choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དགེ་རྒན་ཚོ་མ་བྲོས་ན་སློབ་མ་གཅིག་ཀྱང་འཆི་མི་སྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༡ཉིན། ས་ཡོམ་གྱི་གོད་ཆགས་ཐེབས་ཡུལ་དུ་ལོ་ན་༡༨ཡས་མས་སུ་ཡིན་པའི་སློབ་ཕྲུག་བུ་མོ་གཉིས་ངུ་འབོད་དང་ལྷན་དུ། འགྱེལ་ནས་འཐོར་ཞིབ་ཏུ་ཕྱིན་ཡོད་པའི་སློབ་གྲྭའི་ཁང་པ་ཕྱོགས་སུ་ངར་ངར་ཤོར་ཤོར་བྱེད་བཞིན་འདུག

དེ་རྗེས་ཁོང་གཉིས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། ད་ནང་ཞོགས་པ་ཆུ་ཚོད་༥པའི་ཐོག་ས་ཡོམ་སྐབས་སུ་དགེ་རྒན་ཚོས་སློབ་མ་རྣམས་ལ་ལྟ་སྐྱོང་དང༌། ཁང་པའི་ཕྱིར་ལོགས་སུ་འཁྲིད་ཡོད་པ་ཡིན་ན། སློབ་ཕྲུག་ཅིག་ཀྱང་ཤི་མི་སྲིད། འོན་ཀྱང་དེའི་སྐབས་སུ་དགེ་རྒན་རྣམས་ཕྱི་ལོགས་སུ་བྲོས་ཕྱིན་ནས་གཅིག་ཀྱང་མཐོང་རྒྱུ་མི་འདུག

ཉལ་ཁང་དུ་ཡོད་པ་སློབ་མ་གཅིག་ཀྱང་མ་ལུས་པ་བསད་ཡོད་པ་རེད། ཧ་ལམ་སློབ་མ་བརྒྱ་ལས་མང་བ་ཡོད་པ་རེད། དགེ་རྒན་ཁོང་ཚོ་ལ་འགན་ཡོད་པ་རེད། ཁོང་ཚོས་སློབ་མར་ལྟ་སྐྱོང་མི་བྱེད་པ་ཅི་ཕྱིར་ཁོང་ཚོ་གཅིག་པུ་བྲོས་ཕྱིན་པ་ཡིན་ནམ་ཞེས་འགྲེལ་བརྗོད་བྱས་སོང༌།

སློབ་གྲྭ་དེ་ནི་༼ཡུལ་ཤུལ་མི་རིགས་ཆེད་ལས་སློབ་གྲྭ་༽ཟེར་བ་དེ་ཡིན་འདུག་ལ། སློབ་གྲྭ་དེའི་ནང་ཁྱོན་སློབ་མ་༤༠༠ཙམ་ཡོད་འདུག སྐབས་དེར་ས་ཡོམ་སྐབས་སུ། སློབ་ཕྲུག་བུ་མོའི་ཉལ་ཁང་ཐོག་བརྩེགས་གཅིག་འགྱེལ་འདུག་ལ། ས་རྡོ་སྔོག་འདོན་ལས་སློབ་མ་༢༠ ཙམ་སྲོག་སྐྱོབས་ཐུབ་ཡོད་ཀྱང་ ༣༠ འཆི་སྐྱོན་བྱུང་ཡོད་འདུག འོན་ཀྱང་ད་ལྟ་ས་འོག་ཏུ་སློབ་ཕྲུག་ཇི་ཙམ་ཞིག་ལྷག་ཡོད་མེད་གཏན་ཁེལ་ཤེས་རྟོགས་མེད་པ་རེད།

དེ་རྗེས་ཉིན་གཉིས་ཀྱི་རྗེས་སུ་སློབ་ཕྲུག་བུ་མོ་གཞན་དེས་གསར་འགོད་པར་འགྲེལ་བརྗོད་གནང་དོན། ཁ་སང་དགུང་མོར་བརྡིབས་ནས་འགྱེལ་ཡོད་པའི་ས་རྡོའི་འོག་ཏུ་སློབ་མའི་སྐད་སྒྲ་གོ་ཡི་འདུག་ཅེས་འགྲེལ་བརྗོད་བྱས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རེ་བསྐུལ་འདི་ཨ་རི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་བཏང་རོགས་ཞུ།། འདི་ཟླ་ཕྱི་ཚེས་༢༡ཉིན་གྱིས་ཨ་རི་རླུང་འཕྲིན་གིས་ཀུན་གླེང་ནང་ལ་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་གནད་དུ་འཁེལ་བའི་བཀའ་མོལ་ཞིག་གནང་སོང་བ་དེ་ནི་ས་ཡོམ་ཁྲོད་ད་ཕྲུག་རྣམས་ས་གནས་དེ་རང་ལ་གནས་དགོས་པ་གསུང་སོང་དེ་ནི་ཧ་ཅང་གལ་ཆེ་ཡིན།
རྗེས་མ་ཕྱི་ཚེས་༢༣ཉིན་ཀུན་གླེང་གྲོས་མགྲོན་དུ་རྒྱ་གར་བཞུགས་པའི་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ངེས་པར་དུ་གདན་འདྲེན་གནང་རོགས་ཞུ། གང་ཡིན་ཟེར་ན་ཁོང་ནི་༡༩༥༩སྔོན་ལ་སྐྱེ་རྒུ་མདོ་ཡི་དཔོན་པོ་ཡིན་ལ་རྗེས་སུ་ཡང་ཡང་དེ་ཕྱོགས་ལ་ཕེབས་ཡོད་རེད་ཞུ།། ང་ཡི་དེ་ཕྱོགས་ལ་བཏང་ཤེས་གི་མི་འདུག
ཐུགས་རྗེ་ཆེ།
ཁྱོད་རང་དེ་འདྲའི་བྱམས་སེམས་ཅན་ཞིག་ཡིན་ན་གནོད་ཐེབས་ཁུལ་ལ་དངུལ་ག་ཚོད་བཏང་བ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།