choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཁྱི་རྐུ་མཁན་གྱི་རྒྱའི་ཉེན་སྐྱོབ་དམག་མི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༣ཉིན། རྒྱ་མིའི་ཁ་དཔེར། ཁང་པ་མེ་སྐྱོན་ཤོར་དུས་བརྐུ་འཕྲོག་འབྱུང་ཞེས་པ་ལྟར། ཟླ་སྔོན་མའི་ནང་བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་སྐྱོན་ཐེབས་དུས་རྒྱའི་ཉེན་སྐྱོབ་དམག་མི་རྣམས་ཀྱིས་གནོད་ཐེབས་ས་ཁུལ་དུ་སྲོག་སྐྱོབ་ཀྱི་ལས་དོན་སྒྲུབ་པ་ལས། བོད་ཁྱི་རྐུན་ཁྱེར་སོགས་ཀྱི་ལས་ཞབས་ཆུང་རིགས་སྒྲུབ་ཡོད་པའི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཡོད་འདུག

དེ་ཡང་ཟླ་སྔོན་མའི་ཚེས་༡༤ཉིན་གྱི་ཞོགས་པའི་དུས་ཚོད་༧དང་སྐར་མ་༤༩སྟེང༌། མཚོ་སྔོན་ཞིང་ཆེན་ཟེར་བའི་མངའ་ཁོངས་ཀྱི་ཡུལ་ཤུལ་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་དགུ་ཅན་གྱི་ས་འགུལ་བརྒྱུགས་ཏེ། མི་༢༠༠༠ལྷག་རྐྱེན་ལམ་དང་༡༠.༠༠༠ལྷག་ལ་རྨས་སྐྱོན་ཚབས་ཆེན་སྤྲད་ཡོད་ཅིང༌། ས་འགུལ་ཁྲོད་ཡུལ་མི་བརྒྱ་ཆ་དགུ་བཅུའི་སྡོད་ཁང་བརྡིབས་སྐྱོན་བྱུང་ཡོད་པ་མ་ཟད། རྒྱུ་ནོར་ལ་གྱོང་གུན་དང་ཡུལ་མི་ལ་ཤི་རྨས་ཚབས་ཆེན་སྤྲད་ཡོད་འདུག རྒྱའི་ཉེན་སྐྱོབ་རུ་དཔུང་ཁག་གིས་གོད་ཆགས་བྱུང་ཡུལ་ན་བརྡིབས་སྐྱོན་བྱུང་བའི་སྡོད་ཁང་རིགས་བསྔོག་བཤེར་གྱིས་ཉེན་སྐྱོབ་ཀྱི་ལས་ཀ་སྒྲུབ་པ་ལས། བདག་པོ་ཤི་རྨས་སམ་བོར་བརླག་བྱུང་བ་དག་གི་བོད་ཁྱི་རྩ་ཆེན་དག་བརྐུ་ཁྱེར་བྱེད་པའི་ལས་ལ་བྲལ་ཡོད་འདུག

སྟོང་ལ་ཉེ་བའི་བོད་ཁྱི་གཅིག་གི་ཁྲོམ་རའི་གོང་ཚད་ནི་ཨ་སྒོར་༢༠༠༠ནས་༦༠༠༠བར་རེད་འདུག་ཅིང༌། རྒྱ་ནག་ཞིའི་ཨན་ནས་ཡིན་པའི་ཚོང་པ་ཞིག་གིས་དེ་སྔོན་ཨ་སྒོར་༥༠༠.༠༠༠ལྷག་སྤྲད་དེ་བོད་ཁྱི་ཞིག་ཉོས་འདུག་པ་མ་ཟད།  རླངས་འཁོར་༣༠ལྷག་གི་འགོག་སྲུང་འོག་གནམ་ཐང་དུ་སྐྱེལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)

རྒྱ་མི་མྱུར་སྐྱོབས་རུ་དམག་ནི་དོན་དངོས་ཐོག་རྒྱའི་མྱུར་རྐུ་དང་མྱུར་བཅོམ་རུ་དམག་རེད་དོ་དེ་ནི་རྒྱ་གུང་དམར་ཤོག་པ་ཚོའི་གོམས་གཤིས་བཅོས་ཐབས་མེད་པ་དེ་རེད་ས་ཡོམ་ཆགས་སྒོ་དེ་འདྲའི་᫇ᨋདྲག་དང་འཇིགས་སྐྲག་ཧ་ཅང་ཆེ་བའི་སྐབས་དེར་ཁྱི་་རྐུ་རྒྱ་དྲན་་པ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་དྲན་གསོས་པ་༡༩༥༩་ལོ་ནས་བཟུང་བོད་གཞུང་གི་རྩེ་རྣམ་རྒྱན་བང་མ᫇ᨕ᩶ᨋསོགས་བོད་ཀྱི་རྒྱུ་དངོས་རིན་ཐང་ཚད་མེད་དང་རྩ་ཆེའི་རིགས་ཚང་མ་རྐུ་འཁྱེར་བྱས་པར་རིན་གོང་ཚད་མེད་པ་རེད་ད་རེས་ཡུལ་ཤུལ་མདར་རྩེ་མདོ་ཟེ་བའི་ས་གནས་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་དུས་ཁྱིས་མི་ཚད་པའི་དངོས་རིགས་རྐུ་འཁྱེར་ཡོད་པ་གུང་ཇག་གི་ངོ་བོའི་ཐོག་ནས་ཐག་གཅད་ནས་ཤེས་ཐུབ་པ་ཞིག་རེད་རྒྱ་གུང་ཇག་རྩ་མེད་མ་གཏང་བར་ཁོ་པ་ཚོའི་བརྡུང་བཅོམ་འཕྲོག་སྲེག་གསོད་སོགས་ངན་རྒྱུ་བྱ་རྒྱུ་རེད་ན་ང་ཚོས་དམིགས་ཡུལ་རྩ་དོན་ཡིད་ལ་བཅངས་ནས་བོད་རིགས་ཡོངས་རྫོགས་ཀྱིས་ཀ་ཀོར་གླེང་མེད་ཐོག་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་གནང་རྒྱུ་གལ་འགངས་ཆེ་ཤོས་ནང་གི་ཆེ་ཤོས་ཡིན་པར་ངོས་འ᫇ᨑ᪄་དང་ལག་ལེན་ཟུང་འབྲེལ་གནང་དགོས་པར་འདུག་བྱས་པར་རྗེས་ཡོང་ངེས་དང་ཆུད་མི་བཟོས་བ་རེད་བཅས་དངབཀྲིས་བདེ་ལེགས་ཞུ་་མཇལ་ཡོང་སྐུ་ཁམས་བཟང་བའི་སྨོན་འདུན་ཞུ་གུས་བཟང་པོས༦་༡་༡༠་ལ།།


བོད་ཀྱི་འབྲོག་ཁྱི་རྐུ་མཁན་ནི་ཁོ་པ་ཚོའི་གཤིས་སྤྱོད་ཀྱི་རང་གཟུགས་རེད།

གོད་ཆགས་འདི་འདྲའི་ནང་ནས་རོགས་རམ་བྱེད་མི་ཐུབ་ནའང་རྐུན་བྱེད་རྒྱུ་ཅིག་ཅི་ལྟར་དྲན་པ་ཡིན་ནམ མི་ཆོས་རྩ་བྲལ་གྱི་གདོན་འདྲེ་དེ་དག



བརྗོད་གཞི་གཞན་ཁག་ལ་གཟིགས།