choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གདུང་སེམས་ཀྱི་མ་ཎི་དབྱངས་རྟ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༣ཉིན། ༤.༡༤ཡུལ་ཤུལ་ས་ཡོམ་གོད་ཆགས་ཀྱིས་མི་གྲངས་སྟོང་ཕྲག་མང་པོའི་གཅེས་སྲོག་འཕྲོག་པ་མ་ཟད། གཞིས་ཁྱིམ་དྲོན་མོ་གྲངས་ལས་འདས་པ་རྩ་གཏོར་གྱིས་དྭ་ཕྲུག་གང་མང་ཞིག་སྐྱོ་གདུང་གི་གནས་སུ་སྦྱར་འདུག་ལ། གཞིས་ལུས་བོད་རིགས་ཤེས་ལྡན་མི་སྣ་དག་གིས་སྡུག་གི་མཆི་མ་ཁོག་ཏུ་མིད་བཞིན་མྱ་ངན་གྱི་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་འདུག

དེ་ཡང་བོད་ནང་གི་མིང་དུ་གྲགས་པའི་སྒྱུ་རྩལ་པ་དང་རྩོམ་པ་པོ་སྨན་བླ་སྐྱབས་ལགས་ཀྱིས་ཡུལ་ཤུལ་གནོད་ཐེབས་མང་ཚོགས་ལ་༼གདུང་སེམས་མཉམ་བསྐྱེད༽་ཞེས་པའི་མྱ་ངན་གཞས་ཚིག་ཅིག་བརྩམས་འདུག་ཅིང༌། གླུ་མ་གྲགས་ཅན་རིག་འཛིན་སྒྲོམ་མས་སྙན་འཇེབས་ལྡན་པའི་གདངས་དབྱངས་དང་སྡེབ་སྟེ་ངག་ཏུ་གྱེར་ཡོད་པ་རེད།

༼གདུང་སེམས་མཉམ་བསྐྱེད༽་ཀྱི་མྱ་ངན་གཞས་ཚིག་འདི་ལྟར།
ཆག་སྒོ་དང་ལས་གྱིས་འབྲེལ་བའི། ངའི་ནང་མི་སྤུན་ཟླ།
ལས་དབང་གིས་ཁ་ཁར་བཏང་བའི། ངའི་ཕུ་ནུ་མིང་སྲིང༌།
ང་ཡི་སྐྱོ་བ་ཁྱོད་ཀྱིས་མྱོང་གིན་ཡོད། ལུས་ཀྱིས་མྱོང་གིན་ཡོད།
ཁྱོད་ཀྱི་གདུང་བ་ངས་ཀྱང་མྱོང་གིན་ཡོད། སེམས་ཀྱིས་མྱོང་གིན་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
ངའི་ནང་མི་སྤུན་ཟླ། ངའི་ཕུ་ནུ་མིང་སྲིང༌།
ང་ཚོའི་སེམས་པ་ནམ་ཡང་མཉམ་དུ་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
ཚེ་སྲོག་གི་མཆོད་མེ་གཟིམ་པའི། ངའི་ནང་མི་སྤུན་ཟླ།
མཆོད་མེ་ཡི་ངོགས་སུ་ལུས་པའི། ངའི་ཕུ་ནུ་མིང་སྲིང༌།
ང་ཡི་སྐྱོ་བ་ཁྱོད་ཀྱིས་མྱོང་གིན་ཡོད། ལུས་ཀྱིས་མྱོང་གིན་ཡོད།
ཁྱོད་ཀྱི་གདུང་བ་ངས་ཀྱང་མྱོང་གིན་ཡོད། སེམས་ཀྱིས་མྱོང་གིན་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
ངའི་ནང་མི་སྤུན་ཟླ། ངའི་ཕུ་ནུ་མིང་སྲིང༌།
ང་ཚོའི་སེམས་པ་ནམ་ཡང་མཉམ་དུ་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༨༢༠༡༠༠༩༣༤
ཨ་ཀ་སྤེན་པ།
༡༽
སྡུག་བསྔལ་གྱི་གྲང་ངར་ཆེ་སར།
རྐྱེན་ངན་གྱི་བུ་ཡུག་འཚུབ་པའི།
ངའི་ཕ་ཡུལ། སྐྱེ་དགུ་མདོ།
སྔོན་མའི་ལས་དབང་གཅིག་ལ།
ད་ལྟའི་ཤ་ཁྲག་གཅིག་པའི།
ངའི་ཕ་མ་སྤུན་ཟླ། སེམས་པ་མ་སྐྱོ།
ཤི་བོ་ཡི་རྣམ་ཤེས་འདྲེན་པའི།
མུན་སེལ་གྱི་མཆོད་མེ་ལྷམ་ལྷམ།
ང་ཚོས་མཉམ་དུ་སྦར་ཡོད།
དཀོན་མཆོག་མཁྱེན། སྤྱན་རས་གཟིགས།
ཨོ྆་མ་ཎི་པདྨེ་ཧཱུྃ།
ཤི་བོ་ཡི་རྣམ་ཤེས་འཁྱམ་པོ།
ཁྱེད་ཉིད་ཀྱིས་འདྲེན་ཤོག
༢༽
བཙན་གནོན་གྱི་མུན་པ་མཐུག་སར།
གོད་ཆག་གི་བར་ཆད་བྱུང་བའི།
ངའི་ཕ་ཡུལ། སྐྱེ་དགུ་མདོ།
ཞི་བདེ་ཡི་ལྟ་གྲུབ་གཅིག་ལ།
གདོང་དམར་གྱི་ཤ་མདངས་གཅིག་པའི།
ངའི་ཕ་མ་སྤུན་ཟླ། སེམས་པ་མ་སྐྱོ།
དྭ་ཕྲུག་དང་རྨས་མའི་ཆེད་དུ།
གདུང་སེམས་ཀྱི་སྐྱིད་སྡུག་མཉམ་མྱོང་།
ང་ཚོས་མཉམ་དུ་བྱེད་ཡོད།
དཀོན་མཆོག་མཁྱེན། སྤྱན་རས་གཟིགས།
ཨོ྆་མ་ཎི་པདྨེ་ཧཱུྃ།
སེམས་གདུང་གི་རྨ་ཁ་ཡོད་ཚད།
ཁྱེད་ཉིད་ཀྱིས་གསོས་ཤོག

བརྗོད་གཞི་གཞན་ཁག་ལ་གཟིགས།