choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལྷ་ས་བར་སྐོར་དུ་ངོ་རྒོལ་སྐད་འབོད་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། བཙན་བྱོལ་ནས་ཕྱིར་ལོག་བྱེད་མཁན་བོད་མི་ཞིག་གིས་ལྷ་ས་བར་སྐོར་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར། ཉེན་རྟོག་པས་འཛིན་བཟུང་བཀག་ཉར་འོག་ད་ལྟའི་ཆར་གར་ཡོད་སོགས་གནས་ཚུལ་ཤེས་རྟོག་མེད་པ་ཆགས་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་པེ་ཅིང་གི་ཆུ་ཚོད་༣་༢༠ཐོག་ཕ་ཡུལ་མཚོ་བྱང་ཧའེ་ཡན་རྫོང་ནས་ཡིན་པའི་བསམ་འགྲུབ་རྒྱལ་མཚོ་ལགས་ཀྱིས་ལྷ་སའི་བར་སྐོར་ནང་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་བཟུང་བ་དང༌། སྟོད་གོས་ནག་པོ་ཞིག་གྱོན་ནས་༼བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མྱུར་དུ་ཕྱི་ཕེབས་རྒྱུ་དང༌། པན་ཆེན་རིན་པོ་ཆེ་གློག་བཀྲོལ་གཏོང་དགོས། ཡུལ་ཤུལ་ས་ཡོམ་གོད་ཆགས་ལ་རྒྱལ་སྤྱིའི་རོགས་རམ་བྱེད་དུ་བཅུག་དགོས་༽ཅེས་ངོ་རྒོལ་སྐད་འབོད་བྱས་པར། བར་སྐོར་ཉེན་རྟོག་པ་༧ ཙམ་གྱིས་འཛིན་བཟུང་དང་བཙན་ཁྲིད་བྱས་ཡོད་འདུག

བསམ་འགྲུབ་རྒྱལ་མཚོ་ལགས་ནི་འདི་ལོ་ལོ་ན་༢༨ཡིན་འདུག་པ་དང༌། ཕྱི་ལོ་༢༠༠༧ཟླ་༡༡པའི་ནང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཛུལ་ཞུགས་དང་སློབ་གཉེར་བྱས། ཕྱི་ལོ་༢༠༠༨ལོའི་ཟླ་༣པའི་ནང་བལ་ཡུལ་བརྒྱུད་ཕྱིར་བོད་ལ་ལོག འོན་ཀྱང་བལ་བོད་ས་མཚམས་༼འགྲམ་༽ཞེས་པའི་ས་གནས་དེར་འབྱོར་སྐབས། ཁོང་གིས་༧གོང་ས་མཆོག་གི་བཀའ་སློབ་དེབ་ཁ་ཤས་ཁྱེར་ཡོད་པར་བརྟེན་རྒྱ་ནག་གི་ས་མཚམས་ཉེན་རྟོག་དམག་མིས་འཛིན་བཟུང་ཐོག དུས་ཡུན་ཟླ་བ་གཅིག་ཙམ་གཞིས་ཀ་རྩེ་རུ་བཀག་ཉར་དང༌། དེ་རྗེས་ལྷ་སའི་གྲྭ་བཞི་བརྩོན་ཁང་དུ་བསྐྱལ་ནས་དེར་རུ་ཟླ་བ་༦ཙམ་བཙོན་འཇུག་བྱས་ཡོད་འདུག

འདི་ནི་ཉེ་ཆར་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆགས་ཐེབས་པ་ནས་བཟུང༌། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དོན་རྐྱེན་འོག་བོད་མི་འཛིན་བཟུང་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།