choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྨ་ཆུ་ཁུལ་གྱི་དགེ་རྒན་༢༡ལ་དངུལ་ཆད་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༤ཉིན། འདི་ལོ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། ཉེ་ཆར་རྒྱ་གཞུང་གིས་དགེ་རྒན་༢༡ ལ་དགེ་རྒན་གྱི་ལས་འགན་ཇི་བཞིན་མ་འཁུར་བའི་ཉེས་འཛུགས་འོག་དངུལ་ཆད་ལྕི་མོ་བཀལ་ཡོད་འདུག

གནས་དོན་དེའི་སྐོར་འདི་གའི་གསར་ཁང་གི་ཉམས་ཞིབ་པ་རྨ་ཆུ་སྒྲོལ་དཀར་སྐྱབས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས།
ཉེས་པ་དེ་འདྲ་བཏང་དོན་གཙོ་བོ་ནི་རྒྱ་གཞུང་གིས་དགེ་རྒན་ཚོར་ཁྱེད་རང་ཚོས་སློབ་ཕྲུག་ཚོར་སློབ་གསོ་རྒྱག་རྒྱུའི་ཚབ་ཏུ་ངན་སྐུལ་བྱས་འདུག སློབ་གྲྭའི་དགེ་རྒན་ཞིག་གི་ལས་འགན་དེ་འཁུར་ཐུབ་མི་འདུག་ཅེས་ཁག་མདོག་དེ་འདྲ་བྱས་འདུག ཉེས་པ་བཏང་བ་དེ་དངུལ་ཁོ་ནའི་སྒང་ནས་ཡིན་ས་མ་རེད། དགེ་རྒན་ཁ་ཤས་ལ་ཟླ་བ་དྲུག་གི་གླ་ཆ་བཅག་པ་དང༌། ཁག་ཅིག་ལ་ལོ་གཅིག་གི་གླ་ཆ་བཅག་ཡོད་འདུག དེ་ཚོ་ཚོད་རྩིས་རྒྱག་ཡོང་དུས་ཁག་ཅིག་ལ་རྒྱ་མི་སྒོར་མོ་༦༠༠༠༠ཙམ་ཆགས་ཀྱི་ཡོད་པ་རེད་ལ། དམའ་ཤོས་ལ་ཡང་རྒྱ་སྒོར་༢༠༠༠༠ཙམ་ཆགས་ཀྱི་ཡོད་པ་རེད། ཁྱོན་ཆད་པ་གཅོད་སའི་དགེ་རྒན་གྲངས་༢༡ཡོད་པ་རེད།

ཡང་སློབ་གྲྭ་སྲུང་མཁན་དམག་མི་དང་སློབ་ཕྲུག་རྣམས་ཁ་ལག་ཟ་ས་གཅིག་པ་ཡིན་འདུག་ལ། ཁ་ལག་ཟ་ས་དེར་ཁ་སང་ཕན་ཚུན་འཁྲུག་པ་ཡང་ཤོར་ཡོད་འདུག གཞན་སློབ་ཕྲུག་གཉིས་ཕྱིར་ཕད་བཏང་ཡོད་པ་དེ་གཉིས་ནི་རྨ་ཆུ་དངུལ་རྭ་ནས་ཡིན་པའི་ཚེ་རིང་དོན་འགྲུབ་ཟེར་བ་ཞིག་དང༌། ཐུབ་བསྟན་ཉི་མ་ཟེར་བ་དེ་གཉིས་རེད། ཁོང་གཉིས་ལོ་ན་༡༧དང་འཛིན་རིམ་དམའ་འབྲིང་དང་པོའི་སློབ་ཕྲུག་རེད། ཁོང་གཉིས་ལ་འདི་ལོ་སྤྱི་ཟླ་༣པའི་ཚེས་༡༤ཉིན་སློབ་ཕྲུག་ཚོས་ཞི་བའི་སྐད་འབོད་བྱེད་པ་དེའི་འགོ་ཁྲིད་མཁན་རེད་ཅེས། སློབ་གྲྭ་ལས་ཕུད་པས་མ་ཚད། ད་ལྟ་རྨ་ཆུ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཕྱོགས་གཅིག་ནས་དགེ་སློབ་རྣམས་བརྩོན་འཇུག་དང་ཉེས་ཆད་བཏང་། ཕྱོགས་གཞན་ཞིག་ནས་ཁམས་སྐྱེ་རྒུ་མདོའི་སློབ་འབྲིང་རྣམས་ཚེས་ཉེར་གསུམ་བཟུང་རྒྱ་ནག་གི་གྲོང་ཁྱེར་ཧྲིང་ཀྲེང་དང་ཟི་ལིང་གུན་ཏུང་སོགས་གྲོང་ཁྱེར་མང་པོའི་ནང་ལ་གཞུང་གི་ལེན་བཞིན་ཡོད་འདུག དེ་རིང་སྐྱེ་དགུ་མདོ་སློབ་སྤྱི་ནས་སློབ་ཆུང་གི་ནང་མི་ལ་གསར་བསྒྲགས་ཞིག་སྤེལ་ནས་སློབ་གྲྭ་ལོ་རིམ་གསུམ་པ་ཡན་གྱི་ཕྲུ་གུ་ཚོ་རྒྱ་ནག་ནང་ལ་སློབ་སྦྱོངས་ལ་བཏང་ཆར་ཡོད་པས། ད་ལྟ་ནས་ཐོ་འགོད་བྱེད་དགོས་གང་མགྱོག་བཏང་དགོས་ཟེར་། མགྱོག་ན་ཕྱི་ཟླ་ནང་དང་དེ་མ་བྱུང་ན་ཟླ་བ་དྲུག་པ་ནས་བཏང་དགོས་ཟེར་། རྒྱ་ནག་ནང་ལ་གཏོང་འདོད་མེད་པ་ཡིན་ན་ཁ་ཤས་ཟི་ལིང་གི་ཉེ་འཁོར་ཨ་མདོ་སོགས་ལ་ཡང་བཏང་འཆར་ཡོད་ཞེས་བཤད་འདུག སློབ་ཡུན་ནི་ལོ་གསུམ་དང་བཞི་བར་ཡིན་པར་བཤད། མ་འོང་པར་བོད་ཕྲུག་དེ་ཚོ་ཡང་རྒྱ་ཕྲུག་བཟོ་འཆར་མིན་འགྲོ། དེ་ནས་མི་རིགས་ཀྱི་དཀའ་ངལ་ཆེ་ཤོས་ཞིག་ལ་ངོས་འཛིན་བྱེད་དགོས། གཅིག་ནས་ཕ་མ་འདས་གྲོངས་ལ་སོང་བའི་དྭ་ཕྲུག་དང་གཉིས་ནས་ཕ་མ་ཡོད་བཞིན་དུ་ད་ཕྲུག་བཟོ་འཆར་དང་། མཐའ་མཇུག་ནས་བོད་ཕྲུག་རྒྱ་ཕྲུག་དུ་བྱེད་ཆར་རྒྱ་གུང་ཁྲན་གྱི་འཆར་གཞི་གནག་བ་ལ།



བརྗོད་གཞི་གཞན་ཁག་ལ་གཟིགས།