choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལྷ་ས་རུ་ཡིག་ཆ་པར་བཤུ་ཐད་དམ་དྲག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༩ཉིན། ཐའེ་ཝན་གསར་འགྱུར་ཞེས་པའི་དྲ་ཚིགས་སུ་གནས་ཚུལ་འཁོད་དོན་ལྟར་ན། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཡིག་ཆ་པར་བཤུ་ཐད་རྒྱ་གཞུང་གིས་ཁྲིམས་དང་སྒྲིག་གཞི་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

ཡིག་ཆ་པར་བཤུ་ཐད་ཀྱི་ལས་འགུལ་དེ་ལྟར་སྤེལ་དགོས་དོན་ནི། གཅིག་ནི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་འབྲེལ་བའི་ཡིག་ཆ་སོགས་གང་བྱུང་སྦྱར་འགྲེམས་མི་བྱེད་པ་དང༌། གཉིས་ནི་ཡིག་ཆ་སྦྱར་འགྲེམས་བྱས་ནའང་བརྩད་གཅོད་སྟབས་བདེ་ཡོང་བའི་ཆེད་དུའང་ཡིན་འདུག གལ་སྲིད་ལྷ་ས་རུ་གཏན་སྡོད་བོད་མི་དང༌། གནས་སྐབས་སྡོད་མཁན་སུ་ཞིག་ཡིན་རུང་ཡིག་ཆ་པར་བཤུ་བྱེད་དགོས་ཚེ། ངེས་པར་དུ་པར་ཁང་དེར་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག

བདུན་ཕྲག་འདིའི་གཟའ་ལྷག་པ་ཉིན་ལྷ་ས་རུ་ཉེན་རྟོག་པ་ཞིག་གིས། ས་གནས་སྲིད་གཞུང་གིས་གང་མགྱོག་ཐོ་འགོད་ཀྱི་སྲིད་ཇུས་དེ་ལག་བསྟར་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད་པ་ལས། ག་དུས་ལག་བསྟར་འགོ་འཛུགས་བྱ་མིན་སྐོར་འགྲེལ་བརྗོད་གང་ཡང་བྱས་མི་འདུག

གཞན་ཡང་རུས་མིང་མཱ་ཞེས་མིང་ཆ་ཚང་བརྗོད་འདོད་མེད་པའི་ལས་བྱེད་ཉེན་རྟོག་པ་ཞིག་གིས། འདི་ལོ་ཕྱི་ཟླ་༥པའི་ཚེས་༡ནས་འགོ་འཛུགས་ཏེ། ཉེན་རྟོག་པས་ལྷ་ས་རུ་༼ཡིག་ཆ་པར་བཤུ་ཚོང་ལས་ཁང་༽དེ་དག་ལ་རྟོགས་ཞིབ་བྱས་ཡོད་པ་རེད། ང་ཚོས་གནད་དོན་དེ་འགོ་འཛུགས་མ་བྱས་པའི་སྔོན་དུ་ལས་དོན་མང་པོ་ཞིག་ཆགས་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་ཉིན་རེའི་གསར་འགྱུར་ནང་གནས་ཚུལ་སྤེལ་བར་ལྟར་ན། ཡིག་ཆ་པར་བཤུ་དེ་ལྷ་ས་གཏན་སྡོད་དང༌། གནས་སྐབས་སྡོད་མཁན་ཁོ་ནའི་པར་བཤུ་བྱེད་ཆོག་གི་ཡོད་འདུག་ལ། དེ་ཡང་པར་བཤུ་སྐབས་མིང་དང་སྡོད་གནས་ཁ་བྱང་ཆ་ཚང་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག

ལྷ་ས་རུ་ཡོད་པའི་ཡུང་ཁང་པར་ཁང་གིས་ལས་བྱེད་པ་ཞིག་གིས་ཁ་པར་བརྒྱུད་འགྲེལ་བརྗོད་གནང་དོན། སྤྱིར་ད་ལྟ་ཡིག་ཆ་པར་བཤུའི་ཐོ་འགོད་སྒྲིག་གཞི་སྐོར་བརྡ་ཐོ་གང་ཡང་འབྱོར་མ་བྱུང༌། འོན་ཀྱང་ད་ལྟ་ཡིག་ཆ་པར་བཤུ་དེའི་རིགས་ཞབས་ཞུ་སྒྲུབ་བཞིན་མེད། གང་ཡིན་ཟེར་ན་དཔེར་ན་ང་ཚོས་བོད་ཡིག་ཤེས་ཀྱི་མེད་དུས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསལ་བཤད་བྱས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།