choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་སློབ་མའི་ཟས་བཅད་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༣ཉིན། འདིར་བཞུགས་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་༢༠༡༠ ཟླ་༤ ཚེས་༢༣ ནས་རྨ་ཆུ་བོད་སློབ་འབྲིང་གི་སློབ་ཕྲུག་ཚོས་དགོས་འདུན་དོན་ཚན་གཉིས་བཏོན་ཏེ་ཟས་བཅད་ངོ་རྒོལ་བྱས་འདུག

གོང་ཚེས་ཉིན་ནས་རྫོང་བོད་རིགས་སློབ་འབྲིང་གི་སློབ་ཕྲུག་ཚོས་སློབ་གྲྭའི་སྒོ་རའི་ནང་ཟས་བཅད་ངོ་རྒོལ་བྱས་ཏེ་དགོས་འདུན་གཉིས་བཏོན་ཡོད་འདུག ༡༽འཛིན་བཟུང་དང་ལས་གནས་ཕབ་པའི་སློབ་གཙོ་གསུམ་གྱི་གོ་གནས་བསྐྱར་གསོ་བྱེད་དགོས་པ་དང༌། ༢༽སློབ་གྲྭའི་ནང་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་མཚམས་འཇོག་གིས་གང་མགྱོགས་རྒྱུན་ལྡན་གྱི་སློབ་ཁྲིད་འགོ་འཛུགས་བྱ་དགོས་པའི་དགོས་འདུན་འོག་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག 

ས་གནས་གཞུང་འབྲེལ་ཡོད་དཔོན་རིགས་ཚོས་སློབ་གྲྭའི་དགེ་རྒན་ཚོར་སློབ་ཕྲུག་ཚོའི་ཟས་བཅད་ངོ་རྒོལ་མཚམས་འཇོག་ཡོང་ཐབས་ཀྱི་སློབ་གསོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་འདུག

ཕྱི་ལོ་༢༠༡༠ ཟླ་༤ ཚེས་ ཉེར་གཉིས་ཡས་མས་སུ་ཕ་ཡུལ་མུ་ར་ནས་ཡིན་པའི་སློབ་ཕྲུག་བུ་མོ་ཞིག་དང༌། མཛོད་དགེ་ཉིན་མ་ནས་ཡིན་པའི་སློབ་མ་གཅིག་སློབ་གྲྭ་ནས་ཕྱིར་འབུད་བྱས་ཡོད་འདུག  ཁོང་གཉིས་སློབ་གྲྭ་ནས་ཕྱིར་འབུད་བྱེད་དོན་ནི། སློབ་གཙོ་རྣམ་པའི་གོ་གནས་ཕབ་ལེན་དང་་སློབ་མ་ཚེ་རིང་དོན་འགྲུབ་དང་ཐུབ་བསྟན་ཉི་མ་གཉིས་སློབ་གྲྭ་ནས་ཕྱིར་འབུད་དང་འཛིན་བཟུང་བྱས་པ་དྲང་བདེན་དང་ཁྲིམས་མཐུན་མིན་པའི་གནས་ལུགས་དྲང་བརྗོད་བྱས་པའི་ཡིན་འདུག

དེ་བཞིན་༼རེ་བའི་རྐང་ལམ་༽ཚགས་པར་གྱི་རྩོམ་སྒྲིག་པ་མུ་ར་དགོན་གྱི་གྲྭ་གསུང་རབ་འཛིན་བཟུང་བྱས་རྗེས་ཁོང་གི་གྲོགས་པོ་མུ་རུ་དགོན་རྨ་ཡུལ་བསམ་གཏན་ཆོས་འཁོར་གླིང་གི་གྲྭ་སྦྱིན་པ་དང་སངས་རྒྱས། གྲགས་ལྡན། མཁྱེན་དཔལ་རྣམས་ས་གནས་མངགས་གཏོང་ཁང་དུ་ཡང་ཡང་འབོད་འགུག་གིས་གྲྭ་གསུང་རབ་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་འདྲི་བརྩད་དང་བསུན་གཙེར་བྱེད་མུསབཅས་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།