choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རིན་ཐང་ཆེ་བའི་ཅ་དངོས་རྒྱ་གཞུང་གིས་དབོར་འདྲེན་བྱས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༠ཉིན། འདི་གའི་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་སྐྱེ་དགུ་མདོར་ཡོད་པའི་སྭང་ཇི་ཡན་ཚོང་དོན་ཁང་གི་ཅ་དངོས་རིན་ཐང་ཅན་དེ་དག་རྒྱ་གཞུང་གི་ཉིན་༡༠རིང་ལྐོག་ཏུ་དབོར་འདྲེན་བྱས་སོང་ཟེར།

དེ་ཡང་སྐྱེ་རྒུ་མདོར་ས་ཡོམ་བྱུང་རྗེས་སྐྱེ་རྒུ་མདོར་ཡོད་པའི་སྭང་ཇི་ཡན་ཚོང་དོན་ཁང་(Sanjian Commercial Complex )ཟེར་བ་ཚོང་ཁང་ཆེ་ཁག་མང་པོ་ཡོད་པའི་ཁང་པ་ཐོག་རྩེགས་བཞི་ཙམ་ཡོད་པ་དེ་ས་ཡོམ་བརྒྱབ་རྗེས་སུ་སྐྱོན་ཆེན་པོ་དེ་ཙམ་བྱུང་མེད་སྟབས།  ཚོང་ཁང་དེའི་ཁོངས་སུ་ཡོད་པའི་ཚོང་པ་མང་ཁག་ཅིག་ནས་རང་སོ་སོའི་ཚོང་རྫས་རིན་ཐང་ཅན་རྣམས་བདག་གཅེས་ཆེད་ཕྱིར་འདྲེན་བྱ་རྩིས་བྱ་སྐབས་སྲུང་དམག་ཚོས་འཁྱེར་བཅུག་མེད་པ་དང༌།  ཚོང་ཁང་དེ་ཚོའི་སྲུང་སྐྱོབ་ལས་དོན་ཆ་ཚང་དམག་མིས་གྲུབ་ཀྱི་རེད་ཅེས་བཤད་དེ་ཚོང་ཁང་དེ་ཚོ་དམག་མིས་སྲུང་ནས་བསྡད་ཁུལ་བྱས་ཡོད་འདུག་ཀྱང༌།  ཚོང་པ་ཚོས་ཨུ་ཚུགས་བྱས་ཏེ་ཚོང་ཁང་ནང་ཡོད་གསེར་དངུལ་སོགས་རིན་གོང་ཆེ་བའི་ཅ་དངོས་ལེན་པར་འགྲོ་སྐབས་ཅ་དངོས་རིགས་དང༌།  དངུལ་སྒམ་སོགས་ཆ་ཚང་འོར་འདྲེན་བྱས་ཟིན་ཡོད་འདུག་པ་ལྟར་ཚོང་པ་ཚོས་ཅ་དངོས་འབོར་ཆེན་དེ་འདྲ་ཐེངས་རེ་གཉིས་རྐུན་མ་ཤོར་ཏེ་བྱུང་བ་ཞིག་མ་ཡིན་པར་རྒྱ་ནག་གཞུང་གིས་ཅ་དངོས་རིན་ཐང་ཅན་དེ་རྣམས་ཉིན་གྲངས་བཅུ་ལྷག་ཙམ་རིང་ལྐོག་ཏུ་དབོར་འདྲེན་བྱས་ཡོད་པའི་སྐོར་གླེང་སློང་ཤུགས་ཆེ་བྱ་གི་ཡོད་འདུག་པ་དང༌།  བྱ་སྤྱོད་ངན་པ་དེ་རིགས་རྒྱལ་སྤྱིའི་སྟེང་ཐེར་འདོན་ཡོང་ཐབས་ཚོང་ཁང་དེ་དག་གི་ཚོང་བདག་ཚོས་རེ་བ་ཤུགས་ཆེ་བྱ་གི་ཡོད་པའི་གནས་ཚུལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།