choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གནོད་ཐེབས་ཀྱི་འབྲེལ་ཡོད་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས༢༢ཉིན། ཟླ་འདི་ཚེས་༡༨ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལར་བོད་ནང་དུ་གནོད་ཐེབས་ཁུལ་གྱི་མི་མང་གི་ཉེ་འབྲེལ་དང་བུ་ཕྲུག་སོགས་འདིར་ཡོད་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་སློབ་ཕྲུག་རྣམས་ལ་སེམས་ཤུགས་དང་རེ་བ་བརླག་མི་རུང་བ། རྒྱུན་དུ་སྤོབས་པ་བསྐྱེད་ནས་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་ཅེས་བཀའ་སློབ་གནང་ཡོད་པ་རེད། སྐབས་དེར་ཁྱོན་སློབ་ཕྲུག་༤༠ཙམ་ཡོད་པའི་ནང་ནས། སློབ་ཕྲུག་བུ་༡༩དང་བུ་མོ་༢༡ཡོད་འདུག་ལ། གཞན་ཡང་སློབ་གྲྭའི་ལས་བྱེད་ཁག་ཅིག་མཉམ་དུ་མཇལ་ཁར་བཅར་ཡོད་པ་རེད།

ཟླ་འདིའི་ཚེས་༡༧ཉིན་༧གོང་ས་མཆོག་གི་བོད་ནང་དུ་ས་ཡོམ་གྱིས་གོད་ཆགས་ཐེབས་པའི་བོད་མི་རྣམས་ལ་འཚམས་འཕྲིན་བཀའ་སློབ་ཤིག་གནང་ཡོད་པ་དང༌། དེ་རྗེས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནང་ས་ཡོམ་གྱི་གོད་ཆགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་ཡོད་པ་རེད། 

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།