choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲི་དང་མེ་མདའ་ཚང་མ་འཁྱེར་ཤོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༦ཉིན། བཞུགས་སྒར་དྷ་ས་གནས་བཞུགས་བོད་མི་ཞིག་གིས་འབྲེལ་ཡོད་ཀྱི་ཁ་པར་བརྒྱུད་གནས་ཚུལ་ཤོད་གསལ་ལྟར་ན། ཚ་བ་དཔའ་ཤོད་རྫོང་རག་འོག་ཤང་ཁུལ་དུ་རྒྱ་གཞུང་གི་ལས་བྱེད་མི་སྣ་ཡོང་ནས། མི་སེར་རྣམས་ལ་གྲི་དང་མེ་མདའ་ཚང་མ་འཁྱེར་ཤོག་ཅེས་བཀའ་ཕབ་ཡོད་འདུག

དེ་ཡང་ཉེ་ཆར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མཆོག་ཡུལ་ཤུལ་ས་ཡོམ་གནོད་འཚེ་ཕོག་ཡུལ་དུ་ཕེབས་རྒྱུ་ཡིན་པའི་སྐོར་གྱི་སྐད་ཆ་ཞིག་བོད་ས་སྟོད་སྨད་ཡོངས་སུ་རྒྱ་ཁྱབ་ཏུ་ཕྱིན་ཡོད་པ་དེའི་དབང་གིས། ༼རྒྱ་དོགས་པའི་ཕུང་༽ཟེར་བའི་དཔེ་ལྟར། བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཡང་ལང་སྐད་འབོད་བྱ་རྒྱུའི་ཡིན་པའི་དོགས་གཞི་འོག་དགོས་མིན་གྱིས་དཔའ་ཤོད་རྫོང་དང་ཤང་གི་ལས་བྱེད་མི་སྣ་རག་འོག་ཤང་ཁུལ་གྱི་གྲོང་སྡེ་ཁག་ཏུ་ཡོང་ནས། གྲི་དང་མེ་མདའ་ཚང་མ་གཞུང་ལ་རྩིས་འབུལ་བྱེད་དགོས་པ་དང་། ༧གོང་ས་མཆོག་དང་བོད་རང་བཙན་ལ་ངོ་རྒོལ་དང༌གྲི་དང་མེ་མདའ་མེད་ཚུལ་ས་རྟགས་རྒྱག་དགོས་སྐོར་བརྗོད་ཡོད་འདུག་ཀྱང༌། མི་སེར་ཚོས་དེ་ལས་ལྡོག་སྟེ་ཁ་ལན་སློག་འདུག

དེའི་ཁུལ་མིང་བརྗོད་འདོད་མེད་པའི་ཕོ་གསར་ཞིག་གིས་ང་ཚོར་མེད་མདའ་མེད། མེ་མདའ་ཡོད་མཁན་ནི་ཁྱེད་ཚོ་རེད། ང་ཚོར་གྲི་ཡོད། གྲི་ནི་ཚལ་གཏུབ་བྱེད་ཡིན་ཞེས་ཁ་ལན་སློག་ཡོད་འདུག སྐབས་དེར་ལས་བྱེད་རྣམས་ཅི་བྱ་གཏོལ་མེད་ཀྱིས་ཕྱིར་ལོག་བྱས་ཡོད་འདུག་ཀྱང༌། ཡང་བསྐྱར་ཁོང་ཚོས་ཕྱིར་ཁ་པར་བརྒྱུད་གང་མགྱོག་ལས་བྱེད་མི་སྣ་གྲོང་ཚོའི་ནང་བསྐྱར་དུ་གནད་དོན་དེའི་སྐོར་ཡོང་རྒྱུ་ཡིན་པས། རྗེས་སུ་མི་སུ་ཞིག་གིས་ས་རྟགས་མ་རྒྱག་ཚེ་ལས་སླ་མོར་འཇོག་རྒྱུ་མིན་ཚུལ་སྡིག་ར་ཡང་སྐུལ་ཡོད་འདུག

ཡང་བོད་མི་ཚོས་ཁ་པར་བརྒྱུད་འགྲེལ་བརྗོད་གནང་དོན། ཁྱེད་ཚོ་རྒྱ་གར་དུ་ཡོད་པའི་བོད་མི་ཚོ་ནི་རང་དབང་གི་བདེ་བ་ཅན་གྱི་ཞིང་ཁམས་སུ་འབྱོར་ཡོད་པ་རེད། ང་ཚོ་ནི་རྟགས་ཏུ་རྒྱ་མིས་སུན་བཙིར་དང་མནར་གཅོད་འོག་འདུག་ཐབས་བྲལ་བ་ཞིག་རེད། འོན་ཀྱང་གྲོང་སྡེའི་མི་ཚང་མ་རྒྱ་གར་ཕར་ཞོགས། ལྷ་ས་ལ་ཡང་གནས་སྤོར་རྒྱུ་ཁག་པོ་རེད་ཅེས། འུ་ཐུག་པའི་སྐད་ཆ་མང་པོ་ཞིག་ངུ་སྐད་ཀྱི་ལམ་ནས་འགྲེལ་བརྗོད་དང་། ཡང་ཁོང་ཚོས་གནས་ཚུལ་འདི་དག་བོད་གཞུང་སོགས་ལ་ཞུ་ཐུབ་པ་བྱེད་རོགས་ཞེས་རེ་སྐུལ་ཡང་བྱས་བྱུང་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།