choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཐབས་ལམ་མི་འདྲའི་གདུང་སེམས་མཉམ་བསྐྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༠ཉིན། ད་ལྟའི་ཆར་ས་ཡོམ་གྱི་གནོད་འཚེ་འོག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་སུ་ཁྱོན་མི་གྲངས་༢༠༣༩ཚེ་སྲོག་ཤོར་ཡོད་འདུག་པ་དང༌། གཞན་ཡང་ས་ཡོམ་གྱི་གོད་ཆགས་ཕོག་ནས་ཉིན་༥ཡི་རྗེས་སུ་བྱིས་པ་ལོ་ན་༤ཅན་ཞིག་སྲོག་སྐྱོབས་བྱས་ཡོད་འདུག

མཚོ་སྔོན་ཁྲི་ཀ་རྫོང་གི་མང་ཚོགས་ཚོས་གནོད་འཚེ་ཐེབས་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས། རྒྱ་སྒོར་༡༥༠༠༠༠ཙམ་གྱི་མ་རྩ་གནས་པའི་༼བག་ལེབ་༽བསྲེགས་ནས་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་བགོ་འགྲེམས་བྱས་ཡོད་འདུག

དེ་བཞིན་བོད་ནང་དུ་ཡོད་པའི་དགོན་སྡེ་ཆེ་ཁག་སྟེ་སྡེ་དགེ་རྫོག་ཆེན་དགོན་པ་དང༌། གསེར་རྟ་བླ་རུང་ཆོས་སྒར་སོགས་ཀྱིས་གཙོས་དགོན་སྡེ་ཁག་གིས་དམིགས་བསལ་མི་རྒྱུ་གཉིས་ཀྱིས་རོགས་རམ་བླ་མེད་གནང་བཞིན་ཡོད་པའི་ནང༌། ད་ནང་ཞོགས་པར་གསེར་རྟ་བླ་རུང་ཆོས་སྒར་ནས་གྲྭ་པ་བརྒྱ་ཕྲག་ཁ་ཤས་ཀྱིས་ལྕ་དངོས་ཕོན་ཆེན་དང༌། དམིགས་བསལ་རྩམ་པ་རྒྱ་མ་༡༠༠༠༠༠གནོད་འཚེ་ཕོག་པའི་མི་མང་རྣམས་ལ་ཞལ་འདེབས་སུ་འབུལ་བར་བསྐྱོད་ཡོད་འདུག

ཕྱི་ཚེས་༡༩ཉིན་གྱི་དགོང་མོར་ཡུས་ཧྲུའུ་ས་འགུལ་གནོད་སེལ་རྒུད་སྐྱོབ་ཆེད་༼མཚོ་སྔོན་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་དགོང་ཚོགས་ཆེན་མོ་ནམ་ཡང་ཡིད་ཆད་མེད་པར་ཚེ་སྲོག་ལ་གུས་འདུད་ཞུ་༽ཞེས་པའི་འཁྲབ་སྟོན་དེ་ཟི་ལིང་གྲོང་ཁྱེར་དུ་ཚོགས་ཡོད་འདུག་ལ།  གཞས་སྣ་འཁྲབ་སྟོན་བྱས་པར་ཁྱོན་རྒྱ་སྒོར་ ༩༠༠༠༠༠༠༠༠ ༼དུང་ཕྱུར་དགུ་༽ ལྷག་འབྱོར་ཡོད་འདུག

སྐབས་དེར་རྒྱ་རིགས་འཁྲབ་སྟོན་པ་སྐད་གྲགས་ཅན་ཁྲན་ལུང་དང༌། ལི་ལིན་ཅུན་སོགས་དང༌། བོད་པའི་གླུ་པ་དང་གླུ་མ་གྲགས་ཅན། ཡ་དུང་དང༌། གཡུང་དྲུང་རྒྱལ། བསོད་རྣམ་དབང་མོ་སོགས་ཁྱོན་རྒྱ་བོད་གཉིས་ཀྱི་གླུག་པ་དང༌། གླུ་མ། སྒྱུ་རྩལ་བ། འཁྲབ་སྟོན་པ་བཅས་ཁྱོན་མི་གྲངས་༢༠ཙམ་ཆེད་ཕེབས་གནང་ཡོད་པ་རེད།

མཚོ་སྔོན་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཟླ་བ་ཉིན་ཕ་མ་རྐྱེན་འདས་གྲོངས་སུ་ཕྱིན་པའི་བུ་ཕྲུག་རྣམས་ཀྱི་ཆེད་དྭ་ཕྲུག་ཁང་ཞིག་གསར་འཛུགས་བྱས་ཡོད་འདུག་ལ། སྐབས་དེར་ཐོག་མར་བྱིས་པ་ལོ་ན་༡༡ནས་༡༦བར་གྱི་ཕ་མ་མེད་པའི་བུ་ཕྲུག་༣འབྱོར་ཡོད་འདུག ལོ་ན་༡༡ཅན་གྱི་བུ་མོ་དེ་ནི་སློབ་གྲྭ་འགྲོ་བའི་ལམ་བར་ནས་འཆི་སྐྱོན་གྱི་ཉེན་ཁ་ལས་ཐར་ན་ཡང༌། ཁོ་མོའི་ཕ་མ་གཉིས་ཀ་སྐབས་དེར་རྐྱེན་འདས་སུ་ཕྱིན་ཡོད་འདུག དྭ་ཕྲུག་ཁང་དེ་ལྟ་སྐྱོང་བྱེད་མཁན་སྨན་པ་དང་ཕ་མ་ཚོས་རྨས་སྐྱོན་ཕོག་པའི་བྱིས་པ་རྣམས་ལ་སྨན་བཅོས་དང༌། ད་དུང་བྱིས་པ་དེ་ལས་མང་བ་འབྱོར་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག

གཞན་ཡང་ཕྱི་ཚེས་༡༩ཉིན་རྒྱ་ནག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནོད་ཐེབས་ས་ཁུལ་ལ་ཁྱོན་བསྡོམས་མ་དངུལ་སྒོར་མོ་༦༢༠༠༠༠ཞལ་འདེབས་སུ་ཕུལ་ཡོད་ཟེར།

ཕྱི་ཚེས་༡༨ཉིན་སྲིད་འཛིན་ཧུའུ་ཅིང་ཐའོ་སྐྱེ་དགུ་མདོའི་དྭ་ཕྲུག་སློབ་གྲྭ་སོང་ནས་སློབ་གྲྭའི་སྒོ་སམ་༼ནག་པང་༽སྟེང༌། ༼སློབ་གླིང་གསར་པ་ཡོད་སྲིད། ཁྱིམ་གཞི་གསར་པ་ཡོད་སྲིད།༽ཅེས་པའི་ཡི་གེ་ཚིག་རྐང་གཉིས་དེ། ཕྱི་ཚེས་༢༠ཉིན་ཟིང་ལིང་རྟེན་མཛོད་ཁང་དུ་བསྐྱལ་ནས་ཉར་ཚགས་བྱ་རྒྱུ་རེད་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།། 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།