choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གི་མྱ་ངན་བྱེད་སྒོ་དང་བོད་མིའི་སྐྱོ་གདུང་གི་སྨྲེ་ངག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༠ཉིན། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  ཡུལ་ཤུལ་ས་ཁུལ་ལ་བྱུང་བའི་ས་ཡོམ་ཁྲོད་ཚེ་ལས་འདས་པའི་ཡུལ་མི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བའི་ཕྱིར་དུ། ཟླ་འདིའི་ཚེས་༢༡ཉིན་རྒྱལ་ཡོངས་ཀྱིས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང༌།   རྒྱལ་ཡོངས་དང་ཕྱིར་སྡོད་གཞུང་ཚབ་ཁང་ཆེན་མོ་སོ་སོས་རྒྱལ་དར་མར་ཕབ་ནས་མྱ་ངན་ཞུ་བ་དང༌།   འདུ་ལོང་ཟང་ཟིང་གི་རོལ་རྩེད་མཐའ་དག་མཚམས་འཇོག་དགོས་པའི་གཏན་འབེབས་གནང་ཡོད། ཟེར།

དེ་ཡང་ཐེངས་འདིའི་ས་ཡོམ་གོད་ཆགས་ཁྲོད་ད་ལྟའི་བར་མི་གྲངས་༢༠༤༦ལྷག་ཚེ་ལས་འདས་ཟིན་ཞིང༌། མི་གྲངས་༡༩༥གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌། རྨས་མ་༡༢༡༣༥དང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་གྲངས་༡༤༣༤བྱུང་འདུག ཅེས་རྒྱ་གཞུང་གི་གསར་གནས་ཁག་ཏུ་གནས་ཚུལ་ཐོན་ཡོད་འདུག

རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཅ་ཆིན་ལིན་གྱིས་ཚེས་༡༩ཉིན་མགོ་འཛིན་བྱས་ཏེ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་གྲོས་ཚོགས་ཟེར་བ་ཞིག་བསྡུས་འདུག་ལ། གྲོས་ཚོགས་ཐོག་ཅ་ཆིན་ལིན་གྱིས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་ཤིང༌། གནོད་སེལ་རྒུད་སྐྱོབ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་མཚམས་སྦྱོར་བྱེད་དགོས་ལ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས། ཞེས་གཏམ་བཤད་སྤེལ་འདུག་མོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཟླ་འདིའི་ཚེས་༡༧ཉིན་གསལ་འགོད་གསལ་བསྒྲགས་ཤིག་གི་ཐོག་བསྩལ་བའི། 

དེ་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ། ཞེས་པའི་གསུང་བཤད་ཐད་ལ་རྒྱ་གཞུང་ཕྱོགས་ཀྱིས་ད་ལྟའི་ཆར་ཨ་ལན་ཅི་ཡང་སྤྲད་མི་འདུག་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུས་ྋགོང་ས་མཆོག་ཐུགས་རེ་རྒྱ་ནག་གིས་སྐོང་མིན་ཐད་ཀྱི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་མི་འདུག 

ས་ཡོམ་གྱི་གནོད་འཚེ་ཐེབས་ཡུལ་གྱི་བོད་རིགས་རྒྱ་ཆེའི་མང་ཚོགས་ཀྱིས། རྒྱལ་བ་རིན་པོ་ཆེ་འདིར་ཕེབས་པར་དགའ་བསུ་ཡོད། ཅེས་དང༌། རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ཏེ་རོགས་རམ་གནང་རོགས་མཁྱེན། ཞེས་དང༌། དེ་བཞིན་རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེ་འདིེར་ཕེབས་སུ་བཅུག་ཏེ་ངེད་ཅག་བོད་མི་ཚོའི་འཚོ་བ་གཟིགས་ཞིབ་དང༌། འདས་པོ་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་ཞུ་རུ་འཇུག་རོགས། ཞེས་རེ་སྐུལ་གྱི་སྨྲེ་ངག་འདོན་གྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཟླ་བ་བཞི་བའི་ཚེས་ཉེར་གཅིག་ཉིན་རྒྱ་ནག་རྒྱལ་ཡོངས་ཀྱིས། བཞི་གཅིག་བཞིའི་དོན་རྐྱེན་ཏེ་ཡུལ་ཤུལ་ས་ཡོམ་ཆེན་མོར་མྱ་ངན་ཞུ་སླད་རྒྱལ་ནང་དང་ཕྱིར་རྒྱལ་གཞུང་ཚབ་སོ་སོ་ནས་རྒྱལ་དར་མར་ཕྱེད་ཙམ་ཕབས་ནས། གྲུ་གཟིངས་དང་རླངས་འཁོར་སོགས་ཀྱིས་དུས་གཅིག་ཏུ་ཤུལ་ལུས་ཉམ་ཐག་ཚོ་ཡི་བླ་སྲོག་ལ་འགུལ་སྐྱོད་དང་། གཤིན་པོའི་རྣམ་ཤེས་འཁྱམས་པོ་ཚོས་ཀྱང་དར་ཅིག་ཅེར་གྱིས་གསན་དགོས་པའི་གདུང་འབོད་ཀྱི་དུང་བརྡ་དུས་གཅིག་ཏུ་བསྒྲག་རྒྱུ་ཐག་གིས་བཅད། ཡིན་ནའང། མི་རིགས་རང་ལུགས་པའི་ཆབ་སྲིད་ཀྱི་ཀླད་པ་མཁྲེགས་པོ་ཅན་དག་གིས། མིའི་ནུས་ཤུགས་ལས་འགོང་པའི་རང་བྱུང་གི་གོད་ཆག་དང་ལྡོག་ཏུ་མེད་པའི་ཆོས་ཉིད་བཙན་པོ་དག་གི་སྐབས་འདི་འདྲ་དང་། དུས་དེ་འདྲ་ལ་སླེབ་དུས་ཀྱང་། ཁོ་ཚོ་རིག་པ་གྲུང་མདོག་དང་དཔྱོད་པ་མཁས་མདོག་གིས་མིའི་རིགས་ལ་ལྷན་སྐྱེས་སུ་གྲུབ་པའི་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ཚོར་ཤེས་ལྷད་མེད་དག་ལ། ཡར་མར་བཅོ་བརྒྱད་བཤད་ནས་རྡོག་རོལ་གཏོང་རྐྱང་བྱེད་པ་ནི། ཁོ་བ་ཚོ་འདུ་ཤེས་ཀྱི་བྲན་གཡོག་བྱེད་རྒྱུ་མང་དྲགས་ནས་མིའི་ཤེས་པའི་རྟེན་གནས་གཙོ་བོ་ཀླད་པའི་ཕྱོགས་གཉིས་ལ་འདྲ་མཉམ་གྱིས་གཅེས་སྐྱོང་བྱེད་དགོས་པའི་གནས་ལུགས་ལ་རྨོངས་ཚོད་རེད། གང་ལྟར་ཡང་། འདི་འདྲའི་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་མྱ་ངན་གདུང་འབོད་བྱེད་ཐབས་ལ། འུ་ཚོའི་གཞུང་སྔོན་ལ་ཐོན་དགོས་ངེས་ཡིན་ཡང་། དྲན་རིག་རྒོད་པོ་ཚོ་ཤོར་ཟིན་པས། འདོད་མིན་ཇི་ལྟར་ཡང་། རྒྱ་ནག་རྒྱལ་ཡོངས་མྱ་ངན་སྲུང་བརྩིས་བགོད་འདོམས་བཞིན་འུ་ཚོའང་མ་ཕྱིན་ན་ཞབས་འདྲེན་དེ་ལས་ཀྱང་འཇོག་ཚོད་རེད།།



བརྗོད་གཞི་གཞན་ཁག་ལ་གཟིགས།