དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལྟོགས་ཤི་ཐེབས་གྲབས་བྱས་བྱུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༡ཉིན། ས་ཡོམ་གྱི་གོད་ཆགས་བྱུང་ནས་བདུན་ཕྲག་གཅིག་ཙམ་ཕྱིན་ཡོད་པ་དང༌། ད་དུང་ཡང་ས་གནས་མི་མང་རྣམས་ཀྱི་དཀའ་ངལ་ཆུང་དུ་ཕྱིན་མེད་པ། ད་ལྟའི་ཆར་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་བཟའ་བཅའ་དང༌། གྱོན་ཆས། སྡོད་གུར་སོགས་མ་འདང་བའི་དཀའ་ངལ་ཐོག ཁ་མཐོའི་གྲངས་ངར་ཁྲོད་བུད་ཤིང་དང༌། འཐུང་ཆུ་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
གཤམ་དུ་གནས་ཚུལ་འདི་ནི་ཟིང་ལིང་གྲོང་ཁྱེར་གྱི་སློབ་མ་ཁག་ཅིག་གིས་སྐྱེ་དགུ་མདོའི་གནས་སྟངས་ངོ་སྤྲོད་བྱས་པ་ཞིག་རེད།
དེ་ཡང་སློབ་མ་བཀྲ་ཤིས་ལགས་ཀྱིས་བརྗོད་དོན། ང་ལ་ས་ཡོམ་བརྒྱབ་པའི་གནས་ཚུལ་དེ་ངའི་སྤུན་མཆེད་གཅིག་གིས་གསུངས་བྱུང༌། ཁོང་ནི་ཡུལ་ཤུལ་ཁུལ་དུ་དགེ་རྒན་བྱེད་བཞིན་ཡོད་པ་རེད། ཕྱི་ཟླ་༤པའི་ཚེས་༡༤ཉིན་གྱི་ཞོགས་པར་ཧ་ལམ་ཆུ་ཚོད་༥ཙམ་ལ་ས་ཡོམ་ཆུང་ཆུང་ཤིག་བརྒྱབ་ནས་མི་ཚོར་གཉིད་ལས་སློང་ཡོད་ཀྱང༌། མི་མང་པོ་ཞིག་ཡང་བསྐྱར་གཉིད་ཤོར་ཡོད་པ་རེད། དེའི་རྗེས་སུ་ཞོགས་པར་ས་ཡོམ་ཆེ་བ་དེ་བརྒྱབ་པ་རེད།

སྐབས་དེར་སློབ་ཕྲུག་མང་པོ་ཞིག་སློབ་གྲྭའི་ཐོག་བརྩེགས་འགྲམ་དུ་སློབ་ཚན་སྐྱོར་འདོན་བྱེད་བཞིན་ཡོད་པའི་སྐབས། རྩིབ་གྱང་ཁོང་ཚོའི་ཐོག་ཏུ་འགྱེལ་བས་མ་ཚད། སློབ་ཕྲུག་བུ་མོ་ཁ་ཤས་སློབ་གྲྭའི་ཟ་ཁང་ངམ་༼ཐབ་ཚང་༽ནང་ཆུ་ཁོལ་ལེན་པར་འགྲོ་སྐབས། ཐབས་ཚང་ཡང་བརྡིབས་ནས་ཁོ་ཚོ་ཚང་མ་བསད་ཡོད་འདུག དེ་ནས་ཉིན་གསུམ་རིང་ཤུལ་དུ་ལུས་པ་དེ་ཚོར་ཁ་ཟས་མེད་པ་ལུས་ནས་ཧ་ལམ་ལྟོགས་ཤི་ཐེབས་གྲབས་ཡང་བྱས་ཡོད་འདུག འོན་ཀྱང་ཉིན་གསུམ་རྗེས་སྟབས་བདེའི་ཐུག་པ་འབྱོར་ཡོད་འདུག་ཀྱང༌། ཁོང་ཚོར་གང་དུ་བསྡད་ཀྱང་གྱོན་གོས་དང་ཉམ་ཆས་འདང་ངེས་ཤིག་རག་ཡོད་མི་འདུག

རིན་ཆེན། ང་རང་སྨན་ཁང་དུ་ཕྱིན་ནས་གནོད་འཚེ་ཕོག་པའི་ནད་པ་རྣམས་ལ་རོགས་རམ་བྱས་པ་ཡིན།  འོན་ཀྱང་ང་རང་བོད་པ་ཞིག་ཡིན་པའི་རྐྱེན་གྱིས་ནད་གཡོག་པ་དེ་ཚོ་དང་འབྲེལ་བ་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ང་ཚོའི་སྐད་གདངས་མི་འདྲ་བ་ཞིག་རེད། དེ་མིན་ང་ཚོ་ཕན་ཚུན་གོ་བརྡ་འཕྲོད་ཀྱི་འདུག མི་ཚོས་ཁོང་ཚོར་བག་ལེབ་དང་ཆུ་སོགས་ཁྱེར་ཡོང་ནས་ཁོང་ཚོར་སྟེར་གྱི་འདུག

ཁོང་ཚོར་ཁ་ལག་ལེགས་ཙམ་དགོས་ཀྱི་འདུག སྨན་ཁང་གི་དྲུང་ཡིག་ལགས་ཀྱིས་མི་མང་པོ་ཞིག་དང་བླངས་ཐོག་ཡོང་གི་འདུག འོན་ཀྱང་ཁོང་ཚོར་ད་དུང་ལས་ཀ་འཇོན་པོ་དང་རོགས་རམ་ལེགས་པོ་བྱེད་ཐུབ་མཁན་དེ་འདྲ་དགོས་ཀྱི་འདུག་ཅེས་གསུངས་བྱུང༌།

སྒྲོལ་མ། ང་རང་འཛིན་གྲྭའི་སློབ་གྲོགས་ཚོ་དང་ལྷན་དུ་དང་བླངས་ཐོག་སྨན་ཁང་དུ་རོགས་རམ་བྱེད་པར་ཕྱིན་པ་ཡིན། ང་ཚོ་དེར་མཚན་གཅིག་བསྡད་པ་ཡིན། སྨན་ཁང་ནང་ནད་པ་ཧ་ཅང་མང་པོ་འདུག ནད་པ་ཁ་ཤས་འགུལ་བསྐྱོད་དང་གསང་སྤྱོད་ནང་འགྲོ་ཐུབ་ཀྱི་མི་འདུག་ལ། ཐ་ན་ཟ་མ་དང་ཆུ་ཡང་འཐུང་ཐུབ་ཀྱི་མི་འདུག ཁོང་ཚོ་གཉིས་ལས་སད་སྐབས་དངངས་སྐྲག་དང༌། གཉིད་ཁུག་དུས་འདྲེ་གནོན་ཡང་ཕོག་གི་འདུག ང་རང་གིས་ཞབས་ཞུ་བྱེད་སའི་ནད་པ་དེའི་ངོ་གདོང་དུ་སྨུག་ཐིག་བཟོས་འདུག་ལ། ཁོང་རང་ཉིད་ཀྱིས་རྐང་པ་ཡང་འགུལ་ཐུབ་ཀྱི་མི་འདུག སྨན་ཁང་དུ་ཡོད་པའི་ནད་པ་དེ་ཚོ་གྱོན་གོས་གཙང་མ་མི་འདུག་ལ། ཁོང་ཚོའི་གྱོན་བཞིན་པ་དེ་ཚོ་ནི་ཁྲག་གི་འཚོས་པ་ཞིག་རེད་འདུག

མཚོ་མོ། ངའི་འཛིན་གྲོགས་བུ་མོ་གསུམ་ནི་ཡུལ་ཤུལ་ནས་ཡིན། ཐེངས་འདིའི་ས་ཡོམ་གྱི་གོད་ཆགས་ཁྲོད་རྒྱུ་དངོས་སྨྲས་ཅི་དགོས། ཁོ་མོ་ཚོའི་གཉེན་ཉེ་དང་གྲོགས་ཕོ་མོ་མང་པོ་ཞིག་གི་གཅེས་སྲོག་ཤོར་ཡོད་འདུག འོན་ཀྱང་ལས་བཟང་པ་ཞིག་ལ་ཁོ་མོ་དག་གི་ཕ་མ་རྣམས་གསོན་ཡོད་པ་རེད། ད་ལྟ་ཁོ་མོ་གསུམ་འཛིན་གྲྭ་ལའང་ཡོང་མ་ཐུབ་པར་སྨན་ཁང་དུ་རང་ཉིད་ཀྱི་ཕ་ཡུལ་གཅིག་པའི་ནད་པ་དག་ལ་ཉིན་མཚན་དབྱེར་མེད་ཀྱིས་གཉོར་སྐྱོང་བྱེད་ཀྱིན་ཡོད་པ་རེད། མཚམས་མཚམས་ཁོ་མོ་ཚོ་སྨན་ཁང་ནས་ཚུར་སློབ་གྲྭར་དུས། ཁོ་ཚོ་ཐང་ཆད་དྲགས་ཏེ་ཉལ་མ་ཐག་ཏུ་གཉིད་ལ་ཡུར་འགྲོ་གིན་འདུག སྨན་ཁང་དུ་སྡོད་པའི་ནད་པ་རྣམས་ལ་ད་ལྟ་ཤ་ཉེ་སྤུན་མཆེད་སོགས་གང་ཡང་ཡོད་པ་མ་རེད། ངས་ཀྱིས་བྱམས་སྙིང་རྗེ་ལྡན་པའི་མི་རྣམས་ཀྱིས་ཁོང་ཚོར་རོགས་སྐྱོར་གནང་བའི་རེ་བ་རྒྱག་གིན་ཡོད། 

ཀླུ་མོས། ངའི་ཁྱིམ་མཚེས་ཉལ་ཁང་ལ་ཡུལ་ཤུལ་ནས་ཡོང་བའི་བུ་མོ་ཞིག་ཡོད། ཁོ་མོའི་ཕ་མ་གཉིས་ཐེངས་འདིའི་ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་རེད། དེ་བས་ཁོ་མོས་རང་ཉིད་ཀྱི་ཨ་མའི་མིང་བོས་ཏེ་ངུ་བའམ་མཚམས་ལ་རེར་ཅི་ཡང་མི་སྨྲ་བར་ཁ་རོག་གེར་སྡོད་ཀྱིན་འདུག ང་ཚོས་ཁོ་མོ་ལ་སེམས་གསོ་ཇི་ལྟར་བྱེད་དགོས་པའང་མི་ཤེས། མཚམས་རེ་ང་ཚོས་ཁོ་མོར་དེའི་སྐོར་སྐད་ཆ་བཤད་འདོད་ཀྱང༌། འོན་ཀྱང་ང་ཚོས་ཁོ་མོར་དེ་ལས་ཀྱང་སེམས་སྡུག་ཆེ་བ་བཟོ་སྲིད། བུ་མོ་དེ་ད་དུང་ཡང་འཛིན་གྲྭར་འགྲོ་བཞིན་འདུག འོན་ཀྱང་ཁོ་མོ་རྒྱུན་དུ་གཅིག་པུ་རང་སོར་བསྡད་ཀྱི་འདུག་པས། ང་ཚོས་ཁོ་མོར་དངོས་གནས་གནས་ཚུལ་ཅི་ཞིག་འབྱུང་ཡོད་མེད་ཤེས་ཀྱི་མི་འདུག

ཚེ་རིང་དང་མཚམས་གྲོལ། ས་ཡོམ་གྱི་སྲོག་ཉེན་ལས་ཐར་མཁན་ཞིག་གིས་ས་ཡོམ་སྐོར་འགྲེལ་བརྗོད་དང༌། ཁོང་གིས་རོགས་རམ་འོག་ང་ཚོ་ཟི་ལིང་ནས་ཡུལ་ཤུལ་དུ་ཕྱིན་པ་ཡིན། ཁོང་གིས་བཤད་དོན། ཞོགས་པ་ཆུ་ཚོད་༥ཙམ་ལ་གཉིས་ལས་ཚད་སྐབས་ས་འགུལ་བརྒྱབ་སོང༌། ངས་ས་ཡོམ་ཡིན་པ་ཤེས་རྗེས་ཡར་ལང་ཡང༌། གཉིད་ཅོག་བརྒྱབ་ནས་ཉམ་ཁྲིའི་སྒང་དུ་བསྡད་པ་ཡིན། ངའི་ཆུང་མ་ཡང་གཉིད་ཅོག་བརྒྱབ་ནས་ཉལ་ཁྲིའི་སྒང་དུ་བསྡད་སོང༌། ང་ཚོའི་མི་ཚེ་ནང་ལ་གཉིད་ཅོག་དེ་འདྲ་རྒྱག་མྱོངས་མེད། དེ་ནི་ཧ་ཅང་གི་ཡ་མཚན་ཞིག་རེད། ཡང་བསྐྱར་ཆུ་ཚོད་༧དང་སྐར་མ་༤༩ཐོག་ས་ཡོམ་ཆེ་བ་དེ་རྒྱག་སྐབས། ང་ཚོའི་ཁང་པ་དེ་དཀྲུག་དཀྲུག་བཏང་བྱུང་བས། ང་རང་གཉིད་ལས་དྭངས་སོང༌། ཁང་པ་མུ་མཐུད་ནས་གཡོལ་འགུལ་བྱས་བྱུང་བས། ངས་ཧོབ་ཏེ་ངའི་བུ་ཆེ་ཤོས་དང་ཆུང་མ་གཉིས་པོ་བཟུང་ནས་ཉལ་ཁྲི་ལས་མཆོང་ནས་ཕྱི་ལོགས་སུ་བྲོས་ཡོང་བ་ཡིན།

ང་ཚོ་སྒོའི་ཕྱི་ལོགས་སུ་སླེབས་མ་ཐག་ང་ཚོའི་ཁང་པ་འགྱེལ་སོང༌། དངོས་པོ་ལྗིད་ཁོག་ཅན་ཁ་ཤས་ངའི་མགོ་ལ་ཐེབས་ནས་དྲན་པ་འཐོར་སོང༌། དེ་ནས་དྲན་པ་སོས་རྗེས་ང་རང་ཁེ་རྐྱང་རེད་འདུག གང་ཡིན་ཟེར་ན། ང་ཡི་མཐོང་ཡུལ་བཀབ་ནི་ངས་མཐོང་ཐུབ་པ་ནི་ས་རྡུལ་ཁོ་ན་རེད་འདུག འོན་ཀྱང་ངས་ཁང་པ་རྣམས་འགྱེལ་བཞིན་པའི་སྒྲ་གོ་སོང༌། ས་ཡོམ་འཇགས་རྗེས་ངའི་བུ་མོ་དང་ཚ་བོ་གཉིས་ས་རྡོའི་ཁྲོད་དུ་ལྷུང་ནས་གྲོངས་འདུག འོན་ཀྱང་ཁྱིམ་ཚང་གི་མི་གཞན་རྣམས་བདེ་ཐོན་བྱུང་སོང༌། མི་གཞན་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་རེད་ཅེས་བརྗོད་བྱུང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་དང་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༢༦༢༠༡༠༡༩༠༠
བྲག་འགོ་དཀོན་མཆོག་དར་རྒྱས།
བཀླགས་ཟིན།
ཐེངས་འདིའི་ཡུལ་ཤུལ་ས་འགུལ་ཁྲོད་དུ། ངེད་ཅག་གི་དགེ་འདུན་པ་ཚོས་ནུས་པ་གལ་ཆེན་འཇོག་འདུག་མོད། རྒྱ་ནག་སྲིད་གཞུང་གིས་འདིའི་ཕྱོགས་ཀྱི་གནས་ཚུལ་གཅིག་ཀྱང་བཀོད་མི་འདུག
བོད་ཁྲི་ལོ་ཤིག
ཁྱོད་ལ་འདིའི་ཐད་ནས་ཐབས་ཤིག་ཨེ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།