choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

༼རི་བོང་བློ་ལྡན་༽ཞེས་པའི་འགུལ་རིས་བརྙན་འཕྲིན་ཐོག་མ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༧ཉིན། བོད་ནང་གི་གསར་གནས་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་འགུལ་རིས་བརྙན་འཕྲིན་ཐོག་མ་༼རི་བོང་བློ་ལྡན༽་ཞེས་པ་ཕབ་བསྐྲུན་ལེགས་འགྲུབ་བྱུང་ནས་མི་འགྱངས་བར་འགྲེམས་སྤེལ་བྱེད་རྒྱུ་རེད་འདུག

དེ་ཡང་༼རི་བོང་བློ་ལྡན་༽ཞེས་པ་ནི་རྒན་པ་རྣམས་བཤད་རྒྱུར་སྤྲོ་ཞིང༌། བྱིས་པ་རྣམས་ཉན་རྒྱུར་དགའ་བའི་གནའ་གཏམ་གྱི་རིགས་ཤིག་ཡིན་ལ། དེར་ལུང་བ་རེ་ལ་ཆུ་རེ་དང༌། སྡེ་བ་རེ་ལ་དཔེ་རེ་ཞེས་པ་ལྟར། བརྗོད་བྱའི་དོན་སྣ་མང་ལ་འཆད་ལུགས་ཡང་མི་མཐུན་པ་མང་པོ་ཡོད་འདུག  དེ་བས་མཚོ་སྔོན་གངས་རྩེན་རིག་གནས་ཁྱབ་སྤེལ་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་གིས་བརྗོད་གཞི་འདི་གཞིར་བཟུང་སྟེ། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་འགུལ་རིས་བརྙན་འཕྲིན་ཐོག་མ་༼རི་བོང་ བློ་ལྡན་༽ཞེས་པ་ཞིག་ཕབ་བསྐྲུན་བྱས་ནས། མི་འགྱངས་བར་བོད་ཁམས་ཡོངས་ཀྱི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་དང༌། སྒོས་སུ་གསར་དུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་དག་གི་སྤྱན་ལམ་དུ་འབུལ་རྒྱུ་རེད་འདུག

འགུལ་རིས་བརྙན་འཕྲིན་འདི་ནི་རྒྱ་ནག་གི་གར་སྟེགས་མཛེས་བཟོའི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་བློ་བཟང་ལགས་ ཀྱིས་སྒྲིག་བཟོའི་ལས་འགན་གཅུག་ལྕོགས་སུ་ཁུར་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་སྙིང་བཅུད་བསྡུ་ལེན་དང༌། དེང་རབས་ཚན་རིག་གི་ལག་རྩལ་གྱིས་ཟུར་བརྒྱན་ཏེ། ཟླ་བརྒྱད་ལྷག་གི་རིང་ལ་དཀའ་བ་སྤྱད་ནས་བསྐྲུན་པ་ཞིག་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༠༡༦༢༧
རྦད་དེ་ཡག་པོ་རང་རེད། མུ་མཐུད་དུ་འབད་པ་བྱོས། ང་ལ་གཅིག་སྤྲོད་རོགས་གནོང་། ཐུགས་རྗེ་ཆེའོ།

བརྗོད་གཞི་གཞན་ཁག་ལ་གཟིགས།