choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཨ་རིས་རྒྱ་གར་ལ་ཉེན་བརྡ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༢ཉིན། འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཙན་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་ལུགས། ཨ་རིས་རྒྱ་གར་ལ་ཤུལ་དུ་ཉེན་བརྡ་བཏང་འདུག

ཨ་རིའི་གཞུང་གིས་ཨ་རིའི་ཡུལ་སྐོར་བ་རྣམས་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ལྷག་པར་མི་མང་འདུ་འཛོམས་བྱེད་སའི་ཁྲོམ་རྭ་ཁག་ཅིག་ལ་བག་ཟོན་བྱེད་དགོས་སྐོར་ཉེན་བརྡ་བཏང་འདུག

ལྡི་ལི་རུ་རྒྱ་གར་ཉེན་རྟོགས་པའི་འགོ་གཙོས་༼འཇིགས་སྐུལ་བ་དེ་ཚོ་དེར་ཡོད་པ་རེད།༽ལ། དེའི་ཐད་དུ་༼ཉེན་རྟོགས་པ་མང་པོ་གྲ་སྒྲིག་ཨང་གསར་ཡོད་༽པ་རེད་ཅེས་རུའུ་ཊི་གསར་ཁང་གི་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་བྷན་ལོར་གྲོང་ཁྱེར་དུ་དབྱུག་རྩེད་པོ་ལོའི་ཐང་ཆེན་ཞིག་གི་ཕྱི་ལོགས་སུ་འབར་རྫས་བརྒྱབ་རྗེས། ཨ་རིའི་སློབ་སྟོན་པ་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། ཅའ་དྷི་ཅོབ་དང༌། ཀཱ་རོ་སྦ། སོགས་མི་མང་འདུ་འཛོམས་ཆེ་སའི་ཁྲོམ་རྭ་དང་ས་ཁུལ་ཁག་༥ཙམ་ཉེན་ཁ་སྐོར་གསལ་འདོན་བྱས་ཡོད་པ་རེད། དེ་བཞིན་ཨོ་སི་ཁྲུའུ་ལི་ཡས་ཀྱང་དེ་མཚུངས་སུ་ས་གནས་དེ་དག་ལ་འཇིགས་སྐུལ་དྲག་སྤྱོད་པའི་ཉེན་ཁ་ཡོད་ལུགས་སྔོན་བརྡ་བཏང་ཡོད་འདུག

ལྡི་ལི་ཉེན་རྟོག་དཔོན་དྷ་ཌ་ཝལ་ལགས་ཀྱིས་ང་ཚོས་ཉེན་སྲུང་ཐད་ནུས་ཤུགས་ཡོད་ཚད་གཏོན་ནས་གལ་གནད་དང་པོར་བརྩི་བཞིན་ཡོད། རྒྱ་གར་གྱིས་གོ་སྒྲིག་འོག་རྒྱལ་ས་ལྡི་ལི་རུ་ཡོང་ལ་ཉེ་བའི་འཛམ་གླིང་རྒྱལ་ཁབ་ཁག་༥༤ཙམ་གྱིས་རྒྱལ་སྤྱིའི་རྩེད་འགྲན་གྱི་སྔ་རོལ་དུ་ང་ཚོས་གནས་ཚུལ་གང་ཡང་ལྷག་བཅུག་ཆོག་གི་མ་རེད་ཅེས་བརྗོད་ཡོད་འདུག

ལྡི་ལི་རུ་དེ་སྔོན་ཕྱི་ལོ་༢༠༠༥ལོར་ཁྲོམ་ར་ཁག་གཉིས་ནང་འབར་གས་ཀྱིས་མི་༦༠བསད་པས་མ་ཚད། ཁྱོན་མི་གྲངས་༢༡༠ལ་རྨས་སྐྱོན་བཏང་ཡོད་འདུག་པ་དང༌། དེ་རྗེས་ཕྱི་ལོ་༢༠༠༨ལོར་འཇིགས་སྐུལ་བས་དྲག་སྤྱོད་འོག་མི་༢༠བསད་པ་དང༌། སྐབས་དེར་ཁྱོན་མི་གྲངས་༩༠ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱིས་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།