choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

དྲག་ཆར་གྱིས་རྐྱེན་པས་སློབ་ཕྲུག་གཉིས་བརླགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༧ཉིན། ཁ་སང་གཟའ་ཟླ་བ་ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཤར་ཕྱོགས་རྫ་ཡུལ་ཁུལ་དུ་དྲག་ཆར་ཆུ་ལོག་གིས་འཐུང་ཆུ་དང་གློག་སོགས་གནོད་འཚེ་ཆེན་པོ་བཏང་ཡོད་པས་མ་ཚད། སློབ་ཕྲུག་གཉིས་བརླགས་ཡོད་འདུག

ཡང་ཁོང་ཚོས་རེས་གཟའ་ཉི་མ་ཉིན་འགྲེལ་བརྗོད་བྱས་པར་ལྟར་ན། དྲག་ཆར་གྱིས་རྐྱེན་པས་ས་ཉིལ་བ་དང༌། རྦབ་རྡོ་ལྷུང་བ་བཅས་ཀྱིས་གཞུང་ལམ་གཏོར་སྐྱོན་ཐེབས་ནས་འགྲིམ་འགྲུལ་བཀག་ཡོད་པ་མ་ཚད། ཡིག་ཟམ་ཡོངས་སུ་འགག་ནས་ད་ལྟའི་ཆར་ཕྱི་ཕྱོགས་སུ་སྐུད་མེད་ཁ་པར་ཁོ་ནའི་ལམ་ནས་ལས་གཞན་འབྲེལ་བ་གནང་ཐུབ་ཀྱི་ཡོད་པ་མ་རེད་ཟེར།

ཟླ་འདིའི་ཚེས་༢༣ཉིན་རྫ་ཡུལ་ཁུལ་དུ་དྲག་ཆར་གྱི་ཆུ་ལོག་དེའི་རྐྱེན་གྱིས་ཁང་པ་ཞིག་གཏོར་བཤིབས་བཏང་བ་དང༌། གཞན་ཡང་གློག་འཕྲིན་དང་འགྲིམ་འགྲུལ་སོགས་ལ་གནོད་སྐྱོན་ཚབ་ཆེན་ཐེབས་པ།  མ་ཚད་སློབ་ཕྲུག་ཞིག་ཀྱང་ཆུས་འཁྱེར་ཡོད་པའི་སྐོར་ས་གནས་སྲིད་གཞུང་ཟེར་བ་དེའི་ལས་བྱེད་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་རེད། ཡང་ཁོང་གིས་སློབ་ཕྲུག་གཞན་ཞིག་ཀྱང་བརླགས་ཡོད་པའི་རྐྱེན་གྱིས། མི་མང་པོས་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད་ཟེར།

གོང་གི་མི་སྣ་དེས་དུས་ཡུན་རིང་བའི་དྲག་ཆར་དེའི་རྐྱེན་གྱིས་མི་གྲངས་༢༠༨ཙམ་གནས་སྤོ་བྱེད་དགོས་པ་གྱུར་ཡོད་ཅེས་བརྗོད་པ་ལས་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་རེད།

རྫ་ཡུལ་ནི་ད་ལྟའི་ཆར་ཀོང་པོ་ཉིང་ཁྲི་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་དང༌། ལྷ་ས་ལས་བར་ཐག་ལེ་དབར་༩༦༠ཙམ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།