དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


པཎ་ཆེན་སྐུ་གོང་མའི་སྲས་མོས་ས་ཡོམ་གྱི་གནོད་ཕོཌ་ཁུལ་དུ་རོཌ་སྐྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༥ཚེས་༡༨ཉིན། འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བུ་མོ་རིག་འཛིན་དབང་མོ་ལགས་ཀྱིས་ཁམས་སྐྱེ་དགུ་མདོའི་ས་ཡོམ་གྱིས་གནོད་སྐྱོན་ཕོགས་ཡུལ་དུ་ཕེབས་ཏེ་རྒྱ་སྒོར་ཁྲི་༢༠༣ཙམ་གྱི་ཟས་གོས་སོགས་ཀྱི་རོགས་སྐྱོར་གནང་ཡོད་པ་རེད།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༥ཚེས་༡༨ཉིན། འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བུ་མོ་རིག་འཛིན་དབང་མོ་ལགས་ཀྱིས་ཁམས་སྐྱེ་དགུ་མདོའི་ས་ཡོམ་གྱིས་གནོད་སྐྱོན་ཕོགས་ཡུལ་དུ་ཕེབས་ཏེ་རྒྱ་སྒོར་ཁྲི་༢༠༣ཙམ་གྱི་ཟས་གོས་སོགས་ཀྱི་རོགས་སྐྱོར་གནང་ཡོད་པ་རེད།

དེ་ཡང་ཟླ་སྔོན་མའི་ཟླ་མཇུག་སྟེ་ཚེས་༢༢ནས་༢༥བར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱིས་ཁམས་སྐྱེ་དགུ་མདོའི་ས་ཡོམ་གྱིས་གནོད་སྐྱོན་ཕོགས་ཡུལ་དུ་ཆེད་ཕེབས་གནང་ཏེ་རྒྱ་སྒོར་ཁྲི་༢༠༣ཙམ་གྱི་མ་གནས་རྩམ་པ་དང་མར། ཚ་དང་གུར། ཉལ་ཆས་དང་གྱོན་གོས་སོགས་རླངས་འཁོར་དགུའི་ནང་དུ་བླུགས་ཏེ་སྐྱེ་དགུ་མདོའི་ས་ཡོམ་གྱི་གནོད་སྐྱོན་ཕོགས་པ་རྣམས་ལ་རོགས་སྐྱོར་གནང་ཡོད་པ་དང༌། ད་དུང་ཁོང་དང་མཉམ་དུ་ཁམས་ལི་ཐང་སོགས་ནས་བླ་མ་དང་དགེ་འདུན་པ་ཚོས་གཙོས་མདོ་ཁམས་ཀྱི་ས་ཁུལ་གཞན་ནས་ཕེབས་པའི་རོགས་རམ་རུ་ཁག་ས་ཡོམ་གྱི་གནོད་ཕོགས་ཁུལ་དུ་ཆེད་ཕེབས་གནང་སྟེ་ཁུལ་དེ་དག་གི་མི་རྒྱུ་གཉིས་ཀར་གོད་ཆགས་ཕོགས་པའི་རང་རིགས་སྤུན་ཟླ་ཚོར་རོཌ་སྐྱོར་རྒྱ་ཆེ་གནང་བ་མ་ཟད། ཁུལ་དེ་དག་གི་སྤུན་ཟླ་རྣམས་ལ་ཐུགས་གསོ་དང་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་སོགས་མཆོད་འབུལ་ཡང་ཞུས་ཡོད་པ་རེད།

པཎ་ཆེན་སྐུ་གོང་མ་མཆོག་གི་སྲས་མོ་རིག་འཛིན་དབང་མོའི་གཟིགས་སྐོར་དེའི་སྐོར་ཁུལ་དེ་དག་གི་བོད་མི་ཚོས་གསུངས་གསལ་ལ་གཞིགས་ན། སྐྱེ་དགུ་མདོའི་བོད་མི་ཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་ས་ཡོམ་གྱི་གནོད་སྐྱོན་ཕོགས་ཁུལ་དུ་ཕེབས་རྒྱུའི་རེ་སྨོན་ཤུགས་ཆེ་བསྐྱོན་གནང་བར་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པ་དང༌། འོན་ཀྱང་ཐེངས་འདིའི་པཎ་ཆེན་སྐུ་གོང་མའི་སྲས་མོ་རིག་འཛིན་དབང་མོ་དུས་ཚོད་འདི་འདྲ་ཞིག་ཏུ་ཆེད་ཕེབས་གནང་སྟེ་ཕྱིའི་དངོས་པོ་ཟས་གོས་རོགས་སྐྱོར་ཙམ་མིན་པར་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྦྱིན་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་འདུག

རིག་འཛིན་དབང་མོ་ལགས་ཀྱིས་བོད་མི་དེ་ཚོ་བཀའ་སློབ་གནང་དོན། པཎ་ཆེན་སྐུ་ཕྲེང་༡༠པ་མཆོག་གི་ཐུགས་རྗེའི་བྱིན་རླབས་ཁྱེད་སྐྱེ་དགུ་མདོའི་བོད་མི་རྣམ་པ་ཚོར་སྔ་ནས་ད་བར་ཡོད་པ་དང༌། ངོས་ནས་ཀྱང་ཁྱེད་རྣམས་དང་མཉམ་དུ་གདུང་སེམས་མཉམ་བསྐྱེད་ཞུས་ཏེ་ཅི་ཐུབ་ཀྱིས་རོགས་འདེགས་ཞུ་རྒྱུ་ཡིན་ཞེས་དང༌། ང་ཚོས་ཤེས་རྟོགས་དགོས་པ་ཞིག་ལ། སྔ་ནས་ད་བར་ང་ཚོའི་ས་ཁུལ་འདིར་འབྱུང་བའི་གནོད་པ་རིགས་མང་པོ་བྱུང་ཡོད་པ་དང་དེ་དག་ཀྱང་ང་ཚོའི་མེས་པོ་རྣམས་ནས་དངོས་སུ་མྱངས་མྱོང་མཐོང་ཐོས་ཡོད་པ་ཞིག་ཡིན་ནའང༌། མི་རབས་ནས་མི་རབས་བར་ཁོང་རྣམས་ནས་ས་ཁུལ་འདི་བསྟེན་བཟུང་བྱས་པ་དང༌། རྩ་ཆེ་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞི་ཞིག་འཛུགས་བསྐྲུན་གནང་ཡོད་པ་རེད། དེར་བརྟེན་ང་ཚོ་སྐྱེ་དགུ་མདོའི་བོད་མི་ཚོས་དེ་རིང་ནས་སེམས་ནང་དུ་ཡིད་ཆེས་དང་སྙིང་སྟོབས་སླེབས་པ་བྱས་ཏེ་སྤྱི་ཚོགས་མཉམ་རུབ་ཀྱི་ཐོག་ནས་ས་ཁུལ་འདི་མ་འོངས་པར་སླར་ཡང་མཛེས་སྡུག་ལྡན་པ་ཞིག་མིག་ངོར་མཐོང་རྒྱུ་ཡོད་པ་ཞིག་གནང་དགོས་རྒྱུ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༨༢༠༡༠༢༠༣༦
སྲས་མོ་རིག་འཛིན་དབང་མོས་ཐུགས་རྒྱ་ཡངས་པོས་རང་མི་རིགས་ཀྱི་དཀའ་སྡུག་ལ་ཐུགས་འཁུར་ཆེར་བཞེས་ཀྱིས་རྒྱ་སྒོར་ཁྲི་༡༠༣ གྱིས་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་བསམ་དོན་འགྲུབ་ཐ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཞུ་ཞུ་ཞུ།

རྗེ་བརྩུན་འོད་དཔག་གི་རྣམ་འཕྲུལ་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྲས་མོ་རིག་འ᫇ᨑ᪄ᨋདབང་མོ་མཆོག་ནི་ང་ཚོ་ཕྱོགས་གསུམ་བོད་རིགས་སྤུན་ཟླ་ཡོངས་ཀྱི་ལས་དབང་དངོས་གྲུབ་ཉག་ཅིག་རེད་དེ་གང་འདྲ་ཟེ་རེད་ཞུས་ན་སྤྱི་ལོ་༡༢༨༨ལོ་ནས་བོད་ཀྱི་བླ་མ་ཆེ་ཁག་དང་སྐུ་ཕྲེང་རིམ་བྱོན་དང་ཀུན་གཟིགས་པན་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་ཡང་སྲིད་ངོས་འ᫇ᨑ᪄ᨋཞུ་སྲོལ་བུང་བ་རེད་ཡང་སྲིད་མཆོག་སྤྲུལ་རྣམ་པའི་རང་བཞིན་བཅོས་བཟོ་མེད་པར་སྐུ་གོང་མ་རྣམས་ཀྱི་བསྒྲུབ་རྒྱུར་ལུས་པའི་བྱ་གཞག་རྣམས་བསྒྲུབ་་གནང་བཞིན་ཡོད་པ་རེད་དེ་ནི་ཆོས་ཕྱོགས་ཁོ་ནའི་བྱེད་སྲོལ་ལམ་ལུགས་ཡང་དག་པ་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད་པ་རེད་དེར་བརྟེན་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས་ང་ཚོ་ཁ་བ་ཅན་པར་སྲས་མོ་རིག་དབང་མཆོག་གནང་བ་རེད་དེ་ནི་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཐུགས་རྗེའི་བྱིན་རླབས་ཡིན་པ་དེར་ཡིད་ཆེས་བློས་འགེལ་ཞུ་ཡི་ཡོད་པ་དེ་ལྟར་བྱས་ནས་ང་ཚོ་བོད་ཕྱོགས་གསུམ་སྤུན་ཟླའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་འབྲས་བུ་ཐོབ་རྒྱུ་དང་དེ་བཞིན་༢གོང་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་བསྒྲུབ་ཞུ་རྒྱུ་ནི་ང་ཚོའི་ཚེ་རབས་ཕྲེང་བ་ནས་ཕྲེང་བའི་འོས་འགན་དེ་རང་ཡིན་པ་ཚང་མའི་དགོངས་དབྱིངས་སུ་འཇགས་པར་ཞུ་་་་་སྤུན་ཟླ་ཚོ་ཡང་ཡང་མཇལ་བའི་སྨོན་འདུན་ཞུ།།

སྲས་མོ་རིག་འཛིན་དབང་མོ་ལགས་ལ་ཐུགས་རྗེ་ཆེ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།