choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཕྱི་སྡོད་བོད་མིས་ས་ཡོམ་གོད་ཆགས་ལ་ཞལ་འདེབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།   ཕྱི་ལོ་༢༠༡༠ཟླ་༤ཚེས་༢༧ཉིན། བོད་ཤར་ཕྱོགས་མདོ་ཁམས་སྐྱེ་དགུ་མདོར་ས་ཡུམ་གྱིས་གནོད་འཚེ་ཆེན་པོ་བྱུང་བ་ལ་བརྟེན་ནས་གང་ས་ནས་རོགས་སྐྱོར་འབྱོར་དང་འབྱོར་མུ་ལྟར་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཨ་སྒོར་༧༣༠༠༠ཞལ་འདེབས་གནང་ཡོད་པའི་སྐོར་རྒྱ་གཞུང་གིས་གསར་ཁང་ཤིན་ཧྭ་ཟེར་བས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་གསར་ཁང་གིས། གོང་གསལ་གྱི་ཞལ་འདེབས་རྣམས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང༌། ཡང་ན་རྒྱལ་ཡོངས་གཞན་ཕན་ཚོགས་པ་བརྒྱུད་ནས་ས་ཡོམ་གྱིས་གོད་ཆགས་ཕོགས་ཡུལ་ངེས་འབྱོར་ཐུབ་བ་བྱེད་རྒྱུ་ཡིན་ཚུལ་ཡང་སྤེལ་ཡོད་པ་རེད།  ཨ་རི་ལ་ཡོད་པའི་བོད་ཀྱི་གཞས་མ་གྲགས་ཅན་དབྱངས་ཅན་ལྷ་མོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཞུང་ལ་གསུངས་དོན། ཞལ་འདེབས་རྣམས་སྐྱེ་དགུ་མདོར་ངེས་པར་དུ་རོགས་རམ་བྱེད་དགོས་པ་མ་ཟད། སྐྱེ་དགུ་མདོ་ནི་ཆོས་དང་རིག་གཞུང་ཐོག་བོད་ལ་ཧ་ཅང་གི་གལ་གནད་ཆེ་བའི་ས་ཆ་ཞིག་ཡིན་པ་དང་དུས་རབས་བདུན་པ་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ཝུན་ཤིང་ཀོང་ཇོ་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་བར་ཕེབས་སྐབས་ས་ཆ་དེ་ཕེབས་ལམ་དུ་ཁེལ་ཡོད་པས་མ་ཚད། ས་ཆ་དེ་ལ་བཞུགས་མྱོང་ཡང་ཡོད་པ་རེད། དེར་བརྟེན་ས་ཆ་དེ་ནི་ཆོས་དང་རྒྱལ་རབས་ལོ་རྒྱུས་ཐོག་ཧ་ཅང་གི་གལ་གནད་ཆེ་བའི་གནས་ཤིག་དང༌། ལོ་ངོ་༨༠༠ཙམ་གྱི་ལོ་རྒྱུས་ལྡན་པའི་གྲགས་ཅན་གྱི་དགོན་པ་ཞིག་ཀྱང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྒྱལ་ཕྱིའི་བོད་མི་རྣམ་པར་བཀའ་དྲིན་ཞུ་ཀི་ཡོད།

བརྗོད་གཞི་གཞན་ཁག་ལ་གཟིགས།