choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་རགས་རྒྱག་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༤ཉིན། རྒྱ་ནག་གཞུང་གིས་བོད་ནང་དུ་ཡར་ལུང་གཙང་བོར་ཆུ་རགས་རྒྱག་བཞིན་ཡོད་པ་གཞི་ནས་ངོས་ལེན་བྱས་འདུག་ལ། དེས་རྒྱ་གར་གཙོས་པའི་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཅིག་གི་འཐུང་ཆུ་ལ་དཀའ་ཉེན་འཕར་མ་ཞིག་སྤྲད་ཡོད་འདུག

དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཁའི་རེས་ཞི་ནས་ཉེ་ཆར་རྒྱ་ནག་ནང་ལ་འཚམས་འདྲི་གཟིགས་སྐོར་དུ་བསྐྱོད་འདུག་ཅིང༌། སྐབས་དེར་རྒྱ་ནག་པེ་ཅིན་གཞུང་གིས་ཁོ་ལ་ཡར་ལུང་གཙང་བོའི་ཆུ་རགས་ལས་འཆར་དེ་ངོས་ལེན་བྱས་ཡོད་འདུག་ལ། དེ་ལྟར་བྱེད་དོན་ནི་རྒྱལ་ཁབ་གཉིས་བར་ཡིད་རྟོན་བསྐྲུན་སླད་ཡིན་པ་ལས་དགོས་ངེས་ཆགས་མེད་ཚུལ་ཡང་བརྗོད་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཡར་ལུང་གཙང་བོར་ཆུ་རགས་རྒྱག་དོན་ནི་ཆུ་གློག་མཁོ་འདོན་བྱ་ཆེད་ཡིན་པ་ལས། ཆུ་བཀག་བསྐྱིལ་ལམ་ཆུ་མཛོད་རྒྱག་སླད་མིན། ཟེར། འོན་ཏེ་རྒྱ་ནག་གཞུང་ལ་ཡར་ལུང་གཙང་ཆུ་དེ་རྒྱ་ནག་བྱང་ཤར་གྱི་སྐམ་ས་ཁུལ་ཏུ་འཐེན་རྒྱུའི་ལྐོག་ཇུས་ཡོད་པ་ཁྱིམ་མཚེས་རྒྱལ་ཁབ་ཁག་དོགས་སྐྲག་སྐྱེས་བཞིན་ཡོད་པ་མ་ཟད། ནུབ་ཀྱི་ཆུ་ཡུར་ཞེས་ཕྱི་ལོ་༢༠༥༠ལོར་ད་གཟོད་ལེགས་གྲུབ་འབྱུང་སྲིད་པའི་ཆུ་རྐ་རྒྱ་ཆེན་པོ་ཞིག་ཀྱང་རྒྱག་རྩིས་ཡོད་པར་གླེང་སློང་བྱེད་ཀྱིན་ཡོད་འདུག

ཡར་ལུང་གཙང་པོའི་ཆུ་འགོ་བོད་ཡིན་ཞིང༌། གཙང་ཆུ་དེ་ཧི་མ་ལ་ཡ་རི་རྒྱུད་ཀྱི་བྲག་རོང་མང་པོ་བརྒྱུད་དེ་རྒྱ་གར་གྱི་ཨ་རིའུ་ན་ཅལ་མངའ་སྡེ་ནང་བཞུར་གྱིན་ཡོད་པ་དང༌། དེ་ནས་ཨ་སམ་ལུང་གཤོངས་བརྒྱུད་དེ་བྷང་ལ་ཌེ་ཞི་ནང་འབབ་ཀྱིན་ཡོད་པ་རེད་ལ། དེ་རྗེས་ཆུ་བོ་གྷང་གྷ་དང་ཆུ་རྒྱུན་འདྲེས་ནས་བྷང་ལ་ཌེ་ཞི་རྒྱལ་ཁབ་ཀྱི་ཞིང་ཆུར་འགྱུར་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༨༢༠༡༠༡༡༤༥
རྒྱ་གར་གཞུང་ནས་རྒྱ་གར་མི་མང་ལ་གནད་དོན་དེའི་ཐད་ཅིག་གནང་དགོས་པ་འདུག
1 ༢༥༢༠༡༠༡༦༠༠
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
གུང་ཁྲན་གྱི་ཡང་ཅི་ཞིག་བཟོ་འདོད་པ་ཡིན་ནམ། ཡང་ས་འགུལ་གཅིག་དmརངས་བསམ་པ་མིན་ནམ།བརྗོད་གཞི་གཞན་ཁག་ལ་གཟིགས།