choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གནོད་ཐེབས་ཁུལ་རང་བཙན་འབོད་ན་གསོད་རྐྱང་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༢ཉིན། རྒྱ་ནག་རྩ་རླུང་སྒོམ་སྒྲུབ་ཚོགས་པས་གསར་སྐྲུན་གནང་བའི་༼དུས་སྐབས་༽ཞེས་པའི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ས་ཡོམ་ཁྲོད་༼རང་བཙན་གྱི་ལས་འགུལ་སྤེལ་མཁན།༽རྣམས་གསོད་པར་གོང་རིམ་གྱི་བཀའ་ཁྲོལ་མི་དགོས་ཟེར།

བོད་པའི་སྲོལ་རྒྱུན་དུ་ཚེས་ལས་འདས་ནས་བདུན་ཚིགས་གཅིག་འཁོར་བའི་ཉིན་མོ་དེར་དམིགས་བསལ་མཆོད་འབུལ་དང་བསྔོ་སྨོན་བྱེད་སྲོལ་ཡོད་པ་ལྟར། ཟླ་འདིའི་ཚེས་༢༠ཉིན་ས་ཡོམ་ཁྲོད་བོད་མི་མང་པོའི་ཚེ་སྲོག་ཤོར་ནས་བདུན་ཚིགས་གཅིག་འཁོར་བའི་ཉིན་མོ་དེར་གོད་ཆགས་ཀྱི་ཁུལ་དེར་བོད་པའི་བླ་མ་དང་དགེ་འདུན་པ་མང་པོ་གདན་ཞུ་འདུ་འཛོམས་ཀྱིས་མཆོད་འབུལ་བསྔོ་བ་བྱས་ཡོད་པ་རེད།

གཞན་ཡང་ཟླ་འདིའི་ཚེས་༢༠ཉིན་དེར་ཡོད་རྒྱ་གཞུང་གི་དམག་མི་ཞིག་གིས། གལ་སྲིད་ས་ཡོམ་གྱི་གོད་ཆགས་ཁྲོད་བོད་མི་སུ་ཞིག་གིས་རང་བཙན་གྱི་ལས་འགུལ་སྤེལ་ཚེ་ཁོང་དང་ཁོ་མོ་སུ་ཡིན་རུང་གསོད་པར་གོང་རིམ་དབང་འཛིན་པའི་བཀའ་ཁྲོལ་དགོས་ཀྱི་ཡོད་པ་མ་རེད་ཅེས། གོང་དུ་རྒྱ་ནག་གི་༼དུས་སྐབས་༽ཅེས་པའི་གསར་ཁང་དེའི་གསར་འགོད་པར་འབྲེལ་བརྗོད་བྱས་འདུག

ད་ནང་ཞོགས་པར་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ཁ་བ་ཤུགས་ཆེར་བབས་ནས་ས་གཞིའི་ངོས་སུ་ཁ་བས་ཁ་བའི་འདབས་མས་ཡོངས་སུ་གཡོག་ནས། དུ་སྤྲིན་དང་ཐལ་རྡུལ་རྣམས་རེ་ཞིག་མལ་དུ་གནན། འོན་ཀྱང་གྲངས་ངར་ཁྲོད་སྡོད་ཁྱིམ་དང་བྲལ་ནས། གྱོན་ཆས་དང་བཟའ་བཅའི་དབུལ་བའི་གནོད་ཐེབས་མི་མང་དང་། ལྷག་པར་བདག་མེད་དྭགས་ཕྲུག་རྣམས་བཟོད་དཀའ་བའི་གྲང་རང་གྱིས་བཙིར་བཞིན་ཡོད་འདུག

སྐྱེ་དགུ་མདོ་གྲོང་སྡེའི་དགེ་འདུན་པ་ཞིག་གིས་གནས་ཚུལ་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་སི་ཁྲོན་གྱི་ས་ཁུལ་ཁག་ནས་ཡོང་བའི་དགེ་འདུན་པ་༤༠༠༠༠ཙམ་ཡོད་པ་དེ་ཚོ་ཕྱི་ལོག་དགོས་པ་དང༌། དེ་མཚུངས་སུ་ས་གནས་གཞན་ཁག་ནས་ཕེབས་པའི་དགེ་འདུན་པ་རྣམས་ཉིན་གཉིས་དང༌། གཞན་རྣམས་ཁ་ཉིན་ཕྱི་ཚེས་༢༠ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤པའི་ཐོག་ས་གནས་དེ་ལས་ཐོན་ཚར་བ་དགོས་ཀྱི་ཡོད་པའི་སྐོར་བཙན་བཀའ་བཏང་ཡོད་པ་རེད། ས་གནས་དང་གྲོང་ཁྱེར་གཞན་ཁག་ནས་ཡོང་བའི་དགེ་འདུན་པ་དེ་ཚོ་ཕྱི་ལོག་བྱེད་དགོས་པ་ལས། ཉེན་སྐྱོབ་ཀྱི་ལས་འགུལ་ནང་ཞུགས་ཆོག་གི་ཡོད་པ་མ་རེད་ཅེས་བརྗོད་འདུག

བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས། དཀར་མཛེས་དང་སི་ཁྲོན་ས་ཁུལ་ཁག་ནས་ཡོང་བའི་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་རང་གནས་སུ་བཏང་ཡོད་པ་དང༌། གྲྭ་པ་གཞན་རྣམས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རང་གནས་སུ་ལོག་དགོས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག

ཡང་ཁོ་མོས་༧གོང་ས་མཆོག་བོད་ནང་གོད་ཆགས་ཕོག་ཡུལ་དུ་འཚམས་གཟིགས་ཕེབས་ཀྱི་རེད་ཅེས་པའི་འཆལ་གཏམ་དེར། རྒྱ་ནག་དམར་ཤོག་གཞུང་གི་དབང་འཛིན་པ་ཚོ་སེམས་ཁྲལ་བྱེད་བཞིན་ཡོད་པ་རེད་ཟེར།

ས་གནས་བོད་མི་འགུ་རུ་ཟེར་བ་ཞིག་གིས་ཉིན་གཉིས་ཀྱི་སྔོན་དུ་རླངས་འཁོར་སྟེང་འཕྲད་དར་ཐོག་ལན་ཀྲུའུ་དམག་སྒར་གྱི་མིང་བརྒྱབ་ཡོད་པའི་དམག་མི་རླངས་འཁོར་༡༥ཙམ་ཡོད་པའི་ཚོ་གཉིས་སླེབས་སོང༌། ཁོང་ཚོས་བཙན་ཤེད་ཐོག་གྲྭ་པ་རྣམས་ཕྱིར་ཕུད་བཏང་སོང་ཞེས་དང༌། ཡང་ས་གནས་མི་སེར་ཞིག་གིས་ས་ཁུལ་ཁག་ནས་གྲྭ་པ་སྟོང་ཕྲག་མང་པོ་ཡོང་ནས་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་མྱུར་སྐྱོབས་བྱས་ཡོད་པ་རེད། རྒྱ་གཞུང་གི་དམག་མི་རྣམས་ཟུར་དུ་བསྡད་ཀྱི་འདུག འོན་ཀྱང་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དམག་མི་དེ་ཚོའི་ལས་ཀ་བྱས་པ་ཁོ་ན་ལས་གྲྭ་པ་ཚོས་ལས་ཀ་བྱེད་བཞིན་པ་དེ་ཚོ་སྟོན་གྱི་གྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཉེ་ལམ་ང་ཡིས་ཐོས་པ་ལྟར། ཡུའུ་ཧྲུའུ་གནོད་ཐེབས་ས་ཁུལ་དུ་རོགས་བྱེད་དུ་མངགས་པའི་རྒྱ་གཞུང་དམག་གིས་ས་འོག་ནས་གནོད་ཐེབས་མི་ཡི་ངུ་སྐད་སོགས་ཐོས་ཀྱང་སྣང་མེད་དུ་འཇོག་གྱིན་འདུག་ཟེར། དེ་ནས་མང་ཚོགས་དང་གྲྭ་བ་དག་གིས་རང་ནུས་གང་ཡོད་ཀྱིས་ས་ཁར་འདོན་རྩིས་བྱས་ཀྱང་རེ་བ་དང་དུ་མ་བླངས་བས་གྲྭ་བ་དང་དམག་མིའི་བར་འགལ་བ་བྱུང་འདུག་ཅེས་ཁོ་མོས་ང་ལ་འཕྲིན་ཐུང་བསྐུར་ནས་ཐོན། མཐར་གྲྭ་བ་དག་རང་ཡུལ་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།