང་མཉམ་དུ་འཇུ་བཟུང་བྱས་ཡོད་པ་རེད་འདུག

 དེ་ཉིན་ཝ་ར་དགོན་པའི་གྲྭ་སྐལ་བཟང་འགྱུར་མེད་ལོ་༼༢༩༽ཡིན་པ་ཁོང་ཡང་འཇུ་བཟུང་བྱ་རྒྱུའི་ཁོངས་སུ་ཡོད་རུང་ཉེན་རྟོག་པས་ཁོང་དགོན་པའི་ནང་མ་བསྡད་པར་ཁྱིམ་དུ་ཡོད་པ་ཤེས་ཏེ་དེ་ཉིན་རང་ཉེན་རྟོག་ཚན་པས་ཁོང་ཁྱིམ་ནས་འཇུ་བཟུང་བྱས་ཡོད་འདུག གོང་གི་འཛིན་བཟུང་བྱས་པའི་དགེ་འདུན་པ་བཞི་ཝ་རྭ་གོན་པའི་བཤད་གྲྭའི་ནང་རིག་གནས་སློབ་གཉེར་བྱེད་ཀྱི་ཡོད་པ་རེད་འདུག

དེ་བཞིན་ཕྱི་ཟླ་༥ཚེས་༡༦ཉིན་གྱི་དགོང་མོར་བསྐྱར་དུ་འཇོ་མདའ་རྫོང་གི་ས་གནས་ཉེན་རྟོག་ཚན་པ་ཝ་རྭ་མ་དགོན་དུ་ཡོང་ནས་དགོན་པའི་དགེ་འདུན་པ་དྲག་གྲས་གཉིས་འཇུུ་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཝ་ར་དགོན་གྱི་གྲ་བསོད་མགོན་ལོ་༼༤༠༽དང། གྲ་བཀྲ་རྒྱལ་ལོ་༼༢༩༽ཡིན་པ་གཉིས་འཇུ་བཟུང་བྱས་ཡོད་པ་རེད། གྲ་བསོད་མགོན་ནི་དགོན་པའི་ལས་སྣེ་འཁུར་མཁན་གྱི་གྲྭ་དྲག་གྲས་ཤིག་ཡིན་པ་དང༌། ཕྱོགས་མཚུངས་གྲྭ་བཀྲ་རྒྱལ་ནས་དགོན་པའི་དགེ་བསྐོས་ཀྱི་ལས་སྣེ་འཁུར་བཞིན་ཡོད་འདུག

 སྤྱི་ལོ་༢༠༠༨ལོའི་ནང་ས་གནས་འཇོ་མདའ་རྫོང་དུ་ས་གནས་མི་མང་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བརྩམས་པའི་ནང་ཝ་རྭ་དགོན་གྱི་དགེ་འདུན་པ་མང་པོ་ཞིག་ཀྱང་མ་སྐུལ་དྭངས་བླངས་ཀྱི་སྒོ་ནས་དགོན་པ་ནས་རྫོང་དུ་ངོ་རྒོལ་བྱེད་དུ་བསྐྱོད་སྐབས་ལམ་བར་ནས་དྲག་ཆས་ཉེན་རྟོག་དཔུང་སྡེས་འགྲོ་ལམ་བཀག་སྟབས་ཝ་རྭ་དགོན་གྱི་དགེ་འདུན་པ་ཚོ་རྫོང་དུ་སླེབས་མ་ཐུབ་པར་དགོན་པར་ཕྱིར་ལོག་བྱེད་དགོས་བྱུང་འདུག

སྐབས་དེའི་ཝ་རྭ་དགོན་པའི་དགེ་འདུན་པ་ཚོ་རྫོང་དུ་འཁྲིད་མཁན་གཙོ་བོའི་གྲས་སུ་ཡོད་མེད་རྫོང་ནས་རྩད་ཞིབ་བྱེད་མུས་ཡིན་པ་མ་ཟད། ༢༠༡༠ལོའི་བོད་ལྕགས་སྟག་ལོའོ་ལོ་གསར་མ་སླེབས་ཙམ་གྱི་སྔོན་ལ་ཝ་རྭ་དགོན་གྱི་དགེ་འདུན་པ་ཆུང་ཤོས་གྲས་སུ་ཡོད་པ་མིང་ལ་འཇམ་དབྱངས་དཔལ་ལྡན་ལོ་༼༡༤༽ཡིན་པ་ཁོང་ཐེངས་གཉིས་ཙམ་འཇུ་བཟུང་བྱས་བ་དང༌། འཇུ་བཟུང་བྱས་ཐེངས་རེར་བདུན་ཕྲག་གཅིག་ཙམ་རིང་བཀག་ཉར་བྱས་རིང་རྡུང་རྡེག་དྲག་པོས་ཁོང་ལ་༢༠༠༨ལོའི་ཝ་རྭ་དགོན་པའི་དགེ་འདུན་པ་ཚོ་རྫོང་དུ་འཁྲིད་འགྲོ་མཁན་གཙོ་བོ་སུ་སུ་ཡིན་མིན་དྲི་ཞིབ་བྱས་ཀྱང་གྲྭ་འཇམ་དབྱངས་དཔལ་ལྡན་གྱིས་སྣེ་ཁྲིད་མི་སྣ་སུ་སུ་ཡིན་མིན་མ་བཤད་སྟབས་ཁོང་གློད་དགོས་བྱུང་ཡོད་འདུག

གྲྭ་འཇམ་དབྱངས་དཔལ་ལྡན་གྱི་ཁ་ནས་ཚིག་གཅིག་ཀྱང་མ་ཐོན་པར་བརྟེན་སླར་ཡང་རྫོང་གིས་ཝ་རྭ་དགོན་གྱི་གྲྭ་རྒྱལ་མཚན་ལོ་༼༡༦༽ཙམ་ཡིན་པ་ཁོང་གིས་ཉིས་སྟོང་བརྒྱད་ལོའི་ངོ་རྒོལ་སྐབས་༧པན་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་མི་མང་ལ་ལ་རྒྱའི་སྐོར་གྱི་དཀའ་སློབ་བསྩལ་གནང་པའི་གསུང་རྩོམ་ཁག་དཔར་བཤུས་བརྒྱབ་སྟེ་སྤྱར་འགྲེམས་བྱས་བའི་ཉེས་མིང་འོག་འཇུ་བཟུང་བྱས་ནས་བདུན་གཅིག་གཉིས་ཙམ་རིང་དྲི་ཞིབ་བྱས། ཁོང་ལའང་༢༠༠༨ཝ་རྭ་དགོན་གྱི་གྲྭ་མང་རྫོང་དུ་སྣེ་འཁྲིད་མཁན་སུ་ཡིན་མིན་འདྲི་ཞིབ་བྱས་ཀྱང་གནས་ཚུལ་དེ་དང་འབྲེལ་བའི་སྐོར་ཅི་ཡང་ཤེས་ཀྱི་མེད་ཅེས་གཏན་ནས་མ་བཤད་པར་བརྟེན་གྲྭ་འཇམ་དབྱངས་དཔལ་ལྡན་དང་རྒྱལ་མཚན་གཉིས་གློད་གྲོལ་གཏོང་དགོས་བྱུང་ཡོད་འདུག

འཇོ་མདའི་ཝ་རྭ་དགོན་གྱི་དགེ་འདུན་པ་སྔ་རྗེས་འཇུ་བཟུང་བྱས་པའི་དགེ་འདུན་པ་དྲུག་ཡོད་པའི་ནང་ནས་རེས་གཟའ་སྤེན་པའི་ཉིན་ཏེ། ཕྱི་ཟླ་༥ཚེས་༡༥ཉིན་འཇུ་འཇུ་བྱས་པའི་དགེ་འདུན་པ་བཞི་པོ་རྣམས་ད་ལྟའི་ཆར་འཇོ་མདའ་རྫོང་དུ་བཀག་ཉར་བྱེད་བཞིན་ཡོད་ནའང། རེས་གཟའ་ཉི་མའི་ཉིན་དགོན་པའི་ལས་སྣེ་འཁུར་མཁན་གྱི་དགེ་འདུན་པ་གཉིས་པོ་རྫོང་དུ་བཀག་ཉར་བྱས་མེད་པར་ཡང་སྙིང་གང་དུ་འཁྲིད་སོང་མིན་གྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད་པའི་གནས་ཚུལ་ཐོན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།